གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།ཡིག་གཟུགས་ཀྱིས་བྱིས་པར་ཐེབས་པའི་ཤུགས་རྐྱེན།

 二维码 156
发表时间:2015-09-09 09:16作者:ལྕང་སྐྱེས་རྟ་མགྲིན་ཚེ་བརྟན།来源:སྐད་འཕྲིན།

ཡིག་གཟུགས་ཀྱིས་བྱིས་པའི་འབྱུང་འགྱུར་གྱི་མི་ཚེའི་འཚར་ལོངས་ལ་ཤུགས་རྐྱེན་ཟབ་མོ་འཇོག་ཐུབ།

      བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བོད་ཀྱི་ཡིག་གཟུགས་ནི་སློབ་དཔོན་ཐོན་མིས་ཐོག་མར་གསར་བཟོ་གནང་བའི་རྨང་གཞི་དེའི་སྟེང་དུ་ཕྱིས་འབྱུང་དུས་རབས་རིམ་བྱུང་གི་ཡིག་གཟུགས་མཁས་བ་རྣམས་ཀྱིས་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཡིག་གཟུགས་ཀྱི་བྲིས་རྒྱུན་སྣ་ཚོགས་གསར་གཏོད་གནང་སྟེ་འབྲི་སྦྱོང་ནས་གཞུང་ལུགས། གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱས་པའི་བརྒྱུད་རིམ་ཁྲོད་མ་ཉམས་རྒྱུད་འཛིན་བྱས་ནས་ད་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་རེད། དེ་ལྟ་བུའི་ཐུན་མིན་གྱི་ཡིག་གཟུགས་རིག་གནས་འདི་ནི་ང་ཚོའི་མེས་པོ་དམ་པ་རྣམས་ཀྱི་རྣམ་དཔྱོད་དང་བློ་གྲོས་ཀྱི་སྙིང་བཅུད་ཡིན་པ་མ་ཟད་མི་རབས་རྗེས་མའི་བུ་རབས་ཚ་རྒྱུད་རྣམས་ལ་བཞག་པའི་རིན་ཐང་བྲལ་བའི་རྒྱུ་ནོར་འབའ་ཞིག་ཀྱང་ཡིན་པས། ཁ་བ་གངས་ཅན་པའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་རང་བཞིན་ལྡན་པའི་སྒྱུ་རྩལ་རིག་གནས་ཤིག་ཏུ་ཆགས་ཡོད་པ་རེད། བོད་ཀྱི་ཡིག་གཟུགས་ལ་སྨྱུག་རིམ་མིང་འདོགས་ཀྱི་ཐ་སྙད་དངཡིག་གཟུགས་སྣ་ཁ་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་ནས་འབྲི་སྟངས་ལའང་སྨྱུག་ཁ་བསྐོར་འཐེན་ངེས་ཅན་ཞིག་བརྒྱུད་དགོས་པས་ན། སློབ་ཆུང་གི་སྐབས་ནས་བཟུང་བྱིས་པ་རྣམས་ཀྱིས་ཡི་གེ་རེ་རེ་འབྲི་ཀློག་བྱེད་ཐུབ་པ་དང་དེའི་དང་འབྲེལ་བའི་རིག་གནས་ཤེས་བྱ་སློབ་དགོས་པ་མ་ཟད། ཡིག་གཟུགས་འབྲི་ཚུལ་ལའང་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས། དགེ་སློབ་ཟུང་འབྲེལ་གྱིས་ཡིག་གཟུགས་འབྲི་སྦྱོང་གི་བྱ་བར་ཧུར་ཐག་བྱས་ན་སློབ་མས་སྦྱངས་ཟིན་པའི་ཤེས་བྱ་མཐའ་དག་བློ་ངོར་སྲ་བརྟན་ཡོང་བ་དང་བྲིས་པའི་ཡི་གེ་མཛེས་ལ་གྲལ་དག་པ། ཆེ་ཆུང་དང་སྦོམ་ཕྲ་ཡ་ཡོ་མི་ཤོར་པར་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པ་ཡིན།

     གཅིག   ཡིག་གཟུགས་ལ་སློབ་སྦྱོང་བྱས་ན་སློབ་མའི་རིག་པ་གཅིག་སྒྲིམ་དང་རང་གི་འཇོན་ཐང་ལ་ཡིད་ཆེས་བྱེད་པའི་བསམ་བློའི་སྤུས་ཚད་སྐྱེད་བསྲིང་བྱེད་ཐུབ་སྟེ།ཁྱིམ་བདག་མང་པོ་ཞིག་ལ་རང་གི་བྱིས་པ་མ་རབས་བྲ་ཚེགས་ཀྱི་དབང་དུ་ཤོར་ནས་རིག་གནས་བསླབ་ཚན་གྱི་ཕྱོགས་སུ་རིག་པ་མི་སྒྲིམ་པར་སེམས་ཁུར་སྡུག་སྨྲེ་ཡང་ཡང་འདོན་པ་རེད།ཡིན་ནའང་ཡིག་གཟུགས་སྦྱོང་བརྡར་གྱི་གོ་རིམ་ནི་སློབ་མའི་བློ་རིག་གཅིག་སྒྲིམ་མཐོར་འདེགས་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ།ཡིག་གཟུགས་འབྲི་སྦྱོང་བྱེད་པར་ཀླད་པ་དང་མིག་དབང་།ལག་མཛུབ་བཅས་ཐུན་མོང་གིས་ཡུལ་དུས་ངེས་ཅན་ཞིག་གི་ནང་དུ་བེད་སྤྱོད་གཏོང་དགོས་པའི་གཏན་ཚིགས་རང་བཞིན་གྱི་ཆོས་ཉིད་དེས་ངོས་གཞན་ཞིག་ནས་སློབ་མའི་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་བོ་དེ་རྒྱུན་མཐུད་སྐྱེད་བསྲིང་བྱེད་པར་ནུས་བ་ངེས་ཅན་ཞིག་ཐོན་བཞིན་ཡོད།

            གཉིས་པ།  ཡིག་གཟུགས་འབྲི་སྦྱོང་གི་ལས་རྩོལ་དེས་སློབ་མའི་བློ་གྲོས་སྔོག་འདོན་དང་སློབ་མའི་སློབ་སྦྱོང་གི་འཚོ་བ་དང་འབྲེལ་བའི་བྱ་བའི་སྙོམས་སྒྲིག་རང་བཞིན་གྱི་འདུ་ཤེས་བསྐྱེད་བསྲིང་བྱེད་ཐུབ།སྤྱིར་བཏང་ཏུ་ཡིག་གཟུགས་སྦྱོང་བརྡར་ནི་ཆེས་ངོ་མཚར་བའི་འགུལ་སྐྱོད་ཀྱི་མ་ལག་ཚོགས་པ་ཞིག་ཡིན།ཐོག་མ་ཉིད་ནས་ཡི་གེ་རེ་རེ་ནན་ཏན་ཞིབ་ཚེགས་ཀྱིས་འབྲི་དགོས་པ་དང་ཀླད་ཆེན་གྱིས་ལག་པ་དང་མིག་གཉིས་ལ་མཛུབ་སྟོན་བྱེད་པའི་གནས་བབ་འོག་ཏུ་ལག་ངར་དང་མཛུབ་མོའི་རྩལ་ནུས་ཀྱི་ཉམས་འགྱུར་མི་འདྲ་བ་དང་ཐ་ན་ལུས་པོ་ཡོངས་རྫོགས་ཀྱི་རམ་འདེགས་ཟུང་འབྲེལ་སྒོས་ལེགས་འགྲུབ་ཡོང་དགོས་པའི་ལས་ཀ་ཞིབ་ཚེགས་ལྡན་པ་ཞིག་རེད།དེ་ཕྱིར་ཡུན་རིང་གི་ཡིག་འབྲིའི་ལག་ལེན་ཁྲོད་ནས་བྱིས་པའི་འདང་རྒྱག་གི་ནུས་བ་དང་བཏང་ལེན་གྱི་ནུས་བ་དང་།བསམ་ཡན་གྱི་ནུས་བ།གསར་སྐྲུན་རང་བཞིན་གྱི་བསམ་གཞིགས་ནུས་བ་སྔོག་འདོན་བྱས་ནས་སྤྱིར་བཏང་གི་བྱིས་པ་ལས་ཆེས་ཆེར་བརྒལ་ཡོད་པ་རིག་པའི་བདེན་དཔང་འཐོབ་ཐུབ།

          གསུམ་པ། ཇི་ལྟར་བརྟག་ཀྱང་ཡིག་གཟུགས་འབྲི་སྦྱོང་གིས་ན་ཆུང་བྱིས་པའི་སྤྱིའི་ནུས་པ་མཐོར་འདེགས་གཏོང་ཐུབ་པ་ཡིན། ང་ཚོས་སློབ་སྦྱོང་གི་ལས་ཐོབ་དང་བརྒྱུད་རིམ། བྱ་བ་གཅིག་འདྲ་ཡིན་པའི་མི་གཉིས་བསྡུར་ནས་བལྟས་ན་ཡིག་གཟུགས་སྦྱངས་མྱོང་མ་མྱོང་པའི་ཁྱད་པར་འདིས་བྱ་དངོས་ངོས་འཛིན་གྱི་བསམ་བློ་གཏོང་སྟངས་དང་ཐབས་ལམ། ལྗོངས་རྣམ་མྱོང་རོལ་གྱི་མིག་དབང་ཚོར་ཤེས་ལ་ཧེ་བག་ཡོད་དེ། སྔ་མ་དེས་སྒྱུ་རྩལ་ཚོར་རྟོག་གི་ཤེས་རབ་རྣོན་པོ་སྤྱད་ནས་བྱ་དངོས་བྱེ་བྲག་གི་གནས་ལུགས་ཆོས་ཉིད་ལ་ལྟ་ཞིབ་ངོས་འཛིན་དང་། མཛེས་དཔྱོད་རིག་པའི་རིན་ཐང་ལྟ་བའི་ལམ་ནས་དབྱེ་འགྲེལ་གསལ་གསེད་དང་བརྡར་གཅོད་གནད་ཐིངས་བྱས་ཡོད་སྟབས། གཞན་ལས་ལྷག་པའི་ལེགས་ཆ་མང་པོ་ཞིག་སྡུད་ལེན་བྱེད་ཐུབ་ཡོད་པ་རིག་པའི་བདེན་དཔང་རྙེད་ཡོད། ང་ཚོས་ནམ་རྒྱུན་ཡི་གེ་ཡག་པོ་འབྲི་ཤེས་པའི་སློབ་མ་དག་གི་ལས་བྱ་ལ་གཟབ་ཉན་ཤེས་ཚོར་ལྟར་ན་ཡིག་གཟུགས་ཙམ་མ་ཡིན་པར་བསླབ་བྱ་ཚང་མར་སྦྱངས་འབྲས་ཕུལ་བྱུང་ཅན་གྱི་སྣོད་ལྡན་སློབ་མ་ཤ་སྟག་ཡིན་པ་ལྟ་བུ་ཆགས་འདུག  དེ་ཕྱིར་རྒྱུན་ལྡན་གྱི་ཆུང་འབྲིང་སློབ་མའི་ལས་བྱའི་ཡིག་གཟུགས་ཡག་བཙོག་གིས་སློབ་མ་རང་རང་གི་བསམ་བློའི་ཀུན་སྤྱོད་དང་སློབ་སྦྱོང་གི་བཟང་ངན་ཧ་ལམ་རྟོགས་ཐུབ་པ་རེད།

           བཞི་པ། ཡིག་གཟུགས་ཀྱིས་བྱིས་པའི་ཀུན་སྤྱོད་ལེགས་བསྒྱུར་དང་རིག་གནས་སྤུས་ཚད་མཐོར་འདེགས་གཏོང་ཐུབ། ཡིག་གཟུགས་ལ་སློབ་སྦྱོང་བྱས་ན་ཡིག་གཟུགས་རིག་གནས་ལ་དགའ་བའི་གོམས་སྲོལ་ཡག་པོ་ཞིག་ཆགས་ཐུབ་པ་མ་ཟད། སློབ་མའི་མཛེས་དཔྱོད་ཀྱི་ཚོར་རྟོག་ནུས་བ་དང་ཕྱོགས་བསྡུས་རིག་གནས་ཀྱི་སྒྱུ་རྩལ་སྤུས་ཀ་མཐོར་འདེགས་གཏོང་ཐུབ། ཡི་གེ་འབྲི་སྦྱོང་ནི་སློབ་ཆུང་སློབ་མའི་ཆེས་གཞི་རྩའི་ནུས་རྩལ་ཡིན་པ་དང་ཡི་གེ་འབྲི་བའམ་ཡིག་གཟུགས་སྦྱོང་བའི་གོ་རིམ་ཁྲོད་ནས་མཛེས་རྟོག་འཚོལ་ཞིབ་དང་དགེ་སྒྲུབ་སྡིག་སྤངས། བདེན་རྫུན་ཡག་བཙོག། བཟང་ངན་ཤན་འབྱེད་སོགས་སྤང་བླང་འཇུག་ལྡོག་གི་གནས་ལུགས་ཕྱིན་ཅི་མ་ལོག་པར་བློ་ལ་ངེས་ཤེས་འདྲོངས་པའི་བར་སྟོང་རེ་རེའི་ལས་རིག་གནས་ཀྱི་རྨང་གཞི་སྲ་བརྟན་ཡོང་བ་དང་། བསམ་བློ་ཀུན་སྤྱོད་ལེགས་བསྒྱུར་ཐུབ་པ། བྱམས་དང་སྙིང་རྗེ་ཆེ་ཞིང་རྒྱུ་འབྲས་སྲུང་བ། ཚུལ་མཐུན་དྲང་བོ་སྨྲ་བའི་མི་གཞི་ལེགས་པོ་ཞིག་སྐྱེད་བསྲིང་བྱེད་ཐུབ་པ་ཡིན།

         ལྔ་བ། ཡིག་གཟུགས་ཀྱིས་ལོ་ཆུང་བྱིས་པའི་སྐྱེ་འཕེལ་དབང་བོ་དང་སེམས་ཁམས་ཀྱི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་གཏོང་བ་ཡིན།

ཡིག་གཟུགས་སློབ་ཁྲིད་ཀྱི་བྱ་འགུལ་རེ་རེས་ལོ་ཆུང་བྱིས་པའི་ཤེས་འདོད་མཚར་སྣང་གི་སྤྲོ་བ་བསྐྱེད་ཐུབ་པ་ལས་གཞན་ཡི་གེའི་རེ་རེའི་ལྷུ་ལག་འབྲི་སྟངས་ཆོས་ཉིད་ལ་དཔྱོད་རྟོག་དང་དབྱེ་ཞིབ་གཏོང་ཐུབ་པ་མ་ཟད།ཡི་གེ་འབྲི་བའི་གོ་རིམ་ཁྲོད་ནས་མཛེས་པར་ཞེན་པ་དང་འབྲི་ཚུལ་གཏན་ཚིགས།སྒྱུ་རྩལ་གཏན་ཚིགས་ཀྱི་ཐུན་མིན་ཁྱད་ཆོས་ལ་ཕྱོགས་ཡོངས་ནས་ངེས་ཤེས་ཟབ་མོ་འཐོབ་ཐུབ།དེའང་སྨྱུག་བཅད་ཀྱིས་ཡི་གེ་སྦྱོང་བའི་རོལ་རྩེད་ཕྲ་མོ་རེ་རེས་བྱིས་པའི་སེམས་ཁམས་བདེ་ཐང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཡི་གེ་འབྲི་བའི་རྩལ་འདོན་བརྒྱུད་རིམ་ཁྲོད་ནས་ལུས་སེམས་གཅིག་གྱུར་དང་།ལུས་ཁམས་ཧྲིལ་པོའི་དབང་རྩ་ཐམས་ཅད་འགུལ་སྐྱོད་བྱེད་པ།སེམས་ཤུགས་གཅིག་སྡུད་ཡོང་བའི་གཟབ་ནན་གྱི་ལས་རྩོལ་འདིས་ལོ་ཆུང་བྱིས་པའི་བསམ་གཞིགས་ཀྱི་འགུལ་སྐྱོད་ཡོད་ཚད་ལ་ཁ་ལོར་བསྒྱུར་ཏེ་སྐྱོན་བྲལ་སྒོས་སྐྱེ་འཕེལ་དབང་བོ་དང་གཟབ་ནན་ཞིབ་ཚེགས་རང་བཞིན་གྱི་རང་གཤིས།སེམས་ཁམས་བདེ་ཐང་འཚར་ལོངས་འབྱུང་བར་བཅས་ལ་ནུས་བ་གལ་ཆེན་ཐོན་ཡོད།

               ༢༠༡༤ལོའི་ཟླ༤པའི་ཚེས༢༡ཉིན་ལ་བྱ་གཞུང་དུ་བྲིས།


会员登录
登录
我的资料
留言
回到顶部