设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།ལོ་སར་ལ་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲེམ་སྟོན་བྱ་འགུལ།

 二维码 651
发表时间:2016-01-31 10:44

庆祝新春佳节书法作品及网站横幅展览活动的通知

      རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་བའི་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ལ་ཡིག་གཟུགས་སྒྱུ་རྩལ་གྱི་གསོལ་སྟོན་ཡག་པོ་ཞིག་བཤམས་པའི་ཆེད་དུ། བོད་ཀྱི་ཡིག་གཟུགས་དྲ་བས་མེ་ཕོ་སྤྲེལ་ལོའི་ལོ་སར་བྱ་འགུལ་ལ་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དང་། རྟེན་འབྲེལ་གྱི་སྒོ་དར་(网站横幅)འགྲེམ་སྟོན་གྱི་བྱ་འགུལ་རིགས་གཉིས་མཉམ་སྤེལ་བྱ་རྒྱུ་ཡིན་པས།  བྲིས་པ་ཚོས་དུས་ཚོད་དམ་འཛིན་སྒོས་ནང་དོན་ཇུས་འགོད་གང་ལེགས་བྱས་ནས་ཡིགས་གཟུགས་བརྩམས་ཆོས་དང་སྒོ་དར་གཉིས་ངེད་དྲ་ཚིགས་ལ་སྐུར་རྒྱུ་མཁྱེན།

      ང་ཚོས་ཡིག་གཟུགས་བརྩམས་ཆོས་སྤུས་ལེགས་སྐོར་ཞིག་གདམ་ནས་བརྗོད་དོན་བརྩམས་ཆོས་འགྲེམ་སྟོན་ཁང་དུ་འགོད་རྒྱུ་དང་། ཕུལ་བྱུང་སྒོ་དར་བརྒྱད་གདམ་ནས་དྲ་ངོས་བརྙན་ཡོལ་ལ་ལོ་སར་ཚེས་གཅིག་ནས་བཅུ་དྲུག་བར་རེས་འཁོར་འཆར་སྟོན་བྱ་རྒྱུ་ཡིན་པས་ཡིག་མཁན་དང་རི་མོ་མཁན་སོགས་དྲ་གྲོགས་ཡོངས་ནས་དུས་ལྟར་སྐུར་རྒྱུ་དང་གཟིགས་མོ་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཞུ་ཞུ།

    བརྩམས་ཆོས་བསྡུ་བའི་དུས་ཚོད།   2016ལོའི་ཟླ1ཚེས་31ཉིན་ནམ་ལུགས་རྙིང་གི་2015ལོའི་ཟླ12ཚེས22ཉིན་ནས།

                     2016ལོའི་ཟླ2ཚེས6ཉིན་ནམ་ལུགས་རྙིང་གི་2015ལོའི་ཟླ12ཚེས་28ཉིན་བར།


    དྲ་འགོད་དུས་ཚོད།        2016ལོའི་ཟླ2ཚེས6ཉིན་ནམ་ལུགས་རྙིང་གི་2015ལོའི་ཟླ12ཚེས་28ཉིན་གྱི་ཕྱི་

                               དྲོ་ཆུ་ཚོད་བདུན་ནས་བཟུང་འགོད་རྒྱུ།


    སྒོ་དར་དཔེ་མཚོན།       ༼མཐོ380*ཞེང1080 འབྱེད་ཚད72ཅན།༽



                                                         བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་ནས།