设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་བརྡ་ཐོ། 白玛金笔奖征稿启事

 二维码 3714
发表时间:2025-03-15 19:30作者:པད་མ་གསེར་བྲིས་གླིང་།来源:ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ།









图片

སྐབས་གཉིས་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་བརྡ་ཐོ།

第二届“白玛金笔奖”藏文书法大赛暨全国藏文书法日展览征稿启事


   དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཀྱི་ཡིད་ཆེས་དང་རིག་གནས་ཀྱི་གདེང་ཚོད་མཐོ་རུ་གཏོང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ། གསར་བཏོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་སུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གྱི་ནུས་པ་ཐོན་ཞིང་། སྔར་ལས་མང་བའི་བོད་ཀྱི་ས་གནས་ཁག་ཏུ་སྲོལ་རྒྱུན་རིག་གནས་དང་བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་ཤེས་རྟོགས་ཡོང་བའི་ཆེད་དུ། བོད་ཀྱི་ཡིག་གཟུགས་ཉིན་མོ་དང་སྐབས་བསྟུན་ནས།   པདྨ་གསེར་སྨྱུག་རྟགས་མའི་སྐབས་གཉིས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན།

   遵循习近平总书记关于坚定文化自信、传承中华优秀传统文化的重要指示精神,在新时代文化复兴的伟大征程中,我们迎来了第二届“白玛金笔奖”藏文书法大赛。习近平总书记曾指出,传统文化是民族的根和魂,是激发国家活力与创新动力的重要源泉。在这一理念的指引下,本次大赛旨在传承和弘扬千年藏文书法艺术,让那一笔一划中蕴藏的智慧与情感,在新时代焕发出更加耀眼的光彩。




གཅིག   བྱེད་སྒོའི་བརྗོད་བྱ་གཙོ་བོ།

一、活动主题

སྲོལ་རྒྱུན་བྲིས་གཟུགས་རྒྱུན་འཛིན་བྱེད།དུས་རབས་གསར་པར་བསྟོད་གླུ་འབུལ།

“传承书法瑰宝,献礼时代新章”




གཉིས། རྩ་འཛུགས་ལས་ཁུངས།

二、组织机构

གཙོ་སྒྲུབ་ལས་ཁུངས།

主办单位:

པདྨ་གསེར་བྲིས་གླིང་།

白玛金书苑


འགན་སྒྲུབ་ལས་ཁུངས།

承办单位:

སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

四川西部藏艺文化发展有限公司

ཁྲིན་ཏུའུ་༡༠༨བར་སྟོང་ཇུས་འགོད་རྒྱན་སྤྲས་ཚད་ཡོད་ཀུང་སི།

成都壹百零八空间装饰设计有限公司


རོགས་སྒྲུབ་ལས་ཁུངས།

协办单位:

སི་ཁྲོན་ཞིང་ཆེན་ཐང་ཀ་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཡར་སྐུལ་ལྷན་ཚོགས།

四川省唐卡书画艺术促进会


ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ།

中国藏族书法网


པདྨ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭ།

四川省藏族传统手工技艺传习基地




གསུམ། བྱེད་སྒོའི་དུས་ཚོད།

三、活动时间


བརྩམས་ཆོས་བསྡུ་ཡུན།   ༢༠༢༥ལོའི་ཟླ་༣ཚེས་༡༥ཉིན་ནས་ཟླ་༤ཚེས་༡༥ཉིན་བར།

投稿时间:2025年3月15日至4月15日


དཔྱད་འདེམས་དུས་ཡུན། ༢༠༢༥ལོའི་ཟླ་༤ཚེས་༡༦ཉིན་ནས་ཟླ་༤ཚེས་༢༠ཉིན་བར།

评审时间:2025年4月16日至4月20日


མཇུག་འབྲས་སྤྱི་བསྒྲགས།   ༢༠༢༥ལོའི་ཟླ་༤ཚེས་༣༠ཉིན།

结果公布:2025年4月30日


འགྲེམ་སྟོན་དུས་ཚོད། ༢༠༢༥ལོའི་ཟླ་༤ཚེས་༣༠ཉིན་ནས་ཟླ་༥ཚེས་༥ཉིན་བར།

4. 展览时间:2025年4月30日至5月5日




བཞི། བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས།

四、征稿范围


1. བོད་ཡིག་ཡིག་གཟུགས་ཆེད་མཁས་དང་བོད་ཡིག་ཡིག་གཟུགས་ལ་དགའ་མོས་བྱེད་མཁན་ཡོངས་ལ་ཁ་ཕྱོགས་པ།

面向全国藏文书法家及藏文书法爱好者。


2. དམིགས་བསལ་༢༠༡༣ལོ་འམ་དེའི་རྗེས་སུ་སྐྱེས་པའི་ལོ་ཆུང་བྱིས་པ་དག་ལ་ལོགས་སུ་འགྲན་བསྡུར་བྱས་ཏེ་ཀ་རིམ་ཡིག་མཁན་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

特设【少儿书法新苗组】,面向2013年及以后出生的少年儿童(12岁及以下)征稿。组委会将评选获奖作品,颁发专属奖杯、获奖证书。





ལྔ། བརྩམས་ཆོས་ཀྱི་བླང་བྱ།

五、作品要求



   1.འགྲན་བསྡུར་ནང་ཞུགས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ལ་ཡིག་རྒྱུན་གྱི་ཚད་བཀག་མེད་དེ།   དབུ་ཅན་དང་།   ཚུགས་རིང་ཐུང་། འབྲུ་ཚ།   དཔེ་ཚུགས། རྒྱུགས་བྲིས། འཁྱུག་བྲིས། ལན་ཝར་དང་མཛེས་བྲིས་སམ་རྣམ་པ་གསར་བའི་ཡིག་གཟུགས་བརྩམས་ཆོས་སོགས་འགྲན་ཞུགས་བྱས་ཆོག

   参赛藏文书法作品文体不限


   2.འགྲན་བསྡུར་ནང་ཞུགས་མཁན་གྱི་བྲིས་པ་རེས་བརྩམས་ཆོས་གསུམ་ལས་བརྒལ་མི་ཆོག

    参赛作者每人不得超过3幅作品


   3.བརྩམས་ཆོས་འབྲི་ཤོག བོད་ཤོག་དང་ཤོན་ཤོག་གི་རིགས་ཡིན་དགོས།

   作品纸材为各类藏纸、宣纸


   4. བརྩམས་ཆོས་ཀྱི་ནང་དོན་ལ།   སྙན་ངག་དང་ལེགས་བཤད། བསླབ་བྱ། གཞས་ཚིག། གཏམ་དཔེ་ལ་སོགས་པའི་ཡ་རབས་སྤྱོད་བཟང་དང་ཡར་སྐུལ་གྱི་དོན་དང་ལྡན་ཞིང་། དུས་རབས་གསར་པའི་སྙིང་སྟོབས་དང་འཚོ་བ་མཚོན་པ། དྲག་ཤུགས་སོགས་མ་རབས་སྤྱོད་ངན་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ།   ཆོས་ལུགས་ཀྱི་ཤུགས་ཧ་ཅང་ཆེ་བའི་ནང་དོན་ཡོད་མི་ཆོག།

   作品书体为正规派系,内容积极向上,不得含有涉及暴力、庸俗、法律禁止的内容


   5.བརྩམས་ཆོས་ངེས་པར་དུ་རང་ཉིད་གཅིག་པུས་རྩོམ་དགོས་པ་མ་ཟད་གསར་རྩོམ་བརྩམས་ཆོས་ཡིན་པ་དང་པར་དབང་གནད་དོན་མེད་པ་ཡིན་དགོས།

   投稿作品须由本人独立完成且为原创作品


   6.ཤོག་བུའི་ཆ་ཚད།   རྒྱ་ཤོག་ལ་སྤྱིའི་རིང་ཚད་ལི་སྨི་༡༣༧དང་། ཞེང་ཚད་ལ་ལི་སྨི་༦༩ཅན་གྱི་ཤོག་བུ་ཚད་ལྡན་ལས་མི་ཆུང་བ།   བོད་ཤོག་ལ་རིང་ཚད་ལ་ལི་སྨི༡༣༠ཞེང་ཚད་ལ་ལི་སྨི༦༠ལས་མི་ཆུང་བ།

   作品尺寸原则上不小于137cm×69cm标准四尺宣纸,藏纸原则上不小于130cm×60cm尺寸


   7.བརྩམས་ཆོས་འབྲི་སྟངས་ངེས་པར་གོང་ནས་གཤམ་ལ་འབྲི་བ་ལས་འཕྲེད་དུ་བྲིས་མི་ཆོག

    方便后期装裱展览,参赛作品内容书写方向为竖向


   8.འགྲན་ཞུགས་པས་ངེས་པར་དུ་བརྩམས་ཆོས་ཀྱི་རྒྱབ་ཕྱོགས་ཀྱི་གཡོན་ངོས་སུ་འགྲན་ཞུགས་པའི་མིང་དང་། བརྩམས་ཆོས་ཀྱི་མིང་། ཐོབ་དཔང་ཨང་གྲངས་བཅས་ཞ་སྨྱུག་གིས་གསལ་པོར་འགོད་དགོས་ལ། བརྡ་ཐོའི་ཟུར་བཀོད་ཡིག་ཆའི་རེའུ་མིག་ཏུ་ཡིག་མཁན་གྱི་མིང་དང་ཐོབ་དཔང་ཨང་གྲངས། ཞིབ་ཕྲའི་འབྲེལ་གཏུག་ས་གནས། འབྲེལ་གཏུག་ཁ་པར། བརྩམས་ཆོས་ཀྱི་ནང་དོན་མདོར་བསྡུས་རྒྱ་ཡིག་ལ་བསྒྱུར་བ།   འགྲན་ཞུགས་བརྩམས་ཆོས་ཀྱི་བྲིས་རྒྱུན་གྱི་མིང་དང་།   རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་སོགས་ཀྱི་ནང་དོན་ངེས་པར་ཁ་བསྐངས་ཏེ་བརྩམས་ཆོས་དང་མཉམ་དུ་སྐུར་དགོས།


   投稿作者在作品左下方背面用铅笔注明作者姓名、作品名称及本人身份证号,另附以中文书写的作者姓名、身份证号,详细联系地址、联系电话、以及作品内容译文、书法字体名称、书法字体及作者简介等信息


   9.ཀ་རིམ་ཡིག་མཁན་གྱི་འགྲན་ཞུགས་པས་བརྩམས་ཆོས་ངེས་པར་རང་ཉིད་གཅིག་པུས་ལེགས་འགྲུབ་བྱེད་དགོས་པ་དང་།   ལོ་ཚོད་ནི་༢༠༡༣ལོའམ་དེའི་རྗེས་སུ་སྐྱེས་པ་ཡིན་དགོས།   དེ་ལ་ཐོབ་དཔང་དང་ཡང་ན་ཁྱིམ་ཐོ་གང་རུང་གི་དཔར་བསྐྱར་བསྐུར་ཏེ་བདེན་དཔང་བྱེད་དགོས།

   少儿组投稿作品须由本人独立完成,面向2013年及以后出生的少年儿童(12岁及以下)参加,须复印身份证或户口本复印件做为证明


   10.འགྲན་ཞུགས་བརྩམས་ཆོས་ཆ་ཚང་པདྨ་གསེར་བྲིས་གླིང་དུ་ཉར་ཚགས་བྱ་རྒྱུ་ལས་ཕྱིར་བསྐུར་རྒྱུ་མིན།

   所有参赛作品由白玛金书苑统一进行保管,不进行退还




དྲུག    བྱ་དགའི་རྣམ་གྲངས་གསལ་བཤད།

六、奖项设置


   1.བྱ་དགའ་ཨང་དང་པོ་གཉིས། (བྱ་དགའི་དངུལ་དམངས་སྒོར༣༠༠༠ཡིན།)

    一等奖2名(奖金3000元)

   2.བྱ་དགའ་ཨང་གཉིས་པ་གཉིས། (བྱ་དགའི་དངུལ་དམངས་སྒོར་༢༠༠༠་ཡིན། )

   二等奖2名(奖金2000元)


   3.བྱ་དགའ་ཨང་གསུམ་པ་ལྔ། (བྱ་དགའི་དངུལ་དམངས་སྒོར་༡༠༠༠་ཡིན)

   三等奖5名(奖金1000元)


གོང་གི་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གོང་ཚད་སྒོར་༡༠༠༠༠རིན་པའི་ཟངས་གསེར་གྱིས་མགར་བཟོ་བྱས་པའི་བྱ་དགའི་གཟེངས་བུམ་འབུལ་རྒྱུ།

(以上获奖者并将颁发荣誉证书+价值10000元铜制鎏金藏式奖杯)


   4.ཕུལ་བྱུང་བྱ་དགའ་མི་སུམ་ཅུ།   (བྱ་དགའི་གཟེངས་བུམ་དང་དཔང་ཡིག) གོང་གི་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གོང་ཚད་སྒོར་༣༠༠༠རིན་པའི་ཟངས་དམར་གྱིས་མགར་བཟོ་བྱས་པའི་བྱ་དགའི་གཟེངས་བུམ་འབུལ་རྒྱུ།

   优秀奖30名(颁发荣誉证书+价值3000元铜制鎏金藏式奖杯)



   5.འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་༧༠ བདམ་རྒྱུ། འདིར་ཚུད་པའི་བྲིས་མཁན་ལ་འགྲེམ་སྟོན་དཔང་ཡིག་སྤྲོད་རྒྱུ།

   入展作品70副(颁发入展证书)

   6.ཀ་རིམ་ཡིག་མཁན་གྱི་གཟེངས་རྟགས་ལ་ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ལ་བྱ་དགའི་་བྱ་དགའི་གཟེངས་བུམ་དང་གཟི་བརྗིད་དཔང་ཡིག་འབུལ་བ།

   另设立少儿组奖项,参赛者年龄12岁及以下,颁发一等奖1名,二等奖2名,三等奖3名(颁发荣誉证书+奖杯)


   7.བྱ་དགའ་ཨང་རིམ་དང་པོ་ནས་གསུམ་པའི་བར་གྱི་བྲིས་པ་དག་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་མཛད་སྒོའི་སྐབས་སུ་གདན་འདྲེན་ཞུས་ཏེ། ཡུལ་དངོས་ནས་གཟེངས་རྟགས་འབུལ་བའི་མཛད་སྒོ་སྤེལ་རྒྱུ་ཡིན་པས་ཡུལ་དངོས་སུ་ཕེབས་དགོས། (བཞུགས་ས་དང་གསོལ་བ་ཆ་ཚང་གཙོ་སྒྲུབ་ལས་ཁུངས་ནས་འགན་ཁུར་བ།) མཛད་སྒོའི་གནས་ཚུལ་ཁག་པདྨ་གསེར་བྲིས་གླིང་གི་འདར་དབྱངས་སོགས་དྲ་ལམ་ཁག་ནས་ཐད་གཏོང་དང་དྲིལ་སྒྲོག་བྱེད་རྒྱུ་ཡིན།

    荣获三等奖及以上名次的作者,将邀请至“全国藏文书法日”活动现场,并颁发奖杯和荣誉证书,同时会在各大网络平台进行直播。(相关食宿费用由主办方全部承担)


   8.བྱ་དགའ་ཐོབ་པའི་བརྩམས་ཆོས་དང་འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་དག་པདྨ་གསེར་བྲིས་གླིང་གིས་ཡིག་གཟུགས་དུས་ཆེན་ཉིན་མོའི་མཛད་སྒོའི་སྟེང་འགྲེམ་སྟོན་དང་བརྩམས་ཆོས་ཁག་ངོ་སྤྲོད་བྱེད་རྒྱུ་ཡིན།

    所有入围作品,将会在“4.30日全国藏文书法日”活动现场进行展览。

9.ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཞིབ་རྒྱས་པདྨ་གསེར་བྲིས་གླིང་གི་འཕྲིན་སྟེགས་དང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲྭ་བ་བཅས་སུ་གཟིགས་པར་འཚལ།

    比赛一切详细内容将在白玛金书苑公众号平台上进行发布。




བདུན།   བརྩམས་ཆོས་དཔྱད་འདེམས།

七、作品评选


      པདྨ་གསེར་བྲིས་གླིང་གི་བོད་ཀྱི་ཡིག་གཟུགས་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་མི་གཙོ་བྱས་པའི་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་ཆེད་མཁས་དག་གིས་འགྲན་ཞུགས་བརྩམས་ཆོས་ལ་འདྲ་མཉམ་དང་། ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་སྒོ་ནས་ཞིབ་དཔྱད་བྱ་རྒྱུ་ཡིན།   དཔྱད་འདེམས་མཇུག་འབྲས་པདྨ་གསེར་བྲིས་གླིང་གི་འཕྲིན་སྟེགས་སོགས་ནས་སྤྱི་བསྒྲགས་བྱ་རྒྱུ་ཡིན།

    参加比赛的书法作品由评审组委会严格按照《白玛金书苑作品评审规则》,对投稿作品进行公平、公开、公正评审。评审结果将在白玛金书苑、中国藏文书法网官方微信公众号公布。




བརྒྱད། དོན་ཚན་གཞན་དག།

八、其他事项


       འགྲན་ཞུགས་བྱེད་མཁན་གྱི་བྲིས་པ་ཚང་མས་བརྩམས་ཆོས་བསྡུ་བའི་གསལ་བརྡའི་ནང་གི་གཏན་འབེབས་ཁག་ལ་བརྩི་སྲུང་བྱ་དགོས། བརྩམས་ཆོས་དེ་དག་ངེས་པར་དུ་རྩོམ་པ་པོས་བརྩམས་པའི་བརྩམས་ཆོས་ཡིན་དགོས་པ་ལས། མི་གཞན་གྱི་བརྩམས་ཆོས་འདྲ་བཤུས་བྱས་ཏེ་འགྲན་ཞུགས་བྱས་མི་ཆོག།   གཏན་འབེབས་འདིར་བརྩི་སྲུང་མ་བྱས་པར་ཁྲིམས་ལུགས་ཀྱི་རྩོད་གཞི་གང་རུང་ཐོན་ན་བརྩམས་ཆོས་ཀྱི་བདག་པོས་འགན་འཁུར་དགོས། བརྡ་ཐོ་འདིའི་འགྲེལ་བཤད་དབང་ཆ་རྩ་འཛུགས་ལྷན་ཚོགས་ལ་ཡོད།

     参加本展览的作者,均视为已确认并遵守《**届白玛金书全国藏文书法大赛相关规则》及征稿启事的各项规定。投稿作品须为作者原创作品,严禁使用临摹、抄袭他人作品参赛,参赛作品一经邮寄一概不退,对于不遵守本规定而造成任何法律纠纷者,责任由投稿人自负。


བརྡ་ཐོ་འདིའི་འགྲེལ་བཤད་དབང་ཆ་རྩ་འཛུགས་ལྷན་ཚོགས་ལ་ཡོད།

      本启事所有解释权归白玛金书苑。作品展览将在四川省成都市举办,并将在线上同步直播展出。




དགུ། བརྩམས་ཆོས་སྐུར་ཡུལ།

九、收稿信息




图片

པདྨ་གསེར་བྲིས་གླིང་གི་འདར་དབྱངས་ཚད་གཉིས་བཤེར་རིས།

白玛金书苑抖音二维码



图片


སྐད་འཕྲིན་འབྲེལ་གནས།

微信联系方式



收件人:卓玛

电话:15808368591

邮政编码:611100

作品邮寄地址:成都市温江区凤凰北大街669号花沐里





图片



ཟུར་བཀོད་ཡིག་ཆ།

   附件


འོག་གི་ཚད་གཉིས་ཨང་གྲངས་བཤེར་ཏེ་ཐོ་འགོད་རེའུ་མིག་ཕབ་ལེན་བྱེད་པ།

扫描以下二维码下载作品报名表

   图片



པདྨ་གསེར་བྲིས་གླིང་།

白玛金书苑

2025.3.15日