ཀན་ལྷོའི་བྲིས་པ་མཐུན་ཚོགས་ཀྱི་ཁོངས་མིའམ་ཁ་གྱ་བན་དེ་ཚེ་རིང་གིས་ཕ་ཡུལ་ཀན་ལྷའི་གཞི་རིམ་གྱི་ལོ་ཆུང་བྱིས་པ་དང་རོང་འབྲོག་པ། དགོན་ནང་སོགས་སུ་བྲིས་པ་ཧ་ཅང་ཉུང་བ་དང་། ཡིག་གཟུགས་སྒྱུ་རྩལ་ལ་ཆ་རྒྱུས་མེད་པའི་དོན་དངོས་ལ་དམིགས་ནས། མ་འོངས་པའི་དུས་སུ་རོང་འབྲོག་པའི་དམངས་ཁྲོད་ལའང་ཡིག་གཟུགས་སྒྱུ་རྩལ་འདི་དར་ཁྱབ་ཏུ་འགྲོ་ཆེད། སྤྱི་ལོ་2016ལོའི་ཟླ་2ཚེས3ཉིན་ཁོ་རང་ཉིད་ཀྱིས་བོད་ཀྱི་ཡི་གཟུགས་སྒྱུ་རྩལ་གཞི་རིམ་དུ་སྐྱེལ་བ་ཞེས་པའི་བྱ་འགུལ་ཞིག་སྤེལ།
ཁོས་དཀའ་ཚེགས་ལ་མ་འཛེམས་པར་ལས་ཞོར་དུས་ཚོད་སྤྱད་དེ་བདུན་ཕྲག་གཉིས་ཀྱི་རིང་བྲིས་གནང་མཛད་པའི་ལོ་སར་ཀྱི་ཤིས་ཚིག་བཞི་བཅུ་ལྷག་ལ་རང་གིས་མ་དངུལ་སྒོར་སྟོང་གཅིག་ལྷག་ཕུད་དེ་གོང་གཤམ་བཏགས་པ་མ་ཟད། ཆེད་དུ་གཙོས་གྲོང་ཁྱེར་ཀླུ་ཤོད་ཞང་གྱི་ལིང་སྡེ་བ་དང་། གྱི་ལིང་དགོན་ནང་དུ་བསྐྱལ་ཏེ་རིན་མེད་དུ་བྱིན་པ་རེད། བྱ་འགུལ་འདིའི་ཁྲོད་དུ་ཁོས་ད་དུང་དབུ་ཅན་དང་དབུ་མེད་སུག་རིང་གི་ཐིག་ཚད་དང་སྨྱུ་གུའི་བཟོ་སྟངས་སོགས་རགས་བསྡུས་ངོ་སྤྲོད་བྱས་བས། གྱི་ལིང་སྡེ་བའི་སེར་སྐྱ་མང་ཚོགས་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་བག་ཆགས་ཟབ་མོ་བཞག་པ་མ་ཟད། རང་མི་རིག་ལ་འདི་འདྲའི་རིན་བྲལ་གྱི་སྒྱུར་རྩལ་རྩ་ཆེན་ཞིག་ཡོད་པའང་གཞི་ནས་རྟོགས་པས་ཁྱབ་བསྒྲགས་ཀྱི་ནུས་པ་གལ་ཆེན་ཐོན་པ་དང་། ས་དེ་གའི་སེར་སྐྱ་མང་ཚོགས་ཀྱིས་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།
ཁོང་གིས་གཞི་རིམ་ལ་བསྐྱེལ་བའི་ཡིག་གཟུགས་བརྩམས་ཆོས་དག་དམིགས་སུ་བོད་པ་ཡོངས་ཀྱི་མིག་གི་ལོངས་སྤྱོད་དུ་བསྟར་བ་གཤམ་ལྟར།











































|
|