设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།སྨྱུ་གུའི་འཛིན་སྟངས་དང་ལུས་ཀྱི་སྡོད་ལུགས།

 二维码 338
发表时间:2015-05-13 10:20来源:བོད་ཀྱི་ཡིག་གཟུགས་དྲ་བ། 网址:http://བོད་ཀྱི་ཡིག་གཟུགས་དྲ་བ།

བོད་ཀྱི་ཡི་གེ་ནི་གཙོ་བོ་སོར་མོའི་འགྱུར་ཁུགས་ལ་བརྟེན་ནས་འབྲི་བཞེངས་བྱེད་དགོས་པ་ཞིག་ཡིན་པས།   སོར་མོ་རྣམས་ཀྱི་འཇོན་སྟངས་དང་སྨྱུ་གུའི་འཛིན་སྟངས་ཤེས་རྒྱུ་ནི་ས་བྲིས་ལེགས་པོར་ཡོང་མིན་གྱི་གནད་གཙོ་བོ་ཞིག་ཡིན།   དེ་ཡང་ལག་པ་གཡས་པའི་སོར་མོ་འོག་མ་གསུམ་ནི་ནང་དུ་བསྐུམ་པ་ཡིན་ལ།  མཐེབ་མོ་དང་གོང་མཛུབ་གཉིས་ཀྱི་ཁ་ཡང་པོར་ཕྱེས་ཤིང་དེའི་བར་དུ་སྨྱུ་གུ་འཛིན་དགོས་པ་དང་།  ཡི་གེ་འབྲི་སྐབས་མཐེབ་ཆེན་དང་གོང་མཛུབ་གཉིས་ཀྱིས་ཤེད་སྙོམས་པོའི་སྒོ་ནས་སྨྱུ་གུ་འཛིན་དགོས་ལ།  དཀྱིལ་མཛུབ་ཀྱིས་སྨྱུ་གུའི་འོག་ནས་ཡར་སྐྱོར་བ་ཙམ་དང་།  སྨྱུག་རྒྱབ་ཀྱིས་ནམ་མཁའ་མཐོང་བར་བྱེད་དགོས། དེང་སྐབས་མི་རྣམས་ལྕགས་སྨྱུག་གིས་ཡི་གེ་འབྲི་བ་ལ་གོམས་པའི་དབང་གིས་དུས་རྒྱུན་དུ་སྨྱུ་གུ་མཛུབ་མོ་གོང་མ་གསུམ་གྱི་བར་དུ་བསུམ་སྟེ་འབྲི་བའི་སྲོལ་ཆགས་ཡོད།  བོད་ཀྱི་ཡི་གེ་ལ་མཚོན་ན་སྨྱུག་རྒྱབ་ཀྱིས་ནམ་མཁའ་མཐོང་མིན་ནི་རྗེས་སོར་ཡི་གེའི་མཆུ་ཤད་ཟགས་དཔུང་སོགས་ལེགས་པོར་ཡོང་མིན་གྱི་རྨང་གཞི་གཙོ་བོ་ཡིན་པས་དེ་ནི་གཟབ་བྱ་ཆེས་གལ་ཆེ་བ་ཡིན།

དེ་ནས་ལག་པའི་སྤར་ཁྱིམ་སྟོང་བར་བྱེད་ཅིང་རྒྱུན་ལྡན་ཡིན་ན་སྤར་ཁྱིམ་གྱི་འོག་ནས་ཆུ་མི་འཛགས་པར་བྱེད་དགོས་སྲོལ་ཡོད་ཀྱང་སྡེར་ནང་ས་བྲིས་ལ་དེ་འདྲའི་རེ་འདུན་མེད།  སྤར་ཁྱིམ་གྱི་ནང་དུ་ཕུག་རོན་གྱི་སྒོང་བ་བཞག་ན་མི་ཆག་པར་བྱེད་ཅིང་།  སོར་མོའི་རྩ་ཁམས་རྣམས་རང་རྣལ་དུ་བབས་ན་བྲིས་ཡུན་ཇི་ཙམ་རིང་ཡང་སོར་མོའི་ཚིགས་དང་མཁྲིག་ཚིགས་མི་ན་བར་ཕན་ལ།  ཡིག་གཟུགས་ལེགས་པོར་ཡོང་བའི་དགེ་མཚན་ཡོད་པ་དང་།  མིག་ལ་ཡང་ཕན་པར་ས་བྲིས་བྲིས་མཁན་གོང་མ་དག་གི་ངག་རྒྱུན་ནས་ཐོས།  སྨྱུ་གུ་འཛིན་པའི་ཚེ་ན་སྨྱུག་རྩེ་ནས་སོར་གང་ཙམ་གྱི་མཚམས་ནས་འཛིན་དགོས་པ་དང་།   སྨྱུ་གུ་འཛིན་པའི་ཤེད་ཤུགས་ཀྱང་དང་ལྷོད་རན་པར་བྱེད་དགོས།   དམ་དྲག་ན་སོར་མོ་དང་མཁྲིག་མ་སོགས་ན་བ་དང་།   ལྷོད་ཆེ་ན་སྨྱུ་གུ་ཤོར་བ་དང་ཡིག་གཟུགས་མི་ཡོང་བ་སོགས་ཀྱི་སྐྱོན་འབྱུང་སྲིད་པས།  སོར་མོའི་རྩ་ཁམས་ལ་ཐོག་མ་ཉིད་ནས་བཟུང་བསླབ་ན་ཡིག་གཟུགས་ཀྱང་མཛེས་པར་འབྱུང་བར་ཕན་ཐོགས་ཡོད།  དེ་ལྟར་སྨྱུ་གུ་འཛིན་པའི་འཛེམ་བྱ་ལ་གཟབ་པར་བྱས་ན་ཡིག་གཟུགས་ལ་རུས་རྐང་ཆགས་པ་དང་།  ཕྱི་ཤ་ལ་མཉེན་ཆ་དོད་ནས་ཡིག་གཟུགས་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་འགྲོ་ཐུབ།

ལུས་ཀྱི་སྡོད་སྟངས་ཀྱི་ཐད་ལ་བོད་ཀྱི་ཡི་གེ་འབྲི་བ་དེ་གཞན་པའི་ཡིག་རིགས་འབྲི་བ་དང་མི་འདྲ་བས།   སྡེར་ནང་བྲིས་མཁན་གོང་མ་དག་གིས་དེ་ལ་ཧ་ཅང་གཟབ་པ་ཡིན།   དེ་ཡང་རང་ཉིད་གནས་པའི་སྦྲ་ཁང་གང་དུ་སྡོད་ཀྱང་ཐོག་མར་དཀར་འོད་བཟང་ས་ཞིག་འཚོལ་དགོས་པ་དང་།  དེ་ནས་ལུས་ཁོག་དྲང་ཞིང་དགྱེ་སྒུར་རན་པའི་སྒོ་ནས་དཀྱིལ་ཀྲུང་དུ་འདུག་དགོས་པ་ལ།   ཡི་གེའི་བྲིས་གདན་ཤིང་ལེབ་ངོས་སྙོམས་པ་ཅན་དེ་པུས་མོ་གཡོན་པའི་ཐོག་བཞག་ཤིང་འབྲི་བར་བྱ་ཞིང་།   དུས་རྒྱུན་དུ་བྲིས་ཤོག་དང་མིག་གི་བར་ལ་དཀྱིལ་མཐོ་གཉིས་ཀྱི་ཚད་བཟུང་ན་ཧ་ཅང་ལེགས་པར་དགོངས།