གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།བོད་ཀྱི་ཡིག་མཁན་རྟ་མགྲིན་མགོན་པོ་མཚམས་སྦྱོར་མདོར་བསྡུས།

 二维码 344
发表时间:2015-05-06 09:36

རྟ་མགྲིན་མགོན་པོ་ནི1972ལོར་མདོ་སྨད་ཀན་ལྷོ་བོདརིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས་ཟམ་ཚ་ཞང་ཀ་དེའུ་མགོ་སྡེ་བ་ནས་སྐྱེས། 1984ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སྒོ་ཐེམ་ལ་ཞུགས་ནས་སྐྱབས་རྗེ་དམ་པ༧རྗེ་རྒྱ་ནག་པ་སྐུ་ཕྲེང་བཞི་བ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་ཚང་གིས་རྗེས་སུ་བཟུང་ཞིང་བུ་བཞིན་བསྐྱངས། སློབ་འབྲིང་གི་སྐབས་སུ་གྲངས་རིག་དགེ་རྒན་ཧྥ་ཀྲུང་ཞུན་ལགས་ཀྱི་བོད་ཡིག་ཡིག་གཟུགས་འབྲི་རྩལ་གྱིས་ཁོ་བོར་ཡིག་གཟུགས་སྒྱུ་རྩལ་ལ་དུང་བ་བསྐྱེད་ཅིང་ཆེས་ཐོག་མའི་བག་ཆགས་ཟབ་མོ་ཞིག་བཞག

1990ལོར་གཙོས་མི་རིགས་མཐོ་རིམ་དགེ་ཐོན་མཐོ་རིམ་ཆེད་གཉེར་སློབ་གླིང་དེང་ཀན་སུའུ་མི་རིགས་སློབ་གླིང་ཏུ་རྒྱུགས་འཕྲོད་པ་དང་། བོད་ཀྱི་ཡིག་གཟུགས་མཁས་པའི་ཁྱུ་མཆོག༧དྲུང་ཡིག་སྨོན་ལམ་ཚང་གི་ཐུགས་སྲས་དགེན་སངས་རྒྱས་བཀྲ་ཤིས་ལགས་ལ་བསྟེན་ནས་བོད་ཡིག་དབུ་ཅན་དང་སུག་རིང་།   སུག་ཐུང་།   འབྲུ་ཚ།   རྒྱུགས་བྲིས་བཅས་ལ་སྦྱངས་བ་ནན་གྱིས་བྱས་པས་དགེ་རྒན་དང་སློབ་གྲོགས་རྣམས་པའི་བསྔགས་བརྗོད་ཐོབ་པ་མ་ཟད། སློབ་གྲྭའི་ཡིག་གཟུགས་འགྲན་བསྡུར་ཁྲོད་བོད་ཡིག་ཡིག་གཟུགས་སྐོར་གྱི་ཨང་དང་པོའི་བྱ་དགའ་ཐོབ།

1993ལོར་སློབ་མཐར་ཕྱིན་རྗེས། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་དགེ་རྒན་གྱི་ལས་ཀ་གཉེར་པ་དང་། ལས་ཞོར་དུ་སློབ་གྲྭ་ཡོངས་ནས་ཡིག་གཟུགས་དཔེ་ཁྲིད་ཀྱི་ལས་འགན་ཁུར་ཏེ་སྐལ་ལྡན་སློབ་བུ་གང་མང་བསྐྱངས། སྐབས་དེར་རྫོང་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཁོང་དང་ཁོང་གི་ཡིག་གཟུགས་སློབ་མས་བོད་ཡིག་སྐོར་གྱི་ཨང་དང་པོ་དང་གཉིས་པ་སོགས་ཀྱི་བྱ་དགའ་བླངས་མྱོང་།

1998ལོའི་སྔ་རྗེས་སུ་ཀན་ལྷོ་ས་ཁུལ་གྱི་སྒེར་གཞུང་གང་ཐད་ན་གློག་ཀླད་བོད་ཡིག་ཕབ་འཇུག་མ་ལག་དཀོན་པའི་གནས་ཚུལ་འོག   ཁོང་གིས་འཇམ་དབྱངས་བོད་ཡིག་ཕབ་འཇུག་མ་ལག་གསར་བཟོ་མཛད་པ་མ་ཟད། དེར་བསྟུན་གྱི་གློག་ཀླད་ཡིག་མཛོད་གསར་དུ་བཟོས་པས།  ཀླུ་ཆུ་རྫོང་དང་རྨ་ཆུ།  བསང་ཆུ་སོགས་ཀྱི་བོད་ཡིག་བཀོལ་སྤྱོད་ལས་ཁུངས་མང་པོ་དང་དགོན་སྡེ་ཁག་ལ་བོད་ཡིག་ཕབ་འཇུག་མ་ལག་གི་དཀའ་ཁག་སེལ་ཐུབ་པ་བྱུང་།

1999ལོར་རང་རྫོང་གི་དམའ་རིམ་སློབ་གསོ་ཁྱབ་བརྡལ་གཏོང་བའི་བྱ་བའི་དགོས་མཁོར་དམིགས་ནས་ཁོང་རྫོང་སློབ་གསོ་ཅུས་ལ་ལས་གནས་སྤོར།   ཉིན་དེ་ནས་བཟུང་ཁོ་རང་དཔེ་ཁྲིད་སྟེགས་བུ་དང་ཁ་བྲལ་ནའང་མི་རིགས་སློབ་གསོ་དང་ཡིག་གཟུགས་སྒྱུ་རྩལ་ཐད་ཀྱི་འཚོལ་སྙེག་གི་གོམ་མཚམས་མ་བཞག་པར་རྫོང་བོད་རིགས་སློབ་འབྲིང་སོགས་ནས་བོད་ཀྱི་ཡིག་གཟུགས་དཔེ་ཁྲིད་གལ་ཆེན་དུ་འཛིན་པའི་སློབ་གཙོ་བླ་མ་ཚེ་བརྟན་དང་འཛིན་བདག་རེ་འགའི་རེ་བ་མ་བཅག་པར་གཟའ་ཉི་མ་དང་ངལ་གསོའི་དུས་ཚོད་སྤྱད་ནས་རྫོང་བོད་རིགས་སློབ་འབྲིང་དུ་འཛིན་གྲྭ་སྐོར་ཞིག་ལ་ཡིག་གཟུགས་དཔེ་ཁྲིད་བྱས།

དེང་སང་ཁོ་བོས་ལས་ཞོར་དུ་རང་གི་མི་ཚེའི་དགའ་ཕྱོགས་ཀྱི་རྒྱུན་བསྐྱངས་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྦྱངས་བ་ལྷོད་མེད་དང་། ལྷག་དོན་བོད་ཀྱི་ཡིག་གཟུགས་པ་དག་ལ་ཡིག་གཟུགས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་གར་སྟེགས་ཀྱི་ཚུལ་དུ་བོད་ཀྱི་ཡིག་གཟུགས་དྲ་བ་གསར་སྤེལ་བྱས་ནས་གྲོགས་པོ་གང་མང་གི་རྒྱབ་སྐྱོར་འོག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དར་རྒྱས་ལ་ནུས་པ་ཕྲ་མོ་ཙམ་ཡང་འདོན་ཐུབ་ན་སྙམ་པའི་ཀུན་སློང་དང་བཅས་འབད་པ་ལྷུར་ལེན་བྱེད་བཞིན་མཆིས།

会员登录
登录
我的资料
留言
回到顶部