གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།དྲུང་ཡིག་སྨོན་ལམ་ལགས་ཀྱི་འབྲུ་ཚའི་མ་ཕྱི།(ཡིག་གཟུགས་བློ་གསལ་སྤྱི་ནོར་ལས)

 二维码 817
发表时间:2015-03-10 17:20

       བོད་ཡིག་དབུ་མེད་ལ་སྤྱི་ཚུགས་ཀྱི་ལུས་ཉམས་འདྲ་ཡང་བྱེ་བྲག་གི་གཟུགས་ཀྱི་སྒོ་ནས་དབྱེ་བའི་རིགས་ཁ་ཤས་ཡོད་པ་ལས། འདིར་སྡེ་སྲིད་ཆེན་མོའི་གསུང་སོགས་ན་དགའ་ལྡན་ཡིག་གསར་ཞེས་པ་དེང་སང་མདོ་སྨད་ཁུལ་དུ་བོད་བྲིས་དང་། དབུས་བྲིས་ཞེས་འབོད་པ་འདི་ལ།  རྒྱལ་དབང་བདུན་པ་མཆོག་གི་ཐིག་བཤད་ཅིག་ཡོད་ཚུལ་ཐོས་ཀྱང་མིག་ལམ་དུ་མ་སྨིན། གང་ལྟར། སྔོན་ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཡིག་གཟུགས་འདི་དར་སོ་དེ་ཙམ་མི་ཆེ་བས། སྔ་དུས་བོད་ཀྱི་རྩེ་དྲུང་ཡིག་གཟུགས་ཆེས་ལེགས་པའི་བྱ་དགའ་ཐོབ་པ།  ཐུབ་བསྟན་བསྟན་འཛིན་ཞུ་བ་ཁོང་། ཀུན་མཁྱེན་ལྔ་བ་ཆེན་མོས་མདོ་སྨད་དུ་གདན་དྲངས་པའི་དྲུང་ནས་ལོ་འཁོར་དྲུག་གི་ཡུན་ལ་སློབ་ཁྲིད་ཞུས་པའི་རྒྱུན་ཇི་བཞིན་ལས།  ཕྲན་བུས་སོར་རྩེས་ལྷད་མ་བཅུག་པར་བྲིས་པ་ཡིན་མོད་དེ། ཕྲན་གྱི་ལོ་ན་དང་། ལྷག་པར་ལོ་མང་བོར་རྐྱེན་དབང་གིས་རྒྱུན་འབྲི་མ་བཏུབ་ཤིང་རང་བློ་ཚིམ་པའི་གཟབ་ཐོན་པ་ཞིག་མ་བྱུང་ནའང་། གསར་བུ་འགར་ཕན་སྲིད་སྙམ། སྤྱིར་བོད་ཡིག་གི་དབུ་མེད་འབྲུ་ཆེན་གྱི་རྒྱུན་རྙིང་བ་ལ་ལའི་ལུགས་དང་། ལྡན་ལུགས་གཉིས་ལས་ཕྱི་མའི་རྒྱུན་ལ་ཆོས་རྒྱལ་རྒྱལ་མཁར་རྩེ་བའི་ཐིག་བཤད་དང་། ཐིག་དཔེ་ཡོད་པར་གསུངས་པ་མ་ཟད། སྡེ་སྲིད་རང་གིས་ཀྱང་ཐིག་བཤད་བརྩམས་ཡོད། དགའ་ལྡན་ཡིག་གསར་ལ། རྒྱལ་དབང་བདུན་པའི་ཐིག་བཤད་ཡོད་ཚེ་འགྲེམ་སྤེལ་དང་། ཡང་ན་ཡིག་གསར་འདི་ལ་མཁྱེན་རྩལ་གྱི་སྤོབས་པ་ཡངས་པ་རེས་ཐིག་བཤད་དང་དཔེ་རིས་སྦྲགས་པ་ལྷན་ཐབས་ཀྱི་ཚུལ་དུ་འབྲི་རྩོམ་གནང་ན། རིགས་གནས་ཆ་ཇེ་ཚང་དང་། ཡུན་ཇེ་རིང་ལ་ཕན་པར་འགྱུར་ངེས་སྙམ།

      མདོ་སྨད་ཆོས་འབྱུང་ལས།  དཔལ་མང་དཔོན་པོ་ངག་དབང་རྒྱ་མཚོ་རིག་གནས་ཐམས་ཅད་དང་ལྷག་པར་རྩིས་ལ་མཁས། དཔོན་མོ་ཨེར་ཁེ་ཤ་ར་དབུས་ཕེབས་ཀྱི་དུས།  གཞུང་དུ་བླ་སྨན་དང་དྲུང་ཡིག་ཞུས་པས་བོད་པ་བི་ཅི་ཅི་ལས་ཡི་གེ་བསླབས་པས་ད་ལྟ་བཀྲ་ཤིས་འཁྱིལ་གྱི་ཡིག་ནག་གི་སློབ་རྒྱུ་ཀྱང་འདི་ལས་བརྒྱུད་པ་ཡིན་ནོ་ཞེས་གསུངས་པ་ལྟར་ཡུལ་དབུས་ཀྱི་ཕྱག་བཞེས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིད་རྒྱུན།  སློབ་དཔོན་བཀའ་དྲིན་ཅན་གྱི་ཕྱག་རྒྱུན་ཇི་བཞིན་བྲིས་པ་འདི་ལ།  ཡུལ་འདི་ཕྱོགས་གཙང་གི་བྲིས་རྙིང་ཟེར་ཞིང་། ད་ཡན་ལོ་སུམ་བརྒྱ་མ་ལོངས་ཙམ་ན་བྲིས་པའི་རྒྱ་བོད་ཀྱི་ཆེས་གོང་གྲས་ཀྱི་བཀའ་ཤོག་འགའ་མཐོང་བ་འབྲུ་ཚའི་གཟུགས་བྲིས་རྙིང་འདི་འདྲར་དཔག་ན།  སྡེ་སྲིད་ཆེན་མོས་གཡའ་སེལ་དུ། ད་ལྟ་ལྡན་ཡིག་དང་འབྲུ་ཚར་གྲགས་པ་གཉིས་ཀར་མི་འདྲ་བའི་ཡི་གེ་ཀ་ཁ་ག་ཅ་ཆ་ཉ་ཐ་ཕ་བ་མ་ཟ་ཡ་ལ་ཤ་ས་ཨ་སྟེ་བཅུ་དྲུག་དང་ཙ་ཚ་ཐེ་ན་བཅོ་བརྒྱད་འབྱུང་ལ། དེ་དག་གི་འབྲི་ཚུལ་ནི་བྲིས་དཔེ་ལས་རྟོགས་པར་བྱའོ། ། ཞེས་དང་། ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་དུ་གསལ་བ་ལྟར། བསྟན་དར་ལྷ་རམས་པས་ཀྱང་། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དུ།  བོད་ཀྱི་དྲུང་ཡིག་མཁས་པའི་ལག་ལེན་ལྟར་བསླབ་པའི་དབུ་མེད་ཀྱི་བྲི་སྲོལ།  མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་བྱ་བའི་ཆོས་སྡེར་ཡོད་སྐད་གྲགས་པ་གཅིག་ཅེས་གསུངས་པའི་གཟུགས་རྒྱུན་ཕྲན་བུས་བྲིས་པ་གཤམ་གསལ་ལྟར་རོ།།






会员登录
登录
我的资料
留言
回到顶部