གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྔོན་བྱོན་མཁས་པའི་ཡིག་གཟུགས་སྐོར་གྱི་ལེགས་བཤད།

2016-10-15 03:36浏览数:346 

བྲིས་ངན་མི་ཡིས་མི་ཆོད།།

ཞག་གསུམ་ལོན་ཚེ་གཞན་གྱིས་མི་ཆོད།།


                       སྲིད་པ་རྒན་པོ།



ཆུང་འདྲེས་བྱམས་པས་སྐུར་བའི།།


ཡིག་ཆུང་ཨ་ཀྱོག་པ་ཀྱོག།


རང་གིས་བལྟས་ན་མི་ཤེས།།


མི་ལ་བསྟན་ན་ངོ་ཚ།།

                             

                          ----ཁམས་པའི་གཞས་ཚིག



གང་དག་ཡི་གེ་འབྲི་བ་པོ།།


སྙོམས་གཙང་འགྲིག་གསུམ་ལྡན་པ་དང་།།


ལེགས་མགྱོགས་དག་གསུམ་དྲུག་ཚང་ན།།


མཁས་པའི་གོ་ས་ཐོབ་པ་ཡིན།།

                         

                                   འཇམ་མགོན་ས་པཎ་གྱིས།




སྲིན་བུ་དག་གིས་ཟོས་པའི་རྗེས།།


ཡི་གེ་བྱུང་ཡང་ཡིག་མཁན་མིན།།

                         

                               -----ས་པཎ་གྱིས།




རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།།


དཔལ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།

                         

                               རྗེ་བསྟན་དར་ལྷ་རམས་པས།



སྣག་ཤོག་སྨྱུ་གུ་མི་གཟབ་པར།།


ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ།།

                 

                                  འཇམ་མགོན་ཀོང་སྤྲུལ་གྱིས།




འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།།


དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།།

                   

                                  འཇུ་མི་ཕམ་གྱིས།




ཀ་ཁ་ཡི་གེ་འབྲི་ཀློག་ལ་མཁས་ན།།


ཁ་དང་ལག་པ་ཡོད་པའི་དོན་གོ་ཆོད།།


ག་རུ་སོང་ཡང་ཀུན་གྱིས་གོང་དུ་བཀུར།།


ང་ཚོས་སྦྱངས་པའི་འབྲས་བུའི་གཙོ་བོ་ཡིན།།

                     

                                -----རྒན་བློ་ཆོས་ཀྱིས།



འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།

 

དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།


                           བསྟན་དར་ལྷ་རམས་པས།


 

རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།  

དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།

                 

                              ཀུན་མཁྱེན་མི་ཕམ་རིན་པོ་ཆེས།



ཡི་གེ་དག་སྙོམས་མཛེས་གསུམ་ལས། །


མ་དག་སྐྱེས་བུ་སྙིང་མེད་འདྲ། །


མི་སྙོམས་རྐང་ལག་འཁྱོར་བ་འདྲ།།


མི་མཛེས་གོས་ངན་གྱོན་པ་འདྲ།།

དག་སྙོམས་མཛེས་གསུམ་ཆ་གང་ཡང་། །


མི་ལྡན་ལམ་ཁར་བོར་བ་ཡི། །


གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ།


དེ་ཕྱིར་སྔ་མ་སྔ་མ་གཙོ།


གསུམ་ཀ་འཛོམས་ན་བཞིན་མཛེས་པའི།།


དཔའ་བོ་ཟ་འོག་གོས་གྱིས་བཀླུབས། །


ལུས་དང་ཡན་ལག་ལྟ་ན་སྡུག།།

ཚོགས་པའི་ཁྲོད་དུ་འགྲིམ་པ་འདྲ།  


ཡི་གེ་སྦྱོང་འདོད་ཐོག་མ་རུ།།


འདི་འདྲའི་ཚུལ་གྱིས་ལམ་ལ་བཀྲི།།

                           

                                 ཚེ་ཏན་ཞབས་དྲུང་གིས།


 


ཅ་ལེ་ཅོ་ལེ་ཙམ་གྱིས་ཡི་གེའི་གཟུགས།།


ཆ་མི་སྙོམས་པའི་སྲིན་བུས་སུག་རྗེས་དང་།།


ཇ་སྡོང་ལྟ་བུ་བྲིས་པས་མི་ཕན་པས།།


ཉ་རྒྱས་ཟླ་ལྟར་མཛེས་པའི་ཡིག་གཟུགས་སྦྱོངས།།


བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་གསུང་།  




རིག་པའི་སྒྱུ་རྩལ་མཛུབ་མོའི་རྩེར་འཕོས་པས།།


ངོ་མཚར་ཡིག་གཟུགས་མཁའ་ལ་དབང་གཞུའི་རིས།།


མཚར་སྡུག་མཛེས་པ་རྫོགས་པའི་གཟིགས་མོའི་ཡུལ།།


ཀུན་ཡིད་འཕྲོག་པའི་དཔལ་དུ་བསྔགས་པ་ཆེ།།

         

        བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་གསུང་།




མཚར་མཚར་ཚངས་པའི་ཡིད་ཀྱིས་རབ་བསྐྱེད་པའི།།


ལེགས་ལེགས་གཟུགས་ཀྱི་མཛེས་པ་ལྷུན་རྫོགས་པ།།


མཛེས་མཛེས་རིས་སུ་བབས་པའི་ཡི་གེའི་གཟུགས།།


དཀར་དཀར་གངས་ལྗོངས་རིག་པའི་སྒྱུ་རྩལ་མཆོག །

                         

                         བསེ་ཚང་རིན་པོ་ཆེའི་གསུང་།  


           

       

         རི་མོ་རྣམས་ཀྱི་ནང་ནས་ཕུལ་བྱུང་བ།།


བརྗོད་དོན་གསལ་ལེར་མཚོན་པའི་ཡིག་རིས་ཏེ།།


མཛེས་དག་སྙོམས་གསུམ་བཀོད་ལེགས་བཟོ་རྩལ་དང་།།


དོན་སྟོན་ཆོས་གཉིས་རིན་ཐང་ཁྱད་པར་འཕགས།།


མི་རིགས་རིག་གནས་དར་རྒྱས་ཡིན་མིན་ནི།།


སྐད་དང་ཡི་གེ་ཡོད་མེད་སྟེང་ནས་ཕྱེ།།


རིག་གནས་སྤེལ་དང་གནས་པའི་ལག་ཆ་ཡང་།།


ཡིག་རིགས་ལས་གཞན་ཐབས་ལེགས་ཡོད་མ་ཡིན།།


རྩོམ་ལ་མཁས་ཀྱང་ཡིག་གཟུགས་མ་ཡག་ན།།


ཁ་འཁྱོག་སྣ་རྡིབས་བུ་མོ་ན་ཆུང་བཞིན།།


དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ།།


ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ།།


                         དོར་ཞུ་གདོང་དྲུག་སྙེམས་བློས།



   ཞེས་གསུངས་པ་དག་ལས་ཀྱང་བོད་ཀྱི་དུས་རབས་རིམ་བྱུང་གི་མཁས་དབང་རྣམས་ཀྱིས་ཡིག་གཟུགས་སྒྱུ་རྩལ་ལ་དང་དོད་དང་མཐོང་ཆེན་ཚད་ག་འདྲ་གནང་བ་ཤེས་ཐུབ་བོ།  


     

པོད་གཅིག་བྲིས་པ་འབྱུང་བ་ས་ལ་སྦོས།།


པོད་གཉིས་བྲིས་པ་འབྱུང་བ་ཆུ་ལ་སྐྱུར།།


པོད་གསུམ་བྲིས་པ་འབྱུང་བ་མེ་ལ་སྲེག།


བོད་བཞི་བྲིས་པ་འབྱུང་བ་རླུང་ལ་བསྐུར།།


བོད་ལྔ་བྲིས་པ་སློབ་དཔོན་སྤྱན་སྔར་ཕུལ།།

ཞེས་གསུངས་པ་ལྟར་དུ་བྲིས་་ཀྱི་སློབ་དཔོན་བཟང་པོ་ཞིག་ངེས་པར་དུ་བསྟེན་དགོས་ཤིང་། བྲིས་ཀྱི་སྦྱོང་ཡུན་རིང་དགོས་པ་མཚོན་འདུག




会员登录
登录
我的资料
留言
回到顶部