设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

བོད་ཀྱི་ཨོ་རྩེད་པ་དང་བོད་ཀྱི་ཡིག་གཟུགས་འཛམ་གླིང་གི་གར་སྟེགས་སུ་བུད་པ།

 二维码 581
发表时间:2016-08-22 13:53作者:བོད་ཀྱི་ཡིག་གཟུགས་འཕྲིན་སྟེགས།  ངེད་རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།




    གོང་གི་པར་རིས་དང་པོ་ཚང་མར་ཆ་རྒྱུས་ལྡན་པའི་ཨོ་ལིན་ཕིས་ཁེ་ལུས་རྩལ་འགྲན་ཚོགས་ཀྱི་རྦིར་ཛེལ་གྱི་ཚོགས་རྟགས་ཡིན་ལ།  པར་རིས་གཉིས་པ་འདི་ནི་རྦིར་ཛེལ་གྱི་ཨོ་ལེམ་ཕིས་ཁི་ལུས་རྩལ་འགྲན་ཚོགས་མཇུག་བསྡུའི་མཛད་སྒོའི་ཁྲོད་དུ་བེད་སྤྱོད་བཏང་བའི་བོད་ཀྱི་ཡི་གེ་དང་ཡིག་གཟུགས་རེད།




       ཁོ་མོ་ནི་བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཡིན་ལ་ད་ལོའི་ཨོ་རྩལ་འགྲན་ཚོགས་ལ་ཡང་ཞུགས་པ་ཡིན།



བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད།



        སྟག་ཤར་འདི་ནི་བོད་རིགས་ལུས་རྩལ་བ་སྟོབས་རྒྱལ་ཡིན་ལ་ད་ལོ་ཁོ་རང་ཡང་ཨོ་རྩལ་འགྲན་ཚོགས་ལ་ཞུགས།




རྒྱུགས་འགྲན་ཁྲོད་རྩལ་དྲུག་ལུས་ལ་རྫོགས་པའི་བོད་རིགས་ལུས་རྩལ་བ་སྟོབས་རྒྱལ།




བོད་ཀྱི་ཡིག་མཁནས་སྐོར་ཞིག་གིས་ལུས་རྩལ་བ་རྣམ་གཉིས་ལ་ཕུལ་བའི་དུང་པ་བྲིས་ཀྱི་འོད་སྣང་།














































         གོང་བཀོད་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་སུ་ཞུགས་པའི་བོད་རིགས་ལུས་རྩལ་བ་དང་། མཛད་སྒོའི་སྐབས་རྒྱལ་སྤྱིའི་གར་སྟེགས་ན་འཚེར་བའི་བོད་ཀྱི་ཡིག་གཟུགས།   ད་དུང་གར་སྟེགས་ཀྱི་ཕྱི་རོལ་དུ་ཡོད་པའི་བོད་ཀྱི་བྲིས་པ་དག་གི་བརྩམས་ཆོས་འདི་ལས་ང་ཚོའི་བོད་ཡིག་འདིའང་འཛམ་གླིང་གི་ཡིག་རིགས་གཞན་དག་དང་འདྲ་བར་བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བ་མཚོན་པ་མ་ཟད། བོད་ཀྱི་ཡི་གེ་ཨོ་ལེམ་ཕིས་ཁི་སྟེང་བེད་སྤྱོད་བྱས་པ་འདིས་མི་རིགས་འདྲ་མཉམ་དང་མིའི་རིགས་ཤེས་རིག་གི་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་མཚོན་ཐུབ་ཀྱི་ཡོད། དེས་ན་ང་ཚོ་རྗེས་རབས་པ་རྣམས་ཀྱིས་མང་པོ་ཞིག་ལབ་མི་དགོས་པར་ཇི་ལྟར་བོད་སྐད་ཡིག་རྒྱུན་འཛིན་དང་། ཇི་ལྟར་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་བ་ལ་མིག་རྒྱང་རིང་བའི་སྒོ་ནས་འཛམ་གླིང་ལ་ཁ་ཕྱོགས་ཐུབ་པར་འབད་པ་ཧུར་ཐག་བྱེད་པར་རིགས་སོ། །


ཡིག་ཆའི་ནང་དོན་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས་སུ་བཀོད་པ་གཞིར་བཞག་ཐོག་ངེད་རྩོམ་སྒྲིག་པས་བཟོ་བཅོས་ཅུང་ཟད་བཏང་ཡོད།

གཞན་ཡིག་གཟུགས་བརྩམས་ཆོས་ཚང་མ་བོད་ཀྱི་ཡིག་གཟུགས་འཕྲིན་སྟེགས་སོ་སོར་སྐུར་པ་ཅི་འབྱོར་དག་ལས་གདམ་ཀ་བྱས་ནས་བཀོད་པའོ།།