设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།བོད་ཀྱི་གཞོན་སྐྱེས་བྲིས་པ་སྨན་བླ་ཐར་ངོ་སྤྲོད་མདོར་བསྡུས།

 二维码 886
发表时间:2015-11-20 10:57作者:བོད་ཀྱི་ཡིག་གཟུགས་དྲ་བ།来源:བོད་ཀྱི་ཡིག་གཟུགས་དྲ་བ།


སྨན་བླ་ཐར། པིར་མིང་ལ་མི་ཆུང་། ༡༩༨༡ལོའི་དགུན་ཟླ་བཅུ་བར་མདོ་སྨད་མང་རྫོང་མང་ཆུ་སྔོན་མོའི་འགྲམ་རྒྱུད་ལོ་བ་སྡེ་བར་ལྟེ་ཁྲག་འཕོས།  ༢༠༠༢ལོ་ནས་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་རིམ་བཞིན་མང་ར་ས་ཆའི་སྡེ་བ་དང་ཡུལ་ཚོའི་སློབ་ཆུང་དང་རྫོང་མི་རིགས་སློབ་འབྲིང་སོགས་སུ་མི་རིགས་སློབ་གསོའི་ལས་དོན་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱས།༢༠༡༡ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།༢༠༡༤ལོའི་ཟླ་ལྔ་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ལས་གནས་སྤར།

སློབ་མའི་དུས་ནས་ཡིག་གཟུགས་འབྲི་སྦྱོང་ལ་དགའ་བས་དགེ་རྒན་བཀའ་དྲིན་ཅན་ནམ་མཁའ་ཐར་དང་རིན་ཆེན་རྡོ་རྗེ་གཉིས་ཀྱི་མདུན་ནས་དབུ་ཅན་ཡིག་གཟུགས་ཀྱི་རྨང་ལེགས་པར་བཏིངས་བ་དང་།མཚོ་སྐྱེས་དོན་གྲུབ་ཚེ་རིང་ལས་དབུ་མེད་སུག་རིང་ལ་སྦྱངས་པ་གང་ལེགས་བྱས།གཞན་གཙང་གི་བྲིས་པ་གྲགས་ཅན་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་དབུས་ཀྱི་ཡིག་མཁན་སྙེ་འཕྲིན་ལས་རྒྱལ་མཚན་མཆོག   ཁམས་ཀྱི་མི་རྣམ་མཆོག་སྤྲུལ།སྡེར་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་རྒན་ངག་དབང་རྒྱ་མཚོ་སོགས་ལས་དབུས་གཙང་གི་དབུ་མེད་ཀྱི་བྲིས་རྒྱུན་སྣ་ཚོགས་དང་སྙེ་བྲིས།བཀའ་བརྒྱུད་བྲབ་བྲིས།ནང་བྲིས་ནོར་བུ་མ།སྡེར་ནང་ས་བྲིས་སོགས་བྲིས་གཟུགས་མི་འདྲ་བའི་ཡིག་རྒྱུན་ལ་རང་བློས་དཔག་ཚོད་ཀྱིས་འབྲི་སྦྱོང་གང་ནུས་བྱས།

ཁོ་ནི་མཚོ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་།སྔ་ཕྱིར་རྫོང་དང་ཁུལ།ཞིང་ཆེན་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་རེ་འགའ་ཡང་ཐོབ་མྱོང་། 2015ལོར་གཟི་ཚ་སྡེ་དགུ་སྐྱེས་བུམ་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་སྟེང་ཟངས་ཀྱི་རྟགས་མ་ཐོབ་།

ད་ལྟ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་མཚོ་སྔོན་པོ་དྲ་བ་དང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གྲངས་མཛོད་རྩོམ་སྒྲིག་དང་རྒྱ་བོད་ལོ་ཙཱའི་ལས་ལ་འབད་བཞིན་ཡོད་ལ།དུས་ཚོད་ཀྱི་ཁོམ་གསེང་དུ་མུ་མཐུད་ནས་རྩོམ་འབྲི་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་བློ་སྦྱོང་དང་ལག་ལེན་གང་ནུས་བྱེད་བཞིན་མཆིས།