设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

༄༅།།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཆོ།

 二维码 929
发表时间:2016-04-10 19:58作者:རིག་བསྟན་གྱིས 编辑:ཧེ་རམ་པ་གླང་བཞོན།来源:བོད་ཀྱི་ཡིག་གཟུགས་དྲ་བ།

     ཁམས་སྡེ་དགེའི་ཉེ་འདབ་བསྐོ་ཡ་ཆུ་དིང་རིང་ཆུང་གི་ས་ཆར་ཡབ་མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་སྟེ་༡༩༤༦ལོར་སྐུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་ཏུ་ཡབ་དང་ཞང་པོའི་དྲུང་དུ་ཡི་གེ་སྦྱོར་ཀློག་སློབ་སྦྱོང་མཛད་ཞོར་དུ་དཔེ་ཆའི་རྩ་བ་དང། རྩིས་དཀར་ནག་གི་སྔོན་འགྲོ་བཅས་བློ་འཛིན་མཛད། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་།དབང་ཆེན་རྒྱས་རབ་རྡོ་རྗེ། རྫ་དཔལ་སྤྲུལ། དགེ་བཤེས་ངག་དབང་འབྱུང་གནས། བློ་གཏེར་དབང་པོ་སོགས་མཁས་ཆེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས་མཁས་པའི་གྲགས་པ་བོད་ཡུལ་ཀུན་ཏུ་ཁྱབ། ཁོང་གི་སློབ་མ་ནི། རྡོ་སྤྲུལ་རྡོ་རྗེ་དང་།གཏེར་སྟོན་བསོད་རྒྱལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ རྫོགས་སྤྲུལ་ལྔ་པ།དཔལ་སྤངས་སི་ཏུ་སོགས་དུ་མ་ཞིག་གསོ་བསྐྱངས་མཛད། ཁོང་གི་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་བྱས།

     གསུང་རྩོམ་སྐོར། མི་ཕམ་བཀའ་འབུམ་པོད་སུམ་ཅུ་སོ་གཉིས་ཙམ་ཡོད་པའི་ནང་དུ་ཚན་པ་ལ་དབྱེ་ན། མདོ་སྔགས་ཀྱི་སྐོར་དང་། གསུང་ཐུན་མོང་གི་སྐོར། བསྟོད་ཚོགས་དང་གཏམ་ཚོགས་སྐོར། འདོན་ཆོག་གི་སྐོར་སོགས་ཚན་པ་མང་པོ་བཞུགས། ཁྱད་པར་དུ་བཟོ་དང་གསོ་བ། རྩིས་བཅས་ལ་ཕྱག་རྗེས་ཆེན་པོ་ཡོད་ཅེས་རིས་མེད་ཀྱི་མཁས་པ་དུ་མས་བསྟོད་བསྔགས་ཀྱི་མེ་ཏོག་ཕྱོགས་ཀུན་ཏུ་གཏོར་བར་བྱས། མཐར་དགུང་ལོ་རེ་བདུན་ཐོག་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་༡༩༡༢ལོར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །