༄༅།།སྐྱེ་དགུ༌རྡོ་བྲིས༌སྒྱུ༌རྩལ༌གྱི༌མཚམས༌སྦྱོར༌རགས༌བསྡུས།
སྐྱེ་དགུའི་རྡོ་བྲིས་སྒྱུ་རྩལ་ནི་ན་གཞོན་བྲིས་པ་སྐྱེ་དགོན་གྲྭ་དོན་གྲུབ་ཚེ་རིང་གིས་ཕྱི་ལོ་༢༠༡༤ལོར་ཐོག་མར་འབྲི་བའི་སྲོལ་བཏོད་ཅིང་། རྡོ་བྲིས་ཞེས་པ་ནི་རྡོ་ཡི་སྙུ་གུས་བྲིས་པའི་བྲིས་གཟུགས་ཤིག་དང་། སྤྱིར་རྡོ་སྙུག་བཟོ་བར་ཚེགས་དང་འགྲོ་གྲོན་ཆེ་ཡང་། རྡོ་སྙུག་ལ་སྙུག་སོ་བརྟན་ཞིང་མི་ཟིང་བ་དང་། སྣག་ཚ་མི་འབྱམ༌ལ་ཚུགས་སྒྲོས་པའི་ཁྱད་ཆོས་དང་ལྡན། བོད་ལ་གནའ་དང་ཐོག་ནས་བཟོ་རིག་གི་བསྟན་བཅོས་སོགས་སུ་སྣག་ཚ་དང་། ཤོག་གུ། སྙུ་གུ་སོགས་བཟོ་བའི་ལག་རྩལ་ཕུན་སུམ་ཚོགས་པ་ཡོད་པ་དང་། བོད་ཀྱི་གསོ་རིག་གི་གཞུང་རྣམས་སུ་རྡོ་ཡི་རིགས་ལ་གསེར་རྡོ་དང་། དངུལ་རྡོ། གཡུ་རྡོ། ཟངས་རྡོ། ཞ་རྡོ། ལྕགས་རྡོ་སོགས་ཀྱི་དབྱེ་བ་མང་ཞིང་། དེ་དག་གི་ངོ་བོ་དང་བྱེད་ནུས། དབྱིབས་དང་ཁ་དོག་སོགས་དབྱེ་ཞིབ་དང་ངོས་འཛིན་གསལ་ཐག་ཆོད་པ་མཛད་ཡོད་ལ། དེ་དག་ལས་ལྕགས་རྡོ་ཁོ་ན་རྡོ་སྙུག་བཟོ་བའི་རྒྱུ་ཆར་འཚམ་ཞིང་སྲ་སྙི་རན་པ་ཞིག་ཡིན་ཞིང་། དང་པོ་རྡོ་འདི་དུམ་བུར་བཅད་ནས་རིམ་བཞིན་ཇེ་ཕྲར་བཏང་ནས་བརྡར། དེ་རྗེས་རྡོ་སྙུག་གི་སོ་ཁ་གཟབ་ནན་སྒོས་འཇམ་བརྡར་བྱ་དགོས། རྡོ་འདིའི་འབྱུང་ཁུངས་ནི། སྐྱེ་དགུ་ས་ཁུལ་དུ་ཆ་མཚོན་ན། ཁྲི་འདུ་སྒ་སྟོད་ཇོ་བོ་དང་། སྐྱེ་མདོ་རིགས་གསུམ་མགོན་པོ། དཔལ་ཐང་རྒྱམ་རྡོ་ཏི་དང་སྐུ་ཁོག་སོགས་སུ་འབྱུང་། རྡོ་སྙུག་འདིར་ཕྱོགས་ཀྱི་བྲིས་པ་རྣམས་དང་། སྒྱུ་རྩལ་བ། དགེ་རྒན་སོགས་ཀྱིས་བསམ་ཚུལ་འདོན་པ་དང་། མཛུབ་སྟོན་གནང་བ་སོགས་དོ་སྣང་མཛད་མཁན་དུ་མ་བྱུང་བ་དང་། དེ་སྔ་བོད་ཁུལ་གྱི་བྲིས་གཟུགས་འགྲན་ཚོགས་དུ་མས་རྡོ་བྲིས་སྒྱུ་རྩལ་ལ་གདེང་འཇོག་དང་གཟེངས་རྟགས་གནང་ཞིང་། ཡུལ་ཤུལ་ཁུལ་དངོས་མང་བཤམ་སྟོན་ཁང་དུ་རྡོ་བྲིས་བརྩམས་ཆོས་སྣ་རིང་ཞིག་ཀྱང་བསྡུ་ཉར་བྱས།
玉树石笔制作及石笔书法艺术简介
石笔书法是由矿石制作成石笔后进行书法创作的一种新的藏族艺术形式,最初由青年书法家、玉树结古寺僧人顿珠才仁于2014年首次书写完成,其作品多次参加藏族地区的各种展览并获奖,其中一幅作品已被玉树州博物馆收藏。
据藏民族工业制作论著记载,藏族很久以前就有很高的制作纸、墨、笔的技术,而藏医论著里关于矿石的运用也很多。根据分类,矿石又分金石、银石、松石、铜石、铅石、铁石等,但其中只有铁石因为软硬适度,是制作石笔的最好原料。不过,这种适合制成石笔的铁矿石来源稀少,玉树地区仅称多县尕多神山、结古镇三怙主神山、巴塘江嘉多德神山格胡(格沟)等地有发现。
石笔的制作,首先将矿石切割成一块一片等形状,然后将石头磨制成笔杆,其中一端磨成笔尖。石笔制作成功后有很多独有的特点,如石笔的笔尖非常稳固,写作时不渗透墨汁,写出来的字形态优美,而且十分节省墨汁,等等。
在完善石笔的制作和书写方面,顿珠才仁也得到了许多知名艺术家、专业人士和朋友的专业意见,对于改进和完善石笔的制作和书法创作十分有益。
|