设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

༄༅།།ཐོན་མིའི་ཕྱག་རྒྱུན་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན།

 二维码 715
发表时间:2015-06-28 13:57作者:ལྡོང་འཆི་དབང་།来源:བོད་ཀྱི་ཡིག་གཟུགས་དྲ་བ།

     མདོ་ཁམས་རྫ་རྒྱུད་འབུམ་རྙིང་ཤེས་རིག་གླིང་ནས་ཐོན་མིའི་ཕྱག་རྒྱུན་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་མཛད་སྒོ་བསྡུས་པའི་སྐོར།

     མདོ་ཁམས་རྫ་རྒྱུད་འབུམ་རྙིང་ཤེས་རིག་གླིང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་མངའ་ཁོངས་སུ་ཡོད་པའི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་རྫ་འབུམ་རྙིང་དགོན་དགེ་ལྡན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་གླིང་གི་རྨང་གཞིའི་རིག་གནས་སློབ་གྲྭ་ཞིག་ཡིན་ལ། ད་བར་སློབ་མ་ཉིས་བརྒྱ་ལྷག་དང་དགེ་རྒན་སོགས་ལས་བཟོ་བ་ཉི་ཤུ་ཡས་མས་ཡོད། བོད་དབྱིན་རྒྱ་གསུམ་དང་རྩིས་རིག་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད། ཁྱད་པར་དུ་བོད་ཀྱི་ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་གདན་དྲངས་ཏེ་ཁོང་གིས་འབད་བརྩོན་ལྷོད་མེད་དང་གཟབ་ནན་ཞིབ་ཚགས་ཀྱིས་ཡིག་གཟུགས་སློབ་ཁྲིད་གནང་བས་སློབ་གླིང་འདིའི་སློབ་མ་རྣམས་ལ་ཡིག་གཟུགས་ཀྱི་ཕྱོགས་ནས་གཞན་དང་མ་འདྲ་བའི་གྲུབ་འབྲས་ཆེན་པོ་བྱུང་ཡོད།

     དེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཁྲིད་ཐབས་ཏེ་སྦྱང་ཤིང་གི་སྟེང་དུ་འབྲི་བའི་བྲིས་རྒྱུན་དབུས་ཕྱོགས་སུ་མ་གཏོགས་ད་སྐབས་མདོ་སྨད་དུ་ཉམས་རྒུད་ཆེན་པོ་བྱུང་ཡོད་མོད། ཁོང་གིས་སྲོལ་རྒྱུན་བཟང་པོ་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གཏང་ཆེད་སློབ་གླིང་འདིའི་སློབ་མ་ཐམས་ཅད་ཀྱིས་སྦྱང་ཤིང་གི་སྟེང་དུ་འབྲི་བ་ནས་དབུ་བཟུང་སྟེ་དབུ་ཅན་སྙུག་རིས་དང་སྙུག་བཅད། དབུ་མེད་ཚུགས་རིང་ནས་དབུ་མེད་འཁྱུག་བྲིས་བར་དུ་ཁྲིད་ཐབས་དང་ལག་ལེན་གྱི་གོ་རིམ་མ་འཁྲུགས་པར་ཚད་ལྡན་ངང་སློབ་ཁྲིད་བྱས་པར་བརྟེན་སློབ་མ་རྣམས་ལ་བོད་ཀྱི་ཡིག་གཟུགས་ཀྱི་ཁྲིད་ཐབས་དང་ལག་ལེན་སོགས་ལེགས་པོར་ངོས་འཕྲོད་དེ་རྨང་གཞི་ཡག་པོ་བཞག་ཡོད།

     ཉིས་སྟོང་བཅུ་བཞི་ལོའི་སྟོན་ཁར་ཐོན་མིའི་ཕྱག་རྒྱུན་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་ཐེངས་དང་པོ་སྤེལ་ཞིང་ལྟད་མོ་བ་དང་གཟིགས་ཞིབ་པ་ཚང་མས་བསྔགས་བརྗོད་ཆེས་ཆེར་ཐོབ་ཡོད།

     དེ་རིང་སྟེ་ཕྱི་ལོ༢༠༡༥ ཟླ༦ ཚེས༡༦ ཉིན་སྤེལ་བའི་ཐེངས་གཉིས་པའི་ཐོན་མིའི་ཕྱག་རྒྱུན་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་མཛད་སྒོ་མདོ་ཁམས་རྫ་རྒྱུད་འབུམ་རྙིང་ཤེས་རིག་གླིང་དུ་སྤེལ་ཞིང་། མཛད་སྒོའི་སྟེང་དུ་འབུམ་རྙིང་དགོན་གྱི་མཁན་རིན་པོ་ཆེས་དབུ་བྱས་པའི་བླ་སྤྲུལ་དགེ་བའི་གཤེས་གཉེན་མང་པོ་ཞིག་ཕེབས་ཏེ་བཀའ་སློབ་རིམ་པར་གནང་ཞིང་། བླ་སྤྲུལ་དགེ་བཤེས་དང་འདུས་མང་། དེེར་ཕེབས་ལྟད་མོ་བ་ཚང་མས་སློབ་མ་རྣམས་ཀྱིས་བྲིས་པའི་ཡིག་གཟུགས་སྒྱུ་རྩལ་ལ་ཧ་ལས་ཧང་སངས་ཀྱི་ངང་ནས་བསྔགས་བརྗོད་ཆེས་ཆེར་མཛད་སོང་།

    གཤམ་དུ་མདོ་ཁམས་རྫ་རྒྱུད་འབུམ་རྙིང་ཤེས་རིག་གླིང་གི་སྐབས་གཉིས་པའི་ཡིག་གཟུགས་འགྲན་བསྡུར་གྱི་གནས་ཚུལ་དང་འབྲེལ་བའི་པར་རིས་འགའ་ལ་གཟིགས་པར་ཞུ།


ཞེས་དགེ་མིང་ཙམ་འཛིན་པ་ལྡོང་འཆི་དབང་གིས་གསར་འགྱུར་ཞིག་གི་དོད་དུ་སྦྱར།




མཉམ་སྤྱོད།分享