༄༅།།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
2016-04-09 01:39来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:རིག་བསྟན་གྱིས 编辑:ཧེ་རམ་པ་གླང་བཞོན།浏览数:343 

      ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྟེ་སྤྱི་ལོ་1813ལོར་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ་ཡབ་ཁྱུང་རྒྱལ་བསྟན་འཛིན་གཡང་དྲུང་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་མཚན་གཞན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས། པདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ་བཅས་མི་འདྲ་བ་སྣང་། ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། སི་ཏུ་པདྨ་ཉིན་བྱེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་ལྔ་བཅུ་ལྷག་ཙམ་བསྟེན་ནས་བོད་ཀྱི་རིག་གནས་ཡོངས་རྫོགས་ལ་གསན་བསམ་མཐར་ཕྱིན་པར་མཛད། ཁོང་གིས་ཆོས་གང་གསན་པ་ཐམས་ཅད་ཉམས་ལེན་ལ་འཁྱོལ་བར་གནང་ཞིང་སློབ་མ་རྣམས་ལ་རང་རང་གི་འདོད་མོས་དང་འཚམས་པའི་ཆོས་རྣམས་གསུངས་པར་མཛད། ། གསུང་རྩོམ་སྐོར། དཔར་ལ་འཁོད་པ་དང་མ་འཁོད་པ་ཁྱོན་པོད་དགུ་ལྷག་ཙམ་བཞུགས། དེའི་ནང་ནས་གཙོ་ཆེ་བ་ནི་མཛོད་ཆེན་ལྔ་སྟེ།ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་དང་། གདམས་ངག་མཛོད། བཀའ་བརྒྱུད་སྔགས་མཛོད། རིན་ཆེན་གཏེར་མཛོད། རྒྱ་ཆེན་བཀའ་ཡི་མཛོད་བཅས་ཡིན། མཐར་དགུང་གྲངས་གྱ་བདུན་ཐོག་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་སྟེ1894ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །


会员登录
登录
我的资料
留言
回到顶部