རང་རེའི་ལྷ་ས་གྲོང་ཁྱེར་ཐལ་སྤུངས་སྒང་སྐད་གསུམ་སྔོན་འགྲོའི་སློབ་གྲྭས་སློབ་མ་རྣམས་ལ་ཡིག་གཟུགས་ཁྲིད་སྦྱོང་བྱེད་པ་མ་ཟད། སློབ་གྲྭས་སྲོལ་རྒྱུན་ལ་མཐོང་ཆེན་དང་གཙུགས་འཛིན་བྱས་ནས་ཡིག་གཟུགས་འབྲི་སྦྱོང་གི་སྔོན་ལ་འཇམ་དབྱངས་བསྟོད་པ་དང་གང་བློ་མ་ངག་སྐྱོར་ཡག་པོ་བྱེད་པ་དང་། དེ་ནས་ཡིག་གཟུགས་འབྲི་སྦྱོང་ལ་ཞུགས་པའི་སྔར་སྲོལ་ཕྱག་ལེན་ལྟར་འགྲོ་བ་དང་། ཡིག་གཟུགས་སྦྱོང་ཐབས་སུ་ཐོག་མར་སྦྱང་ཤིང་ནས་མགོ་ཚུགས་པ་སོགས་སླར་གསོ་བྱས་ཏེ་སྔར་སྲོལ་བཟང་བོ་མ་ཉམས་པར་རྒྱུན་འཛིན་དར་སྤེལ་བྱེད་བཞིན་པའི་གནས་ཚུལ་དངོས་བྲིས།
འཇམ་དབྱངས་བསྟོད་པ་དང་གང་བློ་མ་བློ་སྐྱོར་བྱེད་བཞིན་པ།
|