收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།ཡུལ་ཤུལ་ནང་ཆེན་རྫོང་ཀ་གཞུང་སྡེ་བའི་བྲིས་པ་ཚོས་ཡིག་གཟུགས་འགྲེམ་སྟོན་བྱ་འགུལ་སྤེལ་བ།

 二维码 3293
发表时间:2015-03-01 09:57作者:ཀ་བྲིས་མཐུན་ཚོགས། 编辑:ཧེ་རམ་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།


      སྤྱིར་ཀ་གཞུང་ས་གནས་ལ་མཚོན་ན་མངའ་ཁུངས་ལ་ས་རྒྱ་ཆུང་ཞིང་མི་གྲངས་ཉུང་ནའང་།  བྲིས་མཁན་གྱི་ཁ་གྲངས་མང་བ་སོགས་ཡུལ་ཕྱོགས་གཞན་དང་བསྡུར་ན་འབུར་དུ་དོད་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད། དེང་སང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། ཀ་གཞུང་བྲིས་གཟུགས་སྒྱུ་རྩལ་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་ཕྱིར་ས་གནས་བྲིས་པ་རྣམས་ཀྱིས་རང་གི་འོས་སུ་བབས་པའི་འདུ་ཤེས་བཟུང་ནས།   ཀ་གཞུང་བྲིས་གཟིགས་སྒྱུ་རྩལ་དར་སྤེལ་ལ་རབ་དང་རིམ་པའི་བྱ་འགུལ་སྤེལ་ནས། བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་སྤྱི་དང་སྒོས་སུ་ཀ་གཞུང་བྲིས་རྒྱུན་ཁག་ལ་སློབ་སྦྱོང་དང་། འགྲན་བསྡུར། འགྲེམ་སྟོན་སོགས་གང་མང་སྤེལ་མྱོང་བ་རེད།



    དེ་རིང་ཡང་ཀ་གཞུང་སྡེ་བའི་དམངས་ཁྲོད་བྲིས་པ་མཐུན་ཚོགས་ཀྱི་གཙོ་སྒྲུབ་དང་། ཁུལ་རིག་གནས་ཅུས་དང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་འོག་ཡུལ་ཤུལ་ཁུལ་ཐོག་ནས་ཀ་གཞུང་སྡེ་བའི་བྲིས་པ་ལྔ་བཅུ་ལྷག་གི་སྨར་ཆེན་སྨར་ཆུང་དང་། དབུ་ཅན་དང་དབུ་མེད། བྲིས་གཟུགས་རིགས་མི་འདྲ་བ་ཉི་ཤུ་ལྷག་གི་བརྩམས་ཆོས་200ཡས་མས་འགྲེམ་སྟོན་ནང་གདམ་པ་དང་།  བོད་ཀྱི་ཡིག་མཁན་ནང་བྲིས་ནོར་བུ་མ་དང་བཀའ་རྒྱུད་བྲབ་བྲིས་རྒྱུན་འཛིན་པ་མི་རྣམ་སྤྲུལ་སྐུ་ཚང་དང་།  ཁུལ་རིག་གནས་ཅུས་ཀྱི་ཅུའུ་ཀྲང་ཝམ་ཏོང་མིས་དང་།  ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་གཙོ་དོན་འགྲུབ་ཚེ་རིང་། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ། ཁུལ་རིག་གནས་ཁང་གི་འགོ་གཙོ་བཀྲ་བ།ཀ་གཞུང་ཡུལ་ཚོའི་ཧྲུའུ་ཅིས་སྤེན་པ་བཅས་འགྲེམ་སྟོན་མཛད་སྒོར་ཞུགས་པ་རེད།

    ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་གྱི་མཛད་སྒོ་ཡུལ་ཤུལ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་འདན་མ་བཀྲ་དགའ་ལགས་ནས་མདོ་འཛིན་མཛད་པ་དང་། སྐབས་གསུམ་བའི་འགྲེམ་སྟོན་འདི་བྱ་འགུལ་སྔོན་མ་དང་བསྡུར་ན། ཞུགས་མཁན་དང་བྲིས་གཟུགས་རྣམ་གྲངས། བྲིས་རྩལ་སོགས་གང་གི་ཆ་ནས་བལྟས་ཀྱང་ཁྱད་ཆོས་གསུམ་འཛོམ་ཡིན་པའི་གླེང་ཕྱོགས་ཆགས་འདུག     གཅིག་ནས་བྲིས་པ་ཚང་མ་ཀ་གཞུང་སྡེ་བའི་སྐྱ་སེར་ཕོ་མོ་རྒན་དར་གཞོན་གསུམ་ཁོ་ན་ཡིན་པ། གཉིས་ནས་སྨྱུག་བྲིས་དང་པིར་བྲིས། པོད་བྲིས་ནས་ཐང་བྲིས་སོགས་བྲིས་ཆོས་དང་བྲིས་གཟུགས་ཀྱི་རྣམ་གྲངས་མང་བ།  གསུམ་ནས་བྲིས་པ་ཚང་མའི་འབྲི་རྩལ་ཇེ་མཐོ་ཡིན་པ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་སྐད།  

དང་པོ། འགྲེམ་སྟོན་ཡུལ་དངོས་འདྲ་པར་འདེམ་བཀོད།























གཉིས་པ། བརྩམས་ཆོས་འདེམ་བཀོད།




















གསུམ་པ། བྲིས་པ་ཚོའི་ཡུལ་དངོས་བརྩམས་ཆོས་འཁྱུག་རྩལ།

















བཞི། གོང་རིམ་ཀྱི་གཟེངས་རྟགས།