ཕྱི་ནང་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང་གཞན་དྲིང་མི་འཇོག་པའི་མཁྱེན་རབ་དང་ལྡན་པ། བོད་ཀྱི་དེང་རབས་སློབ་གསོ་བ་གྲགས་ཅན། བོད་ཀྱི་ཡིག་མཁན་མཁས་པའི་གཙུག་རྒྱན་མཁས་དབང་བོ་སྨོན་ལམ་རྒྱ་མཚོ་མཆོག་ནི། མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སའི་ཆར་གཏོགས་ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་བའི་ཐང་ཞེས་པའི་གྲོང་སྡེ་རུ་ཡབ་གཡིས་ཀ(ཁང)མགོན་པོ་སྐྱབས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་(༡༩༢༨)ལོར་འཁྲུངས་བ་སོགས་ཀྱི་ལོ་རྒྱས་བོད་ཀྱི་ཡིག་གཟུགས་དྲ་བ་ནས་སྔར་བཀོད་ཡོད་པས་འདིར་མང་དུ་སྤྲོས་མི་དགོས་ལ། སྐབས་སུ་བབས་པའི་གཏམ་ནི་རང་ཅག་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་བྲིས་པ་ཡོངས་ལ་ཐུན་མོང་དུ་དབང་པའི་བོད་ཀྱི་ཡིག་གཟུགས་དྲ་བས་གང་གི་གདུང་མཆོད་ཀྱི་སྔོན་ལ་ཁོང་རིན་པོ་ཆེའི་སྐུ་དྲིན་རྗེས་སུ་དྲན་ཞིང་། རང་ཅག་ཁ་བ་བོད་བའི་ཀྱི་ཡིག་གཟུགས་རིག་གནས་ལ་སློབ་གཉེར་གྱི་གཞན་སྐུལ་ཞིག་གི་ཚུལ་དུ་༼མཁས་དབང་སྨོན་ལམ་རྒྱ་མཚོའི་མཛད་འཕྲིན་རྒྱུན་འཛིན༽ཞེས་པའི་བརྗོད་དོན་ཡིག་གཟུགས་འབྲི་སྦྱོང་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་ཐེངས་གཅིག་སྤེལ་རྒྱུ་དང་། ཟླ་འདིའི་ཚེས་ཉེར་ལྔའི་སྔོན་ལ་བྲིས་པ་སོ་སོའི་བརྗོད་དོན་བརྩམས་ཆོས་ངེད་དྲ་ཚིགས་ལ་སྐུར་རྒྱུ་མཁྱེན་མཁྱེན།
ཁོང་ནི་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ་༡༩༢༨ལོར་སྐུ་འཁྲུངས་ཤིང་། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་སམ་སྤྱི་ལོ༡༩༩༠ལོའི་ཟླ༡ཚེས་༨ཉིན་ལ་སྐུ་ཞི་བར་གཤེགས་པ་ཡིན་པ་བྲིས་པ་ཚོས་གསལ་རྟོགས་བྱ་རྒྱུ།
བྱ་འགུལ་དུས་བཅད། སྤྱི་ལོ2016ལོའི་ཟླ1ཚེས22ནས་ཚེས25སྟེ་ཉིན་བཞིའི་རིང་ཡིག་གཟུགས་བརྩམས་ཆོས་གསར་རྩོམ་དང་། ཚེས25ཉིན་གྱི་དྲོས་ཁའི་ཆུ་ཚོད་12ནས་བརྩམས་ཆོས་བསྡུ་མཚམས་འཇོག་རྒྱུ་དང་བཅས་ཐུགས་འཇགས་འཚལ།
|