设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།བོད་ཀྱི་ཡི་གེ་སྲོལ་ཐོག་མར་གསར་དུ་བཏོད་ཚུལ།

 二维码 262
发表时间:2015-05-28 06:40作者:ཀུན་གསལ་སྙིང་པོ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

      དེ་ཡང་བོད་ཀྱི་ཡི་གེ་ཐོག་མར་གྲུབ་མཐའ་གང་གི་སྒོ་ནས་བྱུང་བ་དང་།ཐོག་མར་མཛད་པ་པོ་གང་ཡིན་ཞེ་ན།ངོ་མཚར་བོད་ཀྱི་ཡི་གེ་འདི་སངས་རྒྱས་གཡུང་དྲུང་བོན་གྱི་ཡི་གེ་ཁོ་ན་ཡིན་ཏེ།དཔེར་ན་དང་པོ་སྲིད་པ་ཡེ་སངས་རྒྱས་ཀྱི་ཡུལ་དུ་གཡུང་དྲུང་བོན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་སངས་པོ་འབུམ་ཁྲིའི་བརྡ་ཐབས་དང་།དེ་ནས་ནུབ་ཕྱོགས་བདེ་བ་ཅན་ནམ་རྟག་གཟིགས་(སྟག་གཟིག་)འོལ་མོའི་ལུང་དུ་སྟོང་གསུམ་འདུལ་བའི་སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་བར་ཀྱི་མཁྱེན་དཔྱོད་རྩལ་གྱིས་མཛད་པ་ཡིན་ཏེ།སྟོན་པའི་མཛད་རྣམ་འབྲིང་པོ་མདོ་གཟེར་མིག་ལས།སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད།།ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི།།སྣང་སྲིད་སིལ་བུ་མཆེད་པའི་རྒྱུ།།ཞེས་སོ།།ལངས་སྐུའི་རྩ་ཡིག་ལས།སྣང་སྲིད་སིལ་བུར་མཆེདཔའི་རྒྱུ།།ཡིག་འབྲུ་ཁྲི་དང་འབུམ་གཉིས་སུ་སྤྲུལ་ཞིང་མཛད་པ་ཡིན།ཞེས་གསུངས་པས་སོ།།དེའང་ལོངས་སྐུས་མཛད་པའི་ཡི་གེ་དེ་ཉིད་ཡོད་ན་གང་ཟག་གི་ཡི་གེའི་དོན་གོ་བར་འདོད་པ་རྣམས་ལ་ཡི་གེ་སློབ་མི་དགོས་པར།མཐོང་མ་ཐག་ཏུ་རང་ཤུགས་ཀྱིས་ཀློག་ཤེས་ཤིང་དོན་གོ་བ་ཡིན་ཏེ།སྟན་པའི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས།ཐབས་ཀྱི་རྒྱལ་པོ་སངས་པོ་ཡིས།།ཡིག་འབྲུ་ཁྲི་དང་འབུམ་ཡོད་ན།།དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱི།།ཡིག་རྩིས་མ་བསླབ་རང་རྡོལ་ཤེས།།གཤེན་རབ་སྟོན་པས་བསྟན་པ་བཞིན།།བསྟན་པ་བཞིན་དུ་ངེས་པར་གོ།ཞེས་གསུངས་སོ།།ད་ལྟར་སྔོན་དུ་ཡོད་ཀྱང་སེམས་ཅན་རྣམས་ཀྱི་ལས་དབང་ཞན་པས།དཔོན་བཟའ་ཐང་མོ་བདུད་རྒྱལ་ཁྱབ་པ་ལག་རིང་གིས་བསླུས་སྐབས་སངས་པོའི་ཐུགས་བཅུད་ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད་པའི་གཏོ་སྒྲོམ་ཆེན་པོ་མེར་བསྲེགས་པས་མ་བཞུགས་པར།སླར་ཡི་ག་འཐིམས་ནས་ཕར་ཆེར་ནུབ་བོ།།འོན་ཀྱང་སངས་པོའི་བྱིན་རླབས་དང་།སྟོན་པ་གཤེན་བར་གྱི་ཐུགས་རྗེས།ཡིད་ཀྱི་ཁྱེའུ་ཆུང་གིས་མེ་ལ་བརྙབས་པས།བེའུ་བུམ་ཚིག་འཕྲོ་སྤར་གང་ཐོབ་པ་ལས།ཡི་གེ་ཨཱོ་རཾ་སྲུཾ་ཁཾ་ཡཾ་དཔའ་བོ་འབྲུ་ལྔ་མ་ཚིག་པར་བཞུགས་པས།དེ་ལ་བརྟེན་སྟོན་པ་གཤེན་རབ་ཀྱི་དག་པའི་རྩ་ཡིག་གམ་ངེས་པའི་ཐོ་ཡིག་བཞི་བཅུའི་གདངས་ལས་འཕྲུལ་ཡིག་བཞི་བཅུའམ་སུམ་ཅུ་རྩ་བརྒྱད་དུ་སྤྲུལ་ཏེ།སྨོན་ལམ་གྱིས་མངོན་སུམ་དུ་ད་ལྟའི་བོད་ཀྱི་ཡི་གེ་འདི་ཉིད་བྱས་པས།དངོས་སུ་འཕེལ་བའི་ཚུལ་ནི།མདོ་གཟེར་མིག་ལས།གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས།།བྱིན་རླབས་ཀྱིས་དཔའ་བོ་འབྲུ་ལྔ་ལུས།།སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ།།ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས།།ཞེས་དང་།གཡུང་དྲུང་དགྲ་རྒྱུད་ལས།མཐོན་མཐོན་བཻཌཱརྱ་འོད་ཀྱི་གླེགས་བམ་ལས།སྟོན་པའི་ཐུགས་ལས་བདེན་པའི་འོད་བྱུང་ནས།།སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་ལས།།འཕྲུལ་གྱི་ཡིག་མད་སུམ་ཅུའི་འབྲུ་བཀོད་ཅིང་།།ལྷག་པའི་ཡིག་འབྲུ་བརྒྱད་ཀྱིས་རྒྱན་བཀོད་ནས།།སྟོང་གི་སྤྱི་ཕུད་ལྟ་བུར་གྱུར་བའོ།།ཞེས་གསུངས་པ་མ་ཟད་ཡི་གེ་སྦྱོར་བའི་ཚུལ་ཡང་མདོ་གཟེར་མིག་ལས།ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཀྱང་དབུབ།།མགོ་ཡིག་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།།ཚེགས་ཀྱིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས།།གུག་འགྲེང་ན་རོ་ཞབས་ཀྱུ་ཡ་བཏགས་ཀྱིས།།སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།།ཞེས་གསུངས་པ་འདིས།ཡིག་འབྲུ་ཀ་མད་སུམ་ཅུས་བརྗོད་བྱེད་ཚིག་གམ་བོན་གྱི་ཁོག་དབུབ་པ་མིང་གཞིར་བཟུང་ནས།དེ་ལ་ཡན་ལག་གི་ཡི་གེ་མགོ་ཤད་ཚེག་གསུམ་སྔོན་རྗེས་དབྱངས་འདོགས་དང་།དེ་ལས་འཕྲོས་པའི་ཕྲད་རྣམ་དབྱེ་སོགས་ཀྱིས།མིང་ཚིག་དུས་གསུམ་བྱ་བྱེད་སོགས་གསལ་བར་བྱེད་པའི་དོན་དུ་རྒྱས་པར་སྦྱོར་དགོས་པ་བསྟན་པས།ཡི་གེའི་རྩ་བ་ཕྱི་རབས་ཀྱི་མཁས་པས་བརྩམས་པ་མ་ཡིན་ཏེ་གོང་བཤད་ལྟར་སངས་པོ་འབུམ་ཁྲི་དང་སྟོན་པ་གཤེན་རབ་རྣམ་གཉིས་ཀྱི་ཐབས་ཤེས་ཟུང་འབྲེལ་གྱིས་མཛད་པ་ཡིན་ཏེ།མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ཀྱི་ལོ་རྒྱུས་ཏེ་སེའི་འོད་ལས།དེ་ལྟར་ནའང་གཤེན་རབ་མི་བོ་ཆེས་བོན་བསྟན་ཅིང་།ཡི་གེའི་སྲོལ་གཏོད་མཛད་པའི་ལོ་རྒྱུས་འདི་ནི་བོན་གྱི་ཡིག་ཆ་ཕལ་མོ་ཆེར་ཡོངས་གྲགས་ཡིན་སྟབས།གཤེན་རབ་བྱོན་པ་ནས་བཟུང་རང་རེས་ཞང་ཞུང་གི་ཡི་གེ་བྱུང་ཡོད་པའི་ཚུལ་མཐུན་ཞིག་ཏུ་མངོན་ཐུབ།ཅེས་པ་དང་།གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས།དང་པོ་དག་པ་ལྷའི་ཡི་གེ་ནི་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།དེ་ཉིད་ལས་ཞང་ཞུང་ཡིག་རྒན་དུ་བསྒྱུར།ཡིག་རྒན་དེ་སྨྲ་ཡིག་ཏུ་བསྒྱུར།དེ་ཉིད་སྨར་ཆེ་ཆུང་།དེ་ལས་བོད་ཡིག་གཟབ་གཤར་རིམ་པར་འགྱུར།།ངོ་བོ་འཕྲུལ་ཡིག་བཞི་བཅུ་སྣོན་བྲི་མེད།།ཡུལ་གྱི་སྐད་གདངས་དང་བསྟུན་སྒྲའི་འབོད་སྟངས།དག་ཕྱིར་སྔོན་རྗེས་འཇུག་སོགས་སྐབས་སྦྱོར་བསྒྱུར།དེ་ལྟར་བོད་ཡིག་འདི་ཕུག་སངས་རྒྱས་གསུངས།ཞེས་གསུངས་པ་མ་ཟད་བོད་ཡིག་གི་གཟུགས་ཀྱང་།དྲན་པའི་བཀའ་ཐང་ལས།དེ་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་།།བོད་ཀྱི་གཤེན་པོ་ཤ་རི་དབུ་ཆེན་དང་།།ལ་ཤུ་སྟག་རིང་ལ་སོགས་པཎ་གྲུབ་འགའ།།རྫུ་འཕྲུལ་རྩལ་གྱིས་རྟག་གཟིགས་ཡུལ་དུ་བྱོན།།བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོང་དྲངས།།ཞང་ཞུང་ཡུལ་དུ་སྒྲ་བསྒྱུར་ལོ་ཙཱ་མཛད།།དག་པ་ལྷ་ཡི་སྐད་ཀྱི་ཡི་གེ་ནི།།སྟག་གཟིག་སྐད་དུ་སྤུངས་ཡིག་དག་ཏུ་བསྒྱུར།།སྤུངས་ཡིག་ཞང་ཞུང་ཡིག་རྒན་ཉིད་དུ་བསྒྱུར།།ཡིག་རྒན་སྨྲ་སྦྲག་སྨར་ཆེན་སྨར་ཆུང་བསྒྱུར།།སྨར་ཆུང་དབུ་ཆེན་གཟབ་ཏུ་བསྒྱུར་བར་བྱས།།གཟབ་ལས་འབྲི་ཚ་བོད་ཀྱི་ཡི་གེར་བསྒྱུར།།ཞེས་གསུངས་པ་ལྟར།ངོ་བོ་འཕྲུལ་ཡིག་བཞི་བཅུ་ལས་འགྱུར་བ་མེད་ཀྱང་།གཟུགས་བརྙན་རིམ་པར་བསྒྱུར་ནས།།ད་ལྟ་བོད་ཀྱི་ཡི་གེ་འདི་ཞང་ཞུང་གོན་དར་མ་དིར་གྱི་ཡི་གེ་ཡིན་ཞེས་སྔ་རབས་མཁས་པས་གསུངས་སོ།

བོད་ཀྱི་ཡི་གེའི་རྣམ་འགྱུར་བཤད་པ།

      རྒྱལ་རབས་གསལ་མེའི་གསུང་སྒྲོས་ལ་བརྟགས་ན།དང་པོ་ཡི་གེ་རྣམ་འགྱུར་གྱི་བཟོ་བརྩམ་ཞེས་པའི་བསྟན་བཅོས་ཤིག་ཡོད་པ་དེར་བོད་ཀྱི་ཡི་གེའི་རྣམ་པ་ཇི་ལྟར་བཟོས་པའི་ཚུལ་གསལ་བར་བཀོད་ཡོད་པ་གདོན་མི་ཟ་ཡང་།ད་ལྟ་བསྟན་བཅོས་དེ་དངོས་མཇལ་དུ་མ་སྨིན་པས་ཡི་གེ་སོ་སོའི་སྒྲའི་སྐྱེ་གནས་དང་བྱེད་རྩོལ་གྱི་ཁྱད་པར་ལས་ཡི་གེའི་གཟུགས་ལ་དཔྱད་དགོས་པར་གདའ་སྟེ།དེ་སྔ་སྒྲ་ཚད་ཀྱི་བསྟན་བཅོས་རྣམས་སུ།མིང་ཚིག་གཉིས་ཀའི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ཡི་གེར་འདོད་པ་ལྟར།ཡི་གེའི་གཟུགས་དང་དེ་ཇི་ལྟར་བཀླགས་པའི་གདངས་ཀྱི་བར་ན་འབྲེལ་བ་ཡོད་དེ།མིག་ཤེས་ཀྱི་གཟིགས་བྱར་གྱུར་པའི་ཡི་གེའི་གཟུགས་ཀྱིས་སྒྲའི་རྣམ་པ་གསལ་བར་བྱེད་ཅིང་།སྒྲ་སོ་སོ་རང་རང་གི་སྐྱེ་གནས་ལྟར་དག་པར་འབྱིན་པས་ཡིག་གཟུགས་མཚོན་པར་བྱེད་པས།སྒྲ་དང་གཟུགས་ཀྱི་བར་ལ་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་གྲུབ་པ་དང་།ཡི་གེའི་གཟུགས་ལྟར་སྐྱེ་གནས་བསྒྱུར་པས་སྒྲ་དེ་རང་འབྱིན་ཕྱིར།གསལ་བར་བྱེད་པ་དང་།རྗོད་པར་བྱེད་པ་དང་།མི་འགྱུར་བའི་ཁྱད་ཆོས་སུམ་ལྡན་གྱི་སྐད་ཀྱི་རྩ་བའི་གདངས་ལ་ཡི་གེར་བཏགས་པ་དེས།དོན་དམ་པར་སྒྲ་ཇི་ལྟར་འབྱིན་ཚུལ་གྱི་རྣམ་པ་ལྟར་སྦྱར་པའི་ཡི་གེའི་གཟུགས་ཉིད་གསལ་བར་མཚོན་ནོ།

       ཨི་སོགས་དབྱངས་བཞི་ངག་ནས་འབྱིན་སྐབས།གུག་གུ་སྟེང་དུ་བཀུག་པ།ཞབས་ཀྱུ་འོག་ཏུ་སྨད་པ།འགྲེང་བུ་གྱེན་དུ་བསྒྲེང་བ།ན་རོ་གོང་དུ་བསྟོད་པའི་ཚུལ་གྱིས་འབྱིན་ཚུལ་གྱི་རྣམ་པ་རི་མོར་བྱས་ཏེ་ཨ་ཡིག་རྗེས་འབྲེལ་གྱིས་ཕྱིས་པ་ནི་སྟབས་བདེ་བའི་ཕྱིར་ཡིན་ཏེ།མུ་ཏིག་ཕྲེང་མཛེས་སུ།དེས་ན་ཀཱ་ལི་སུམ་ཅུ་བ་ལ་ཨཱ་ལི་དང་པོ་སྦྱར་པས་ཨི་ཡིག་ཏུ་འགྲུབ་པ་སོགས་ཡིན་པས་དེ་དག་གི་ཨ་ཡིག་ནི་བརྗོད་དོན་རྗེས་འབྲེལ་དུ་བྱས་པའི་ཕྱིར་དབྱི་བར་བྱ་བ་ཉིད་དོ།།ཞེས་གསུངས་པས་སོ།།ཨི་ཡིག་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པར་བྱས་པའི་བྱེད་པ་ཅན་བརྒྱ་བྱིན་མིག་ལྟ་བུ།

     དོག་པ། རྐན་ཕུག  ༣ མགྲིན་པ།

     ཨུ་ཡིག་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་མཆུ་ཡས་མས་མ་རེག་ཙམ་དུ་ཟུམ་ཞིང་འཕང་སྨད་ནས་ཅུང་དོག་པར་བྱས་པའི་བྱེད་པ་ཅན་གླང་སྣ་ལྟ་བུ་དང་།

     འཕང་སྨད་པ།  མཆུ།  མགྲིན་པ།

     ཨེ་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་དང་ཅུང་ཟད་འདྲེས་ལ་ལྕེ་གྱེན་དུ་བསྒྲེངས་ཏེ་ཡངས་པར་བྱས་པའི་བྱེད་པ་ཅན་འོད་མ་བསྒྲེང་བ་འདྲ་བ་དང་།

     སྒྲེང་བ།  རྐན་ཕུག་མགྲིན་པ།

     ཨོ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་མ་མཆུ་གྱེན་དུ་བཏེགས་ཏེ་འཕང་བསྟོད་ཅིང་ཡངས་པར་བྱས་པའི་བྱེད་པ་ཅན་ཐང་གུག་འདྲ་བ་དང་།ཨ་ནི་ཡི་གེ་ཀུན་གྱི་སྒྲའི་རྟེན་གཞིར་གྱུར་ཅིང་རང་ཉིད་བརྗོད་རུང་བས་རི་དྭགས་རྒྱལ་པོ་སེང་གེ་ལྟ་བུ་སྟེ།ཡི་གེའི་མ་ནི་ཨ་ཡིན་ནོ།།ཨ་ནི་རང་ཉིད་རུང་བས།།སེང་གེ་ལྟ་བུ་ཨ་ཞེས་བྱ།།ཞེས་དང་།མ་དང་ཕྱི་མོ་ཡིན་ཕྱིར་དང་།རྒྱ་ལས་ཐོན་མར་འབྱུང་ཕྱིར་དང་།།བརྗོད་པའི་རྒྱུ་ཞེས་གསུངས་པའི་ཕྱིར།།ཞེས་གསུངས་པས་སོ།

     བསྟོད་པ།  མཆུ།  མགྲིན་པ། མཆུ།  བསྟོད་པ།

     ཀ་ཁ་ག་ང་རྣམས་མིའི་མགྲིན་པ་ལས་བྱུང་ཞིང་ལྕེའི་རྩ་བའི་བྱེད་པས་སྐྱེད་ཅིང་།བརྗོད་ཚུལ་གྱི་ཁྱད་པར་རིམ་བཞིན་དྲག་པ།རན་པ།ལྷོད་པ།ཤིན་ཏུ་ལྷོད་པས་བརྗོད་ཕྱིར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྷོད་པར་འབྱིན་ཏེ།འདི་པ་སྡེ་ཡན་ཆད་ལ་རིགས་སྒྲེས་ཤིག

     རྐན་ཕུག  མགྲིན་པ་ལས་བྱུང་བ།  ལྕེས་སྐྱེད་པ།  མ་མཆུ།

     རྐན་ཕུག  མགྲིན་པ་ལས་བྱུང་བ།  ལྕེ་སྨད་དེ་མཆུར་རག་ཙམ།  མཆུ།

     རྐན་ཕུག  མགྲིན་པ་ལས་བྱུང་བ།  ལྕེ་བཏེགས་ཏེ་སྤྱི་བོའི་ཆར་བཀུག མ་མཆུ།

     མགྲིན་པ།  རྐན་ཕུག  ཁ་སྦུག  མཆུ།

     ཅ་ཆ་ཇ་ཉ་བཞི་ནི་རྐན་ལས་བྱུང་ཞིང་ལྕེའི་རྩེ་མོ་དང་ཉེ་བའི་བྱེད་པས་སྐྱེད་ཅིང་སྔ་ཕྱི་གོང་ལྟར་སྒྲ་རྩོལ་དྲག་ཞན་གྱིས་ཕྱེས་སོ།

     རྐན་ལས་སྐྱེ་བ།  ལྕེ་དཀྱིལ་རྐན་ལ་སྟིབས་ཀྱིས་སྦྱར་ཏེ་ཕྱེ་བ།

     རྐན་ལས་སྐྱེ་བ།  ལྕེ་ཟླ་ཕྱེད་གཉིས་སུ་བྱས་པ།

     རྐན།  མ་མཆུ།  ལྕེ་དབུས་རྐན་ལ་སྦྱར་ཏེ་ཕྱེ་བ།

     རྐན་ལས་བྱུང་བ།  མ་མཆུ་སྨད་པ།

     སོ་རྩའི་རྙིལ། ལྕེ་རྩེ་སོ་རྩར་སྦྱར་བ།

     རྐན་མཐའ།  ལྕེ་རྩེ་སོ་གཏིང་ལས་ཕྲལ་བ།

     ཏ་ཐ་ད་ན་རྣམས་སོ་ལས་བྱུང་ཞིང་ལྕེའི་རྩེ་མོའི་བྱེད་པས་སྐྱེད་ཅིང་སྒྲ་རྩོལ་གྱི་རིམ་པ་གང་དང་སྒྲེས།

     ལྕེ་རྩེ་རྟིང་ལ་སྦྱར་ཏེ་འཕྲལ་བ།  སོ་རྩའི་རྙིལ་ལས་བྱུང་བ།

     ལྕེ་རྩེ་རྐན་ལ་སྦྱར་བ།  སྣ། སོ་རྩ་རྙིལ་ལས་བྱུང་བ།

     པ་ཕ་བ་མ་རྣམས་མཆུ་ལས་བྱུང་ཞིང་མཆུ་སྦྱར་ཅིང་བཙུམ་པའི་བྱེད་པས་སྐྱེད་པའི་སྒྲ་རྩོལ་གོང་བཞིན།

     ཡ་མཆུ། མ་མཆུ་བཙུམས་ཏེ་ཕྱེ་བ།

     ཡ་མཆུ།  ལྕེ་སྨད་པ།  མ་མཆུ།

     ཡ་མཆུ་མ་མཆུ་བཙུམས་ཏེ་ཁའི་དབྱིབས་གོར་མོར་བྱས་པ།

     མཆུ་བཙུམས་ཏེ་ཕྱེ་བ།

     ཙ་ཚ་ཛ་གསུམ་སོ་དང་རྐན་ལས་བྱུང་ཞིང་ལྕེའི་རྩེ་མོ་དང་ཤིན་ཏུ་ཉེ་བའི་བྱེད་པས་སྐྱེད་ཅིང་བརྗོད་ཚུལ་རིམ་བཞིན་དྲག་པ་བར་མ་ལྷོད་པར་འབྱིན་ཏོ།

     རྐན།  སོ་སྒྲ་ཤུགས་ཆེ་བ།  ལྕེ་རྩེ་སྟེང་ལ་སྦྱར་ཏེ་ཕྱེ་བ།

     རྐན།  སོ་སྒྲ་ཤུགས་ཆེ་བ། ལྕེ་རྩེ་ཕྱེད་གཉིས་གྱེས་པ།

     རྐན་ལས་སྐྱེ་བ།  སོ་སྒྲ་ཤུགས་ཆེ་བ།  ལྕེ་རྩེ་རྐན་ལ་སྦྱར་བ།  མ་མཆུ།

     ཝ་ནི་མཆུ་ཅུང་ཟད་སྦྱར་ལ་ཁད་དུ་ཉེ་ཞིང་མགྲིན་པའི་བྱེད་པས་སྐྱེད་པ་ལྷོད་པར་འབྱིན་ཏོ།

     རྐན།  མགྲིན་པ་ལས་སྐྱེད་པ། མ་མཆུ།  ཡ་མཆུ།

     རྐན་སྐྱེ།  རྐན་སྟོད་སོ་རྩའི་རྙིལ།  ལྕེ་དཀྱིལ།

     ཞ་ཤ་ཡ་གསུམ་རྐན་ལས་བྱུང་ཞིང་བྱེད་པ་ལྕེའི་རྩེ་མོ་དང་ཉེ་ཙམ་འདྲ་ཡང་ཞ་ཤ་གཉིས་ལྕེའི་རྩེ་མོ་དང་མཆོག་ཏུ་ཉེ་ཞིང་ལྷོད་པའི་ཁྱད་པར་ཅན་དང་།ཡ་ནི་ལྕེའི་རྐེད་དང་ཅུང་ཉེ་བ་ཅན་ནོ།

     རྐན།  ལྕེ་རྩེ་ཁོག་པ།  མ་མཆུ།

     རྐན།  ལྕེ་རྩེ་བཏེགས་ཏེ་ཟུར་གཉིས་སྨད་པ།

    ཟ་དང་ས་ནི་སོ་རྐན་ལས་བྱུང་ཞིང་ལྕེ་རྩེ་དང་ཉེ་བའི་བྱེད་པ་ཅན་སྒྲ་རྩོལ་ཞན་པར་འབྱིན་ཏོ།

     རྐན།  སོར་ཕྲད་པ།  ལྕེ་རྩེ།

     རྐན། སོ།  ལྕེ་རྩེ་རྐན་སྦྱར།

 ར་ནི་སྤྱི་བོ་ལས་བྱུང་ཞིང་ལྕེའི་མོ་རྐན་དང་ཅུང་ཟད་ཕྲད་པའི་བྱེད་པས་སྐྱེད་པ་ལྕེ་འདར་པའི་རྣམ་པ།

 ༡ སྤྱི་བོ་ལས་བྱུང་བ།  ལྕེ་རྩེ་འདར་བ།

     ལ་ནི་སོ་ལས་བྱུང་ཞིང་ལྕེའི་རྩེ་མོ་བྱེད་པ་ཅན།

     སོ་རྩ།  ལྕེ་རྩེ་རྐན་ལ་སྦྱར་བ།

     ཧ་ནི་མགྲིན་པ་ལས་སྐྱེ་ཞིང་ཁོག་པ་ནས་ཤུགས་བསྐྱེད་དེ་འབྱིན་པ་སྒྲ་རྩོལ་ལྷོད་པའོ།

     རྐན།  མགྲིན་པ།  མ་མཆུ།

     འ་ནི་མགྲིན་པ་ལས་སྐྱེ་ཞིང་ལྕེ་དང་ཉེ་བའི་བྱེད་པ་ཅན།

     རྐན།  མགྲིན་པ་ལས་བྱུང་བ།  མ་མཆུ་ཕྱེ་བ།

     གོང་དུ་གསལ་བར་བཀོད་པས་མཚོན་ཏེ།ད་ལྟའི་བོད་ཀྱི་ཡི་གེ་འདི་ནི་ཁ་བ་སྒང་བའི་འབངས་བྱིངས་ཀྱི་སྐད་ཆའི་ཆོས་ཉིད་ལ་ཐུགས་གཞིགས་ནན་ཞིབ་ཆེ་བའི་སྟེང་།སྒྲའི་སྦྱོར་བ་ཀུན་ལ་ཁྱབ་པའི་རྩ་བའི་སྐད་གདངས་ཉུང་ངུ་ལས་མེད་པ་དེ་རྣམས་རང་རང་གི་སྐྱེ་གནས་དང་བྱེད་པས་ཇི་ལྟར་འབྱིན་ལུགས་ལྟར་གཟུགས་རིས་སུ་བྲིས་སོ།