གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཡིག་འབྲི་ཚུལ་སྐོར་ལ་མདོ་ཙམ་དཔྱད་པ། (7)

 二维码 108
发表时间:2016-03-18 08:32作者:བསམ་གཏན་དོན་གྲུབ་ཀྱིས། 编辑:ཧེ་རམ་པ་གླང་བཞོན来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsf.com

བཞི། བྲིས་ལ་མཁས་པར་གྱུར་བའི་ཚད།

   རང་རེའི་སྲོལ་དུ་ཡི་གེ་ནི་སྐད་ཀྱི་གདངས་ལ་ངེས་ཤིང་དེར་ཡུལ་དུས་ཀྱི་བཀག་རྒྱ་ཡོད་ཕྱིར་གཟུགས་སུ་ཕབ་པའི་ཡི་གེ་ནི་དེའི་བཀག་རྒྱ་ལས་ཐར་ཏེ་རིན་ཐང་གཞལ་དུ་མེད། ལོ་རྒྱུས་ལ་ཕྱིར་མིག་གིས་བལྟ་དུས་ཤེས་རིག་དར་བའི་མི་རིགས་གང་གིས་ཀྱང་འདིར་བརྟེན་ནས་རིག་གནས་ཀྱི་རྒྱུན་སྤེལ་ལ། ཡ་དུས་འཕགས་ཡུལ་བས་ཡི་གེ་ནི་སྒྱུ་རྩལ་དྲུག་ཅུ་རེ་བཞིའི་དབུར་བཞག་ནས་དེར་འབྲི་ཀློག་ཐུབ་པ་ནི་ཆེས་ཕུལ་ཏུ་བྱུང་བར་ངོས་འཛིན་སྲོལ་འདུག མདོ་ལས་ཀྱང“ལྔ་བརྒྱའི་ཐ་མར་གྱུར་བའི་དུས། །ང་ནི་ཡི་གེའི་གཟུགས་སུ་གནས། ། ང་ཡིན་སྙམ་དུ་ཤེས་བྱོས་ལ། ། དེ་ཚེ་དེ་ལ་གུས་པར་གྱིས།།”ཞེས་ཡིག་གཟུགས་ཀྱི་རིག་གནས་རིན་ཐང་ལ་གདེང་འཇོག་ཚད་མེད་མཛད་ཡོད་སྟབས། དེ་རང་གཙིགས་སུ་བཟུང་སྟེ་འབྲི་སྦྱོང་དང་རྒྱུན་སྤེལ་བྱ་རྒྱུ་ནི་ཡེ་ནས་གལ་ཆེན་པོ་འདུག་གོ། །

འོ་ན། ཡིག་གཟུགས་རང་སྟེང་བྲི་བ་ཙམ་གྱིས་ཆོག་གམ་ཞེ་ན། མི་ཆོག་སྟེ། ཁ་དཔེ་ལ་བྲིས་ངན་མི་ལ་བསྟན་ན་ངོ་མི་ཤེས། །ཞག་གསུམ་ལོན་ནས་རང་གིས་ངོ་མ་ཤེས། ། ཞེས་པ་བཞིན་བྲི་བའི་ཚད་ཀྱང་ངེས་ཅན་ཞིག་ལ་སླེབས་དགོས་ཏེ་ལྷག་པར་དུ་ཡིག་མཁན་ཞིག་ཏུ་ཆགས་འདོད་ན་དེ་བས་ཀྱང་ངོ་། ལར་ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་འཇིག་རྟེན་ཁ་དཔེ་ལྟར་དུས་རྒྱུན་དུ་བྲི་སྦྱོང་དང་ཉམས་ལེན་བགྱིས་ན། མཁས་པའི་ཚད་ནི་ཉིན་རེ་བཞིན་མཐོ་ནས་མཐོར་སྙེག་པར་ཐེ་ཚོམ་མི་དགོས་ཤིང་།༼སྤྱོད་འཇུག༽ཏུ།“གོམས་ན་སླ་བར་མི་འགྱུར་བའི། །དངོས་ཏེ་གང་ཡང་ཡོད་མ་ཡིན། །”ཞེས་པའང་དོན་དུ་ལོས་གནས། དེས་ན་བྲིས་ལ་གོམས་པའམ་མཁས་པར་གྱུར་པའི་ཚད་ཅི་འདྲ་ཞིག་ཡིན་མིན་ལ་རིག་གནས་ཀྱི་ཁྱད་ཆོས་དང་ཡི་གེ་རང་སྟེང་གི་གྲུབ་ཆ། འབྲི་མཁན་གྱི་རིག་གནས་རྒྱབ་ལྗོངས་སོགས་ཀྱིས་མི་རིགས་རེ་རེར་ངོས་འཛིན་གྱི་ཚད་གཞི་ཞིག་བདོག་ཅིང་། བོད་ཡིག་རང་སྟེང་གི་གྲུབ་ཆ་དང་ཁྱད་ཆོས་ལ་གཞིགས་ན་སྨྱུ་གུ་འཇུག་ཐབས་དང་ཡི་གེའི་ཆ་ཚད།གཟུགས་ཉམས་འདོན་ཚུལ། སྨྱུག་འགྲོས་སྐོར་འཐེན་གསེག་སོགས་ཀྱི་རྣམ་པ། ཡིག་གཟུགས་ཀྱི་ཁྱད་ཆོས་རེ་རེ་ནས་ཤེས་དགོས་པ་གཞིར་བཞག་ཡིན་ཏེ། འཇམ་མགོན་ས་པཎ་གྱིས“གང་དག་ཡི་གེ་འབྲི་བ་བོ། །སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་ས་ཐོབ་པ་ཡིན། །”ཞེས་ཆ་ཚད་སྙོམས་ཤིང་ཡངས་དོག་མེད་པར་ངོས་གཙང་བ། ནོར་ཆ་དང་བྲལ་བ། བརྗོད་བྱ་ལེགས་པ། བྲི་ཚད་མྱུར་ཞིང་སྨྱུག་འགྲོས་ཀྱི་སྐོར་འཐེན་དག་པ་སྟེ་ཚད་གཞི་དྲུག་ལས་མཁས་པར་གྱུར་ཚད་ངོས་འཛིན་བྱས་ཤིང་འདི་དྲུག་ལ་གདེང་ཐོབ་ན་བྲིས་ལ་མཁས་པར་གྱུར་ཞེས་རང་རེའི་སྲོལ་དུའང་ཆགས་འདུག་གོ།


会员登录
登录
我的资料
留言
回到顶部