2014ལོའི་ཟླ10ཚེས་1ཉིན་བོད་ཀྱི་ཡིག་གཟུགས་དྲ་བ་དབུ་བརྙེས་པ་དང་། ལོ་འཁོར་གཅིག་གི་རིང་ལ་ཆོལ་གསུམ་བོད་ཀྱི་བྲིས་པ་ཚང་མས་ཐུན་མོང་དུ་འབད་བརྩོན་ལྷོ་མེད་བྱས་པ་བརྒྱུད། ང་ཚོའི་ཡིག་གཟུགས་རིག་གནས་སྒྱུ་རྩལ་འདི་ལ་ཡར་རྒྱས་ངེས་ཅན་བྱུང་ཞིང་། སྒོས་སུ་བོད་ཀྱི་ཕྱི་རབས་བྲིས་པ་དག་ལ་སྐུལ་ཁྲིད་ཀྱི་ནུས་པ་མི་དམན་པ་ཞིག་ཐོབ་རྐྱེན་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་གདངས་འཇོག་དང་ཁག་ཐེག་ཐོབ་པ་མ་ཟད། ཁྲིམས་མཐུན་དཔང་ཡིག་གི་ཐོ་འགོད་དང་ཆོག་མཆན་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱས་ཤིང་། 2016ལོའི་ཟླ4ཚེས་11ཉིན་རྒྱལ་ཁབ་བཟོ་ལས་དང་བརྡ་འཕྲིན་པུའུ་ཡི་ཞིབ་བཤེར་དང་ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག བོད་ཀྱི་ཡིག་གཟུགས་དྲ་བ་འདིར་ཁྲིམས་མཐུན་དྲ་ཚིགས་ཀྱི་དབང་ཡིག་དངོས་སུ་ཐོབ་པ་རེད།
དེའི་ཕྱིར་དུ་བོད་ཀྱི་བྲིས་པ་མི་ཉུང་བ་ཞིག་གིས་ཡིག་གཟུགས་ཀྱི་ལམ་ནས་བོད་རང་གི་རིག་གནས་སྒྱུ་རྩལ་འདིར་ཆེས་ཐོག་མའི་ཁྲིམས་མཐུན་གྱི་སྒྱུ་རྩལ་གར་སྟེགས་ཞིག་ཡོངས་སུ་གྲུབ་པའི་དགའ་སྟོན་ལ་དགའ་པའི་གླུ་དང་སྤྲོ་པའི་ཤིས་པ་བརྗོད་པ་གཤམ་ལྟར།
|