设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།ཡི་གེ་བྲི་བའི་ལག་ལེན་མདོར་བསྡུས་སུ་བརྗོད་པ་ཚིག་གསུམ་བསྡུ་མ་བཞུགས་སོ།།

 二维码 262
发表时间:2015-03-14 01:26作者:དགེ་བའི་བཤེས་གཉེན་ཆེན་མོ་དྲུང་ཡིག་སྨོན་ལམ་རྒྱ་མཚོ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

དགེ་བའི་བཤེས་གཉེན་ཆེན་མོ་དྲུང་ཡིག་སྨོན་ལམ་རྒྱ་མཚོས།

    གཅིག  ཡི་གེ་བྲི་བའི་ལག་ལེན་དངོས་ཀྱི་ཚེ་ན། ལག་གཡས་བརྐྱངས་བསྐུམས་ལྷོད་གསུམ་འཚམ་ཞིང་། ལོ་ན་སྨིན་ཙམ་པ་ཞིག་ལ་མཚོན་ན།  ལག་པའི་སྤར་ཁྱིམ་དུ་ཕུག་རོན་གྱི་སྒོ་ང་ཆུད་ཙམ་ལྟ་བུའི་ཁོང་སྟོང་བཞག་པའི་སོར་མོ་མས་མ་གསུམ་གྱི་བསྐུམས་ཚད་རན་ན། སོར་མོའི་རྩ་ཁམས་དག་རང་རྣལ་དུ་འབབ་པས་བྲི་ཡུན་རིང་ཡང་སོར་ཚིགས་དང་མཁྲིག་ཚིགས་མི་ན་བར་ཕན་པར་མ་ཟད་ཡིག་གཟུགས་ཀྱང་ལེགས་ཙམ་ཐོན་པ་ལ་ཕན།

    གཉིས།  སྨྱུ་གུ་གཟུང་བའི་སྐབས་ན།  མཐེབ་མཛུབ་གཉིས་ཀྱི་དམ་ལྷོད་རན་པ་དང་། ཡིག་གཟུགས་ཤིན་ཏུ་ཆུང་ཚེ་སྨྱུག་ཁམ་ནས་ཚོན་གང་ངམ་གང་དང་ཕྱེད་ཙམ་ལས་མི་རིང་བར་བཟུང་ན་བཟང་།

    གསུམ།  ཡི་གེ་བྲི་གཞི་དེ་རང་གི་ནུ་མ་གཡས་པའི་དྲང་ཐད་དུའམ་དཀྱིལ་ཀྲུང་གི་སྐབས་སུ་པུས་མོ་གཡས་པའི་སྟེང་དུ་བཞག་སྟེ། ལུས་སྟོད་དྲང་བོར་བསྲངས་བཞིན་བྲིས་ན་འཕྲེང་མི་ཡོ་བ་དང་།  ཡིག་གཟུགས་དྲང་བོའམ་ཀྲོང་ངེར་འབྲི་ཐུབ་པར་ཕན་ཞིང་། མཇིང་ཚིགས་དང་སོག་སྲུབས་མི་ན་བར་ཕན་ཞེས་སྨྱུག་ཐོགས་མཁས་པ་དུ་མའི་དངོས་བརྒྱུད་ཀྱི་ཞལ་རྒྱུན་དང་། ཕྲན་བུའི་ལོ་ངོ་བཞི་བཅུ་ཙམ་གྱི་ཉམས་མྱོང་དངོས་ལྟར་ཅུང་ཟད་དཔྱད་གཞིར་ཕུལ་བ་ལགས་སོ།།