设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

དོན་གྲུབ་ནོར་བུ།

 二维码 2364
发表时间:2025-09-16 08:26作者:དོན་གྲུབ་ནོར་བུ།来源:ངེད་དྲ་བ།


དོན་གྲུབ་ནོར་བུ།


东珠罗布.jpg


         གཞོན་སྐྱེས་ཡིག་མཁན་དོན་གྲུབ་ནོར་བུའམ་སྨྱུག་མིང་ལ་བེའུ་དཀར་དུ་འབོད་པ་ཁོང་ནི་སྤྱི་ལོ་༡༩༩༣ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དབུས་སྟོད་འབྲི་གུང་རྨམ་པ་ཤང་སྤ་ར་ཁ་རུ་ལྟེ་ཁྲག་འཕོས། སྤྱི་ལོ་༢༠༡༧ལོར་ལྷ་ས་དགེ་འོས་སློབ་གྲྭའི་བོད་སྐད་ཡིག་ཚན་ཁག་ནས་སློབ་ཐོན་བྱས། སློབ་ཆུང་སྐབས་ནས་ཁ་མིག་ཕྱེ་མཁན་ལྟ་བུའི་རྒན་དབང་རྒྱལ་ལགས་ཀྱི་ཕྱག་བྲིས་ཀྱིས་ཡིད་ཀྱི་དང་བ་དབང་མེད་འཕྲོག དུས་དེ་ནས་བཟུང་བོད་ཡིག་དང་ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ལ་ཆུ་དང་ཉ་མོ་ལྟ་བུའི་དུང་བ་ཟབ་མོ་སླེབས། སླད་ལས་དང་སྐལ་བ་བཟང་པོའི་འོག་གཞུང་བྲིས་ཀྱི་ཚད་ལྡན་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ། དགེ་བའི་བཤེས་གཉེན་ཆེན་མོ་རྒན་བསྟན་འཛིན་ལགས། རྒན་འགྱུར་མེད་ཚུལ་ཁྲིམས་ལགས་དང་རྒན་ལེགས་བཤད་བཟོད་པའམ་ཁ་སྤུ་ཅན་ལགས། སྡེར་ནང་སར་བྲིས་ཀྱི་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ལགས། དགེ་འོས་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་སྤེན་པ་བཀྲ་ཤིས་ལགས་དང་རྒན་བཀྲ་ཤིས་བསམ་གྲུབ་ལགས་ལ་སོགས་པའི་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་ཡིག་གཟུགས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་འཐོབ། ད་བར་པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་ནང་བྱ་དགའ་རིམ་པ་དང་པོ་དང་   བོད་ལྗོངས་ཀྱི་སྐབས་དང་པོའི་ས་མཐོའི་ཡང་རྩེ་ཞེས་པའི་ཡིག་གཟུགས་འགྲེམས་སྟོན་ནང་ཕུལ་བྱུང་བརྩམས་ཆོས་ ལྷ་ས་གྲོང་ཁྱེར་ཁྲེང་ཀོང་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཞེས་པའི་བརྗོད་བྱ་གཙོ་བོར་བྱས་པའི་ཡིག་གཟུགས་འགྲན་བསྡུར་ནང་འཁྱུག་ཡིག་ཨང་དང་པོ་ལ་ས྄ོགས་པའི་ལྗོངས་དང་རྫོང་རིམ་པའི་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་ལ་དེ་བཞིན་དཔྱད་འདེམས་པ་ཡང་བྱ་མྱོང་། ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་ ལྷ་ས་གྲོང་ཁྱེར་སྐྱིད་གཤོང་བུ་བཅོལ་ཁང་གི་དགེ་རྒན་དང་ལྷ་ས་དགེ་འོས་སློབ་ཆེན་གྱི་གདན་ཞུས་ཡིག་གཟུགས་དགེ་རྒན།   མཐོ་སྒང་རིག་གནས་སྤྱི་གཉེར་ཁང་གི་བྱང་ཤིང་ཡིག་གཟུགས་དགེ་རྒན་བཅས་ཡིག་གཟུགས་དང་འབྲེལ་བའི་ལས་ལ་འབད་མུས་ཡིན་ལ། སླད་སྨྱུག་ཤོག་གཉིས་ཀྱི་སོར་མོའི་གར་སྟབས་ལ་རོལ་འདོད་པའི་འདུན་པ་རབ་ཏུ་ཆེ།


东珠罗布1.jpg


东珠罗布2.jpg


东珠罗布3.jpg


东珠罗布4.jpg


东珠罗布5.jpg


东珠罗布6.jpg


东珠罗布7.jpg


东珠罗布8.jpg


东珠罗布9.jpg


东珠罗布10.jpg


东珠罗布11.jpg


东珠罗布13.jpg


东珠罗布12.jpg


东珠罗布14.jpg


东珠罗布17.jpg


东珠罗布18.jpg


东珠罗布19.jpg


东珠罗布20.jpg


东珠罗布21.jpg


东珠罗布22.jpg


东珠罗布23.jpg


东珠罗布25.jpg


东珠罗布26.jpg


东珠罗布27.jpg



སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།



མཉམ་སྤྱོད།分享