设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

བྱ་མདོ་བུན་ཁྲང་ཚེ་རིང་གི་ཡིག་གཟུགས་འགྲེམས་སྟོན་ཐེངས་དང་པོ།

 二维码 488
发表时间:2016-06-12 22:17

བྱ་མདོ་བུན་ཁྲང་ཚེ་རིང་གི་ཡིག་གཟུགས་འགྲེམས་སྟོན་ཐེངས་དང་པོ།


    སྤྱི་ལོ་༢༠༡༦ལོའི་ཟླ་༦བའི་ཚེས༡༢ཉིན་བྱ་མདོ་བུན་ཁྲང་ཚེ་རིང་གི་ཡིག་གཟུགས་འགྲེམས་སྟོན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་གི་བྱ་མདོ་ཡུལ་ཚོ་བཅའ་སྡོད་སློབ་ཆུང་ནས་སྤེལ་བ་དང་།   ཁོང་གིས་ལོ་ངོ་དུ་མའི་རིང་ལ་ལེགས་འགྲུབ་བྱུང་བའི་བརྩམས་ཆོས་དག་ཐོག་མར་མ་ཡུམ་སློབ་གྲྭར་བཅངས་བའི་བརྩེ་བ་དང་མ་ཡུམ་སློབ་གྲྭར་དུངས་བའི་ལྷག་བསམ་གྱི་སྨོན་འདུན་ཁྲོད་དུ་ཡིག་གཟུགས་བརྩམས་ཆོས་བརྒྱ་ཙམ་གྱི་མཆོད་པ་དེ་མ་ཡུམ་སློབ་གྲྭའི་པང་བ་ནས་འབུལ།   སློབ་གྲྭའི་སློབ་གཙོ་ཚེ་བརྟན་འབུམ་གཙོ་ཡིན་པའི་དགེ་སློབ་ཀུན་གྱི་རྒྱབ་སྐྱོར་འོག་འགྲེམ་སྟོན་ལ་ལེགས་འགྲུབ་བྱུང་བ་མ་ཟད།   མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་དགེ་སློབ་ཚང་མར་ཡིག་གཟུགས་རིག་གནས་དང་ཡིག་གཟུགས་སྒྱུ་རྩལ་གྱི་གལ་ཆེ་བའི་རང་བཞིན་མངོན་གསལ་དོད་པོས་བསྟན།

སློབ་གཙོ་ཚེ་བརྟན་འབུམ་གྱིས་ཡིག་གཟུགས་འགྲེམ་སྟོན་ལ་ཐོག་མར་རྟེན་འབྲེལ་ཞུ་བའི་ཁ་བཏགས་འབུལ་བ་དང་བྱ་མདོ་བུན་ཁྲང་ཚེ་རིང་གིས་མ་ཡུམ་སློབ་གྲྭར་ཡིག་གཟུགས་ཀྱི་ལེགས་སྐྱེས་འབུལ་བ།

སློབ་གྲྭའི་དགེ་རྒན་ཚོས་རྒྱབ་སྐྱོར་ཡོད་པའི་ལྷ་རྫས་ཁ་བཏགས་འབུལ་ཏེ།  ཡིག་གཟུགས་འགྲེམ་སྟོན་ལ་རྟེན་འབྲེལ་ཞུ་བ།

ལྕང་སྐྱེས་རྟ་མགྲིན་གྱིས་ཁ་བཏགས་འབུལ་བ།

གངས་རིའི་བུ་མོའི་ཡིག་གཟུགས་ཆེད་སྒྲིག་ལེ་ཚན་ནང་གི་ཡིག་མཁན་ཆུང་ཆུང་གངས་ཅན་བཟང་མོ་དང་མཉམ་དུ་ཡིག་གཟུགས་འགྲེམ་སྟོན་ལ་དྲན་རྟེན་གྱི་འདྲ་པར་བསྐྱོན་པ།

ནམ་ཡང་དགེ་སློབ་ཚོ་དང་ལྷན་དུ་ཡོད།

དགེ་སློབ་ཚོར་ཡིག་གཟུགས་སྒྱུ་རྩལ་དང་ཡིག་གཟུགས་རིག་གནས་སྣ་རེ་རེ་བཞིན་ངོ་སྤྲོད་གནང་བཞིན་པ།

    སློབ་གྲྭའི་དགེ་སློབ་དང་ཡུལ་ཚོ་སྲིད་གཞུང་གི་འཐུས་ཚབ་མི་སྣས་ཡིག་གཟུགས་རོལ་མྱོང་བྱེད་བཞིན་པ།

མཇུག་མཐར་སློབ་མ་ཚོར་གལ་ཆེ་བའི་ཡིག་གཟུགས་ཐད་ཀྱི་སློབ་གསོའི་གསུངས་བཤད་གནང་བཞིན་པ།

 བྱ་མདོ་བུན་ཁྲང་ཚེ་རིང་།  པིར་མིང་ལ་བྱ་མདོ་སྐྱ་རེངས་ཟེར།  སྤྱི་ལོ༡༩༧༩ལོའི་ཟླ༩བའི་ཚེས༡༠ཉིན་ངུ་སྐད་ཀྱི་འགྱུར་དབྱངས་ཐོག་མ་བྱ་མདོ་སྡོང་བོ་གཞུང་ནས་གཏོར།  མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་ཆེན་མོ།  མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་བྱེད་པའི་སྐལ་བ་ལྡན།      ཡིག་གཟུགས་དང་སྙན་རྩོམ་རེ་འགའ་<<སྦྲང་ཆར>>དང<<ཁྲིམས་ལུགས་ཚགས་པར>><<ཨ་མྱེས་རྨ་ཆེན་འཕྲིན་སྟེགས>><<མཚོ་ལྷོ་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས>>སོགས་སུ་སྤེལ་མྱོང་བ་མ་ཟད།   ༢༠༠༤ལོར་  <<ཡིག་གཟུགས་འཕྲུལ་གྱི་གཞའ་

རིས>>ཞེས་པའི་ཡིག་གཟུགས་དེབ་ཅིག་མི་ཡུལ་གྱི་ལེགས་སྐྱེས་སུ་ཕུལ།  ཁོ་བོའི་དཔྱད་རྩོམ་<<སློབ་ཁྲིད་ཀྱི་དམིགས་ཚད་འདོན་ཚུལ་རོབ་ཙམ་གླེང་བ>>ཞེས་པར་ཁུལ་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།    མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭའི་སྐབས་བཅུ་གཅིག་པའི་ཡིག་གཟུགས་འགྲན་སྡུར་ཀྱི་བྱ་དགའ་ཨང་དང་པོ་དང་། སྐབས་བཅུ་གཉིས་པའི་ཡིག་གཟུགས་འགྲན་སྡུར་ཀྱི་བྱ་དགའ་ཨང་དང་པོ།  མང་རྫོང་སྐབས་དང་པོའི་སློབ་རའི་གཟི་དཔལ་རིག་གནས་སྒྱུ་རྩལ་དུས་སྟོན་གྱི་རྒྱ་བོད་ཡིག་གཟུགས་འགྲན་སྡུར་སྟེང་བྱ་དགའ་ཨང་དང་པོ་དང་དམངས་གླུ་འགྲན་སྡུར་ཀྱི་བྱ་དགའ་ཨང་དང་པོ།  མང་རྫོང་ཏང་སྲིད་གཙང་སྐྱོང་གི་ཡིག་རིས་དང་པར་རིགས་འགྲེམ་སྟོན་གྱི་ཡིག་གཟུགས་བྱ་དགའ་ཨང་དང་པོ་སོགས་ཁུལ་ལམ་རྫོང་།   ཡུལ་ཚོ་རིམ་པའི་བྱ་དགའ་སུམ་ཅུ་ཙམ་ཐོབ་ཡོད།    སློབ་གྲྭ་དུ་མའི་གདན་ཞུ་ལྟར་ལྡེབས་ངོས་སུ་ཡིག་གཟུགས་དང་རི་མོ་སྣ་ཚོགས་བྲིས་ཤིང་དགེ་སློབ་ཀུན་གྱི་སྤྱན་སྔར་ཕུལ་ཏེ།   སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་ཀུན་གྱིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།  

  ༢༠༡༥ལོའི་ཟླ་གསུམ་པར་བོད་ཀྱི་ཡིག་གཟུགས་དྲ་བས་གདན་ཞུ་ལྟར། བོད་ཀྱི་ཡིག་གཟུགས་དྲ་བའི་སྟེང་མི་སྒེར་ཀྱི་ལོ་རྒྱུས་མདོར་བསྡུས་དང་བརྩམས་ཆོས་སུམ་ཅུ་ལྷག་གིས་གྲུབ་པའི་ཡིག་གཟུགས་འགྲེམས་སྟོན་ཁང་ཕྱེ་ཡོད།     སྔ་ཕྱིར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་ཆེད། ཡིག་མཁན་མཁས་པ་དུ་མའི་མདུན་ནས་གཙང་གི་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་།   ཚུགས་མ་འཁྱུག  དབུས་ཀྱི་དབུས་བྲིས་སུག་རིང་དང་སྙེ་བྲིས།  གཞུང་བྲིས།  ཁམས་ཀྱི་བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མ།  ཨ་མདོའི་མཁས་དབང་ཚེ་ཏན་ཞབས་དྲུང་དང་དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དབུ་ཅན།  སྡེར་ནང་ས་བྲིས་བཅས་ལ་འབྲི་སྦྱོང་བྱས་ཏེ། བྲིས་རྒྱུན་མི་འདྲ་བ་བཅུ་གཅིག་གི་ཁྲིད་རྒྱུན་ཐོབ། གཞན་ཡང་རང་གི་དགའ་ཕྱོགས་ལྟར་ཨ་ཁུ་གྲགས་པ་ཚང་གི་ཡིག་གཟུགས་ལ་རང་སྦྱོང་དང་།  ཞབས་ཤར་ཟླ་བ་ཚེ་རིང་གི་འབྲུ་ཚར་སྦྱོང་བ་བྱས་ཏེ། ཡིག་གཟུགས་སྒྱུ་རྩལ་གྱི་འཇོན་ནུས་མཐོར་འདེགས་སུ་བཏང་དང་གཏོང་བཞིན་ཡོད།   ད་ལྟ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་དཔྱད་བརྗོད་དགེ་རྒན་དང་།   མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།   མཚོ་ལྷོའི་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས་ཀྱི་གཙོ་སྒྲིག་པ།  མཚོ་ལྷོ་མང་རྫོང་བྱ་མདོ་སློབ་ཁུལ་གྱི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།