ཨ་མདོ་ཕྱོགས་ཀྱི་བྲིས་མཁན་ཞིག་ཡིན། ཁོང་གིས་བྲིས་གཟུགས་ནི་ལོ་བཞི་བཅུའི་རིང་ལ་འབྲི་གནང་མཛད། ཁོང་གིས་གཡུ་ཁྲིའི་ཐིག་རྩའི་སྡོམ་ཚིག་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཤེས་ཀུན་ཁྱབ་ཀྱི་སྡོམ་ཚིག སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡའ་སེལ་དྲངས་པའི་སྡོམ་ཚིག་དང་དེའི་འགྲེལ་པ། བླ་བྲང་གི་དཔང་ལོ་ཙཱ་བའི་ཕྱག་བྲིས་དངོས་དང་། ཀུན་མཁྱེན་འཇིགས་མེད་དབང་པོའི་ཕྱག་རྒྱུན། ཁོང་གི་དགེ་རྒན་དམུ་དགེ་བསམ་གཏན་གྱི་ཕྱག་བྲིས་བཅས་ལ་ཞིབ་གཏུག་ཅི་ལྕོགས་མཛད་ནས་ཁོང་གིས་ཡིག་གཟུགས་བློ་གསལ་སྤྱི་ནོར་ཞེས་པ་འདི་བྲིས་པ་ཡིན་ནོ།།
|