ཆོལ་གསུམ་ཡིག་མཁན་དང་ཡིག་གཟུགས་བྱ་བར་གཞོལ་མཁན་གྲོགས་པོ་རྣམ་པས་རང་གི་བརྩམས་ཆོས་འགྲེམ་ཁང་འབྱེད་པར་ཆོག་མཆན་ཐོབ་རྗེས་དོ་སྣང་བྱ་དགོས་ས་འགའ།
དང་པོ། བརྩམས་ཆོས་བརྙན་ངོས་ནས་གང་ཡག་ཞིག་འཆར་ཐུབ་ཆེད་དུ་དོ་སྣང་བྱ་དགོས་ས།
༡ བརྩམས་ཆོས་ཀྱི་ཞེང་850-900(宽850-900像素)དང་མཐོ་ཚད་གང་རུང་།
༢ པར་རིགས་ཀྱི་འབྱེད་ཚད72-92(72-92分辨率)ལས་མི་དམའ་བ།
༣ ནང་དོན་ཡར་ཐོན་དང་ཁྲིམས་མཐུན་ཡིན་དགོས་ལ། དུས་བབས་དང་བསྟུན་ནས་དྲ་ཚིགས་ཡུན་རིང་དུ་གནས་བར་བསམ་གཞིགས་གནང་རྒྱུ།
གཉིས་པ། དྲ་ཚིགས་ལས་ཆོད་མཐོར་འདེགས་དང་བསྐུར་ཟིན་པའི་བརྩམས་ཆོས་ལ་ཆད་ལྷག་མི་འབྱུང་བའི་སྐོར།
༡ བརྩམས་ཆོས་ལ་དབུ་ཅན་ནས་དབུ་མེད་སོགས་རིགས་དབྱེས་ནས་ཨང་གིའི་གོ་རིམ་གྱི་སྟེང་ནས་མིང་རྒྱག་པ།
༢ བྲིས་རྒྱུན་དམིགས་བསལ་བ་ལ་དབྱེ་ཁུངས་གསལ་སྟོན་བྱ་དགོས།
༣ བསྐུར་བྱའི་བརྩམས་ཆོས་དང་རང་གི་ལོ་རྒྱུས་མདོར་བསྡུས། འཚོ་བ་དང་གྲུབ་འབྲས་མཚོན་པའི་པར་རིགས་སོགས་ཡིག་ཆ་༥ལས་བརྒལ་ན་ཅིས་ཀྱང་ZIPབཙུར་གནོན་ལག་ཆ་(ZIP压缩工具)སོགས་ཀྱིས་དཔེ་ཐུམ་བརྒྱབས་(打包)ནས་བསྐུར་བྱའི་ཡིག་ཆ་གཅིག་མ་གཏོགས་མེད་པ་བྱ་དགོས།
|