设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

༄༅།།བོད་ཀྱི་ཡིག་གཟུགས་དྲ་བས་དྲ་ཚིགས་འཛུགས་གཉེར་སྐོར་གྱི་བྱ་བའི་བགྲོ་གླེང་ཚོགས་འདུ་བསྡུས་པ།

 二维码 480
发表时间:2015-09-11 19:57作者:བདེན་འཚོལ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

     སྤྱི་ལོ་༢༠༡༥ལོའི་ཟླ་༩པའི་ཚེས༩ཉིན་གྱི་ཕྱི་དྲོར། ཀན་ལྷོའི་ཀླུ་ཆུ་རྫོང་སློབ་གསོ་ཅུས་ཀྱི་གྲོས་ཚོགས་ཁང་དུ། བོད་ཀྱི་ཡིག་གཟུགས་དྲ་བས་སྐབས་དང་པོའི་དྲ་ཚིགས་འཛུགས་གཉེར་སྐོར་གྱི་བྱ་བའི་བགྲོ་གླེང་ཚོགས་འདུ་བསྡུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་དྲ་ཚིགས་གསར་སྤེལ་བྱས་ནས་ལོ་ངོ་གཅིག་ལ་ཉེ་བའི་སྐབས་སུ་འཚོགས་པ་ཡིན་ལ། གདན་ཞུའི་སྐུ་མགྲོན་ཐང་དགེ་སྒྲོལ་དཀར་སྐྱབས་དང་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་མི་སྣ་ཚང་མ་བགྲོ་གླེང་ཚོགས་འདུར་ཞུགས།

     རེབ་འདིར་སྨྱུག་འཛིན་པ་སྐལ་བཟང་ཚེ་བརྟན་གྱིས་ཚོགས་འདུའི་མདོ་འཛིན་མཛད་ཅིང་།  དྲ་བདག་རྟ་མགྲིན་མགོན་པོས་དྲ་ཚིགས་བཙུགས་པའི་སྔ་ཕྱིའི་གནས་ཚུལ་དང་། དྲ་ཚིགས་ཀྱི་ཐུན་མིན་རང་བཞིན་དང་དེའི་དོན་སྙིང་།  འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་ཇུས། དྲ་ཚིགས་ལེགས་སྒྲུབ་བྱེད་པའི་དཀའ་ཁག་དང་མ་འོངས་ཤུགས་སྣོན་རྒྱག་སའི་གནད་འགག་སོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེ་གནང་།  དྲ་གཉེར་བ་དཔལ་མགོན་ཚེ་རིང་གིས་དྲ་ཚིགས་ཀྱི་སྤྱིའི་སྒྲིག་གཞིའམ། ནང་དོན་བཀོད་སྒྲིག་བྱེད་སྟངས་སོགས་ཚོགས་ཞུགས་མི་སྣ་ཚང་མར་ངོ་སྤྲོད་དང་གསལ་བཤད་བྱས་ཤིང་།  རྩོམ་སྒྲིག་པ་རེ་རེའི་ངོས་ནས་ལེ་ཚན་བཀོད་སྒྲིག་དང་བྱ་བའི་ཆ་ནས་ལས་བགོས་ཕྲ་ཞིབ་བྱས།  དེར་མཐུད་ནས་གདན་ཞུ་སྐུ་མགྲོན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱིས་དྲ་ཚིགས་འདི་ལྟ་བུ་ཞིག་ལེགས་སྒྲུབ་མཛད་པ་བོད་ཁ་བ་ཅན་ལ་མཚོན་ན་ངོ་མས་དོན་སྙིང་ལྡན་ལ་གལ་འགང་ཆེ་བ་ཞིག་ཡིན་ཟེར་བ་མ་ཟད། ཁོང་གིས་ནམ་ཡང་ལས་དོན་འདིར་རྗེས་སུ་ཡི་རངས་དང་། རྒྱབ་སྐྱོར་ཅི་ལྕོགས་བྱ་རྒྱུའི་འདུན་པ་བསྟན། རྩོམ་སྒྲིག་པ་ལྷན་རྒྱས་ནས་ཀྱང་དྲ་ཚིགས་ཀྱི་མིག་སྔའི་ཇུས་འགོད་དང་ནང་དོན་གྱི་ཐད་ནས་བསམ་འཆར་དང་གྲོས་གཞི་གང་མང་བོ་བཏོན་ཞིང་།  དེང་ཕྱིན་གྱི་དྲ་བསྒྲུབ་བྱ་བའི་ཕྱོགས་སོ་སོ་ནས་གཏམ་གླེང་ཡག་པོ་བྱས་ཏེ་བཀྲ་ཤིས་པའི་ངང་ཚོགས་འདུ་མཇུག་བསྡུས་པ་རེད།


བགྲོ་གླེང་ཚོགས་འདུའི་ཡུལ་དངོས་འདྲ་པར།



ཀན་ལྷོའི་བྲིས་པའམ་པར་རིས་ཇུས་འགོད་པ་སྐལ་བཟང་ཚེ་བརྟན་གྱིས་མདོ་འཛིན་གནང་བཞིན་པ།



དྲ་གཙོ་རྟ་མགྲིན་མགོན་པོས་གཏམ་བཤད་གནང་བཞིན་པ།



ཀན་ལྷོའི་བྲིས་པ་དཔལ་མགོན་ཚེ་རིང་ལགས་ནས་དྲ་ཚིགས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་བཞིནཔ།




གདན་ཞུའི་སྐུ་མགྲོན་ཐང་དགེ་སྒྲོལ་དཀར་སྐྱབས་ལགས་ཀྱིས་གཏམ་བཤད་གནང་པ།





༺གསར་འགོད་པ་བདེན་འཚོལ་གྱིས།༻