གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།མཚོ་སྔོན་ཞིང་ཆེནགྱི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས་པ།

 二维码 161
发表时间:2015-07-22 09:57作者:དྲ་གྲོགས来源:བོད་ཀྱི་ཡིག་གཟུགས་དྲ་བ།


       སྤྱི་ཟླ7པའི་ཚེས22ཉིན།མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་བསྡུས་པ་རེད།

       

            ཐེངས་འདིའི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭའི་གདན་ཞུའི་དགེ་རྒན་ལ་བོད་ལྗོངས་གཞིས་ཀ་རྩེའི་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་བྲིས་པ་གྲགས་ཅན་ཏེ་དགུང་ལོ་དོན་བདུན་ལ་སོན་པའི་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་། པོ་ཏ་ལའི་རྩེ་སློབ་གྲྭའི་བྲིས་པ་གྲགས་ཅན། སྙེ་བྲིས་དང་གཞུང་བྲིས་རྒྱུད་འཛིན་པ་སྙེ་འཕྲིན་ལས་རྒྱལ་མཚན་མཆོག  ཁམས་ཡུལ་ཤུལ་ནང་ཆེན་གྱི་བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མའི་བྲིས་པ་གྲགས་ཅན་མི་རྣམ་སྤྲུལ་སྐུ་མཆོག མགོ་ལོག་དར་ལག་རྫོང་སྡེ་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་ཆེན་མོ་ངག་དབང་རྒྱ་མཚོ་མཆོག  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡིག་གཟུགས་སློབ་དཔོན་མཚོ་སྐྱེས་དོན་གྲུབ་ཚེ་རིང་བཅས་ཕེབས་ཡོད། གསོ་སྦྱོང་ལ་ཞུགས་པའི་སློབ་མའང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོའི་འབྲིང་རིམ་སློབ་གྲྭ་གཙོ་བྱས་པའི་དགེ་རྒན20ལྷག་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡིག་གཟུགས་ལ་མོས་པ་ཡོད་པའི་སློབ་མ20  གཞན་བོད་ཀྱི་ཡིག་གཟུགས་ལ་དུངས་པ་ཞེན་པའི་ཟུར་ཞུགས་པ8བཅས་ཁྱོན་བསྡོམས་པས་སློབ་མ50ལྷག་ཞུགས་ཡོད།


དགེ་བའི་བཤེས་གཉེན་རྣམས་ལ་ཁ་བཏགས་འབུལ་བཞིན་པ།



            མཛད་སྒོའི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་མདོ་འཛིན་གནང་ཞིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཐེངས་འདིའི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྤེལ་བ་ལ་སྲིད་དང་དུས་ཀྱི་མཐུན་རྐྱེན་འཛོམས་པའི་ཆེ་བ་བརྗོད་པ་དང་། བོད་ཀྱི་ཡི་གེའི་ཆེ་བ་བརྗོད་པ། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་ཆེ་བ་བརྗོད་པ།  སྦྱོང་མཁན་གྱི་སློབ་མ་རྣམས་ལ་རེ་བ་འདོན་པ་བཅས་ཕྱོགས་བཞི་ནས་གསུང་བཤད་གལ་ཆེན་གནང་བ་དང་། མུ་མཐུད་ནས་ཡིག་མཁན་རྣམ་པ་ཚོས་ཀྱང་བོད་ཀྱི་ཡི་གེའི་ཆེ་བ་དང་ཕྱག་རྒྱུན་འཁྲུལ་མེད་ཀྱི་བྱུང་བ། བྲིས་གཟུགས་སྒྱུ་རྩལ་ལ་དོ་སྣང་དང་ཐུགས་ཁུར། རྒྱུད་འཛིན་གང་ལེགས་གནང་དགོས་པའི་བཀའ་སློབ་གསེར་ཞུན་ལྟ་བུ་གནང་བ་དང་བཅས་གསོ་སྦྱོང་གི་མཛད་སྒོ་རེ་ཞིག་རྫོགས་པ་རེད།


བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲུའི་དགེ་སློབ་ལྷན་འཛོམས་ཀྱི་མཉམ་པར།

会员登录
登录
我的资料
留言
回到顶部