设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

ཨ་རིག་ཐུབ་བསྟན་ཆོས་འཕེལ་གྱི་བརྩམས་ཆོས་འགྲེམ་སྟོན།

 二维码 2689
发表时间:2025-03-16 06:45作者:ཨ་རིག་ཐུབ་བསྟན་ཆོས་འཕེལ།来源:ངེད་དྲ་བ།

ཡིག་མཁན་ཨ་རིག་ཐུབ་བསྟན་ཆོས་འཕེལ་ཀྱི་ཉེ་ལམ་བརྩམས་ཆོས་འགྲེམ་སྟོན།


土丹曲培1.jpg


土丹曲培2.jpg


土丹曲培3.jpg


土丹曲培4.jpg


土丹曲培5.jpg


土丹曲培6.jpg


土丹曲培7.jpg


土丹曲培8.jpg


土丹曲培10.png


土丹曲培11.jpg


土丹曲培9.jpg


土丹曲培12.jpg


土丹曲培13.jpg


土丹曲培14.jpg


土丹曲培15.jpg


 



རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།


土丹曲培16.jpg


    ཨ་རིག་ཐུབ་བསྟན་ཆོས་འཕེལ་ནི་སྤྱི་ལོ་༡༩༩༩ལོར་བྱང་སྡེ་ཉི་མ་རྫ་ཆུ་ཁ་རྫ་ཨ་རིག་སྡེ་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།༢༠༡༣ལོར་རང་ཡུལ་གྱི་མཁན་སངས་རྒྱས་ཡེ་ཤེས་ལགས་ཀྱི་མདུན་ནས་འཁྱུག་བྲིས་ལ་སྦྱང་བ་བྱས།   ༢༠༡༤ལོར་རང་ཡུལ་གྱི་མཁན་བསོད་ནམས་བཟང་པོ་ལགས་ཀྱི་སྐུ་མདུན་ནས་ལོ་གཉིས་ཀྱི་རིང་ལ་དབུ་མེད་འཁྱུགས་ཡིག་ལ་སྦྱང་བ་བྱས།    ཡིག་མཁན་ཀརྨ་བསམ་འགྲུབ་བམ་བོད་སྙུག་ལགས་དགེ་རྒན་དུ་བསྟེན་ནས་ཀརྨ་སྒར་བྲིས་ཀྱི་ཡིག་གཟུགས་ལ་སྦྱོང་བ་བྱས།    རྒྱལ་ཁབ་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ཀྱི་སྐུ་མདུན་དུ་དངོས་སུ་བཅར་ནས་སྡེར་ནང་ས་བྲིས་ཀྱི་ཡིག་ཆེན།   ཡིག་ཆུང་།   ཡིག་འབྲིང་།   འབྲུ་ཚ།   བཅས་ཀྱི་ཁྲིད་རྒྱུན་དང་མན་ངག་ཆ་ཚང་ཞུས། ཀན་སུའུ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སངས་རྒྱས་བཀྲ་ཤིས་མཆོག་དགེ་རྒན་དུ་བསྟེན་ནས་སྨོན་ལམ་ཡིག་གཟུགས་ཀྱི་ཁྲིད་རྒྱུན་ཆ་ཚང་ཞུས། ལྷ་རིས་པ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་དགེ་རྒན་དུ་བསྟེན་ནས་ལཉྫ་དང་ཝརྟུ་གཉིས་ཀྱི་ཁྲིད་རྒྱུན་ཆ་ཚང་ཞུས།   2022ལོར་སྡེར་ནང་ས་བྲིས་ཆེད་སྦྱོང་ཐེངས་གཉིས་པའི་ཡིག་གཟུགས་འཛིན་གྲྭ་རུ་མཐར་ཕྱིན།   2020ལོར་གསེར་རྟ་བླ་རུང་ཧོར་ཤུལ་སློབ་གླིང་གི་སློབ་མ་བརྒྱ་ལྷག་ལ་འཁྱུགས་ཡིག་གི་སློབ་ཁྲིད་ཟླ་གཅིག་ལྷག་ལ་བྱས།   2021ལོར་སླར་ཡང་སློབ་གླིང་དེ་ནས་སློབ་མ་ཉིས་བརྒྱ་ཡས་མས་ལ།   ཚུགས་རིང། ཚུགས་ཐུང་། འཁྱུགས་ཡིག   ས་བྲིས།   གཟབ་ཆེན། གཟབ་ཆུང་།   འབྲུ་ཚ།   བཅས་ཁག་བདུན་ལ་བགོས་ནས་ཟླ་གསུམ་ལ་ཡིག་གཟུགས་ཀྱི་སློབ་ཁྲིད་བྱས་མྱོང་།    2022ལོ་ནས་བཟུང་ཞོར་དུ་ཞལ་འདོན་སྣ་ཚོགས་སྡེབ་མ་400ཡས་མས་བྲིས་ཟིན།

གཟེངས་རྟགས་ཐོབ་པའི་རིམ་པ།   

      2020ལོར་ཕ་ཡུལ་ལ་དགའ་བ་ཞེས་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ།   2021ལོར་ཐོན་མིའི་ཡིག་རྒྱུན་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།   2021ལོར་དྲྭ་ལམ་དབུ་ཅན་ཟབ་སྦྱོང་ཁྲོད་ཨང་དང་པོ་ཐོབ།2021ལོར་ལྷ་གཟིགས་འགག་རྟགས་མའི་ཡིག་གཟུགས་དང་མཛེས་རིས་བརྩམས་ཆོས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ། 2021ལོར་ལྷོ་ཁ་གྲོང་ཁྱེར་གྱིས་བསྡུས་པའི་ཡིག་གཟུགས་དང་པར་ལེན། རི་མོའི་བརྩམས་བྱ་འགྲེམ་སྟོན་དཔྱད་འདེམས་ཁྲོད་འགྲེམ་སྟོན་ཉར་ཚགས་ཀྱི་དཔང་ཡིག་ཐོབ། 2022ལོར་ཐོན་མིའི་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ།   དཀར་མཛེས་གེ་སར་མཁར་གྲོང་གི་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་བྱེད་སྒོའི་ཐོག་ཨང་གཉིས་པའི་བྱ་དགའ་ཐོབ།   2022ལོར་སུརྱའི་སོར་རྩལ་ཞེས་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ།   ཀརྨ་པའི་འཁྲུངས་སྐར་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།   2024-4-30ཉིན་པདྨ་གསེར་གླིང་དང་ཁམས་པ་བརྙན་འཕྲིན་ཁང་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བ་གསུམ་གྱིས་མཉམ་སྒྲུབ་བྱས་པའི་པདྨ་གསེར་སྨྱུག་རྟགས་མའི་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་ཁྲོད་མདོ་དབུས་ཁམས་གསུམ་ནས་འབྱོར་བའི་ཡིག་གཟུགས་བརྩམས་ཆོས་1600ཡས་མས་ཀྱི་ནང་ནས་གདམས་ཐོན་བྱུང་སྟེ་ཨང་གསུམ་པའི་བྱ་དགའ་ཐོབ་མྱོང་།   2024ལོར་རྒྱལ་རོང་ཡིག་གཟུགས་འགྲེམ་སྟོན་བྱེད་སྒོ་ཐེངས་དང་པོའི་སྐབས་ཕུལ་བྱུང་བྱ་དགའ་ཐོབ།   2024ལོར་སེར་ཤུལ་རྫོང་ནས་སྐར་འོད་བྱ་དགའི་ཨང་གསུམ་པའི་གཟེངས་རྟགས་དང་བྱ་དགའི་དངུལ་5000ཐོབ།   2024ལོར། རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོདཅེས་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་གཟེངས་རྟགས་ཐོབ། 2024ལོར་སེར་ཤུལ་རྫོང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཡིག་གཟུགས་ཚབ་མཚོན་རྒྱུད་འཛིན་པའི་དཔང་ཡིག་ཐོབ།   2024ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཟུགས་མེད་ཤུལ་བཞག་རིག་གནས་པའི་རྒྱུད་འཛིན་དཔང་ཡིག་ཐོབ།   ད་ལྟ་ཐུ་བྷོད་གསེར་བྲིས་གླིང་གི་མགོ་གཙོ་གཞོན་པ་དང་ཡིག་གཟུགས་དགེ་རྒན་ཡིན།   ཞོར་དུ་བོད་ཀྱི་ཡིག་གཟུགས་རིག་གནས་ལ་སློབ་སྦྱོང་དང་ཉམས་ཞིབ་བྱེད་བཞིན་ཡོད།


སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།