གངས་ལྗོངས་ནོར་བུ་བཟང་བོས་བོད་ཁམས་ཡོངས་ལ་ཡིག་གཟུགས་འགྲན་བསྡུར་སྤེལ་པའི་བརྡ་ཡིག
2016-11-23 01:33浏览数:909 


གངས་ལྗོངས་ཡིག་མཁན་རྣམ་པར་སྤྲིངས་བ།


   གངས་ལྗོངས་ནོར་བུ་བཟང་པོ་དྲ་བས་གཅིག་ནས་བོད་ཡིག་ཡིག་གཟུཌ་དར་སྤེལ་དང་གཉིས་ནས་ནོར་བུ་བཟང་པོའི་བྱ་བཞག་ཡར་ཐོན་ཆེད་བོད་ཀྱི་ཡིག་མཁན་དག་ལ་ཆེད་དུ་ཡིག་གཟུཌ་འགྲེམ་སྤེལ་དང་རང་ཉིད་ཀྱི་ཡིག་རྩལ་ངོམ་རྒྱུའི་གར་སྟེཌ་འདི་སྐྲུན་པ་ཡིན།


དུས་ཚོད།

  2016.11.23—2016.12.18བར་བརྩམས་ཆོས་དག་ངེས་བར་ནོར་བུ་བཟང་པོའི་རྟེན་གཞིར་འབྱོར་བ་བྱ་དགོས།

  2016.12.20—2016.12.27བར་ནོར་བུ་བཟང་པོ་རྟེན་གཞི་ནས་འགྲེམ་སྟོན་དང་སྐད་འཕྲིན་སྤྱི་སྟེགས་藏宝网购སྟེང་འདེམ་ཤོག་འཕེན་རྒྱུ།

  2017.1.1ཉིན་གཟེངས་རྟགས་ཁྱབ་བསྒྲགས་དང་བྱ་དགའི་དངུལ་སྤྲོད་རྒྱུ།


  ད་རེབ་"ནོར་བུ་བཟང་པོའི་ཡིག་མཁན"ཅེས་པའི་ཡིག་གཟུཌ་འགྲེམ་སྤེལ་འདི་ནོར་བུ་བཟང་པོ་སྤྱི་སྤེལ་ཁང་གིས་གཙོ་སྒྲུབ་བྱེད་པ་ཡིན་ལ། བོད་ནང་ཡིག་མཁན་འགའ་གདན་དྲངས་ནས་དཔྱད་འདེམ་དང་ནོར་བུ་བཟང་པོའི་རྟེན་གཞི་ནས་འགྲེམ་སྟོན་བྱ་རྒྱུ་མ་ཟད། ནོར་བུ་བཟང་པོའི་འཕྲིན་སྟེགས་ཐོག་འདེམ་ཤོག་སྤྱད་ནས་གཟེངས་རྟགས་སྤྲོད་རྒྱུ།

   ཨང་དང་པོའི་གཟེངས་རྟགས 1    སྒོར1000  ནོར་བུ་བཟང་པོའི་དཔང་ཡིག

   ཨང་གཉིས་པའི་གཟེངས་རྟགས 2   སྒོར500   ནོར་བུ་བཟང་པོའི་དཔང་ཡིག

   ཨང་གསུམ་པའི་གཟེངས་རྟགས 3   སྒོར300   ནོར་བུ་བཟང་པོའི་དཔང་ཡིག

   ཕུལ་བྱུང་གཟེངས་རྟགས    1   སྒོར500   ནོར་བུ་བཟང་པོའི་དཔང་ཡིག


ཡིག་མཁན་གྱི་དཔྱད་སྐར60%དང་འཕྲིན་སྟེགས་དཔྱད་སྐར40%སྤྱོད་རྒྱུ།


  "ནོར་བུ་བཟང་པོའི་ཡིག་མཁན"ཅེས་པའི་ཡིག་འགྲེམ་སྤེལ་ཀྱི་ནང་དོན་ལ་ངེས་པར་དུ་"ནོར་བུ་བཟང་པོ་དྲ་བ་"ཞེས་པའི་ཡིག་འབྲུ་དྲུག་འབུར་དུ་ཐོན་དགོས་ལ་དབུ་ཅན་དང་དབུ་མེད་ལ་ཚད་བཀག་གང་ཡང་མེད།

རང་རང་གིས་བྲིས་བའི་ཡིག་གཟུགས་སྔོན་ལ་པར་བརྒྱབ་ནས་གློག་རྡུལ་ཡིག་ཟམ་291206996@qq.comནང་བསྐུར་རྒྱུ་དང་། དེ་ནས་བྲིས་ཤོག་དངོས་དེ་ནོར་བུ་བཟང་པོའི་རྟེན་གཞིར་བསྐུར་ཡོང་དགོས།

   甘肃省甘南藏族自治州合作市民俗一条街三号楼

  藏宝网总部 龙布扎西(收)电话:18894564442

   邮编:747000

   བྲིས་ཤོག་སྟེང་དུ་ཡིག་མཁན་རང་རང་གི་མིང་དང་ལུང་པ་(དཔེར་ན། ཡར་ལུང་གྲགས་པ་ལྟ་བུ)གསལ་བོར་འབྲི་དགོས། ཡིག་ཟམ་ནང་དུ་ཁ་པར་དང་སྡོད་གནས་གསལ་བོར་འབྲི་དགོས།

  ནོར་བུ་བཟང་པོའི་ལས་སྣེ་ཁ་པར། 18894564442

   འཕྲིན་སྟེགས་ཀྱི་མིང་藏宝网购ཡིན།


会员登录
登录
我的资料
留言
回到顶部