སྦྱང་ཤིང་ལ་ཡིག་གཟུགས་སྦྱོང་སྟངས།
སློབ་ཁྲིད་དགེ་རྒན། དགེ་རྒན་ཆེན་མོ་རྡོ་དགོན་སངས་བདག་རྡོ་རྗེ་ལགས།
སྦྱང་ཤིང་ནི་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་སློབ་སྦྱོང་གི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། ཨ་མདོའི་ཡུལ་ཕྱོགས་ཁ་ཤས་སུ་ཀ་ཁ་སོགས་སྦྱོང་བྱེད་ཀྱི་འབྲི་གཞི་ཤིང་གི་རྒྱུ་ཆ་ལས་བཟོས་པའི་ཡོ་བྱད་ཅིག་ཡིན་པས་ན་ཀ་ཤིང་དུ་འབོད། མིང་གི་འདོག་ལུགས་ལ་ག་འདྲ་ཡོད་ཀྱང་སྤྱོད་ཡུལ་དང་སྤྱོད་ཚུལ་ལ་ཁྱད་པར་ཆེན་པོ་མེད། འདི་ནི་གནའ་ནས་ད་བར་ལོ་རྒྱུས་ཀྱི་རྒྱུན་མ་ཆད་པར་དར་ནས་ཡོད་པས་འདི་ལ་རྟེན་ནས་ཡིག་གཟུགས་སྦྱོང་པ་ནི་ཚད་ལྡན་གྱི་སྦྱོང་ལུགས་ཤིག་ཡིན། འདིར་རྒན་རྡོ་དགོན་སངས་བདག་རྡོ་རྗེ་ཚང་ནས་ཇི་ལྟར་གསུང་བ་དལ་གྱིས་གསན་གཟིགས་གནང་རོགས།།
|
|