设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

ཀརྨའི་སྒར་བྲིས་ཀྱི་བྲིས་དཔེ་མ་ནོར་ལམ་སྟོན་ཞེས་བྱ་བ་བཞུགས་སོ།།

 二维码 664
发表时间:2025-02-19 12:22作者:ཤེས་ཕུན་ཚོགས།来源:ངེད་དྲ་བ།

ཀརྨའི་སྒར་བྲིས་ཀྱི་བྲིས་དཔེ་མ་ནོར་ལམ་སྟོན་ཞེས་བྱ་བ་བཞུགས་སོ།།



༄༅།།ཀརྨའི་སྒར་བྲིས་བྲིས་གཟུགས་ནི།   སྤྱི་ལོ་༡༡༨༥ལོར།   ཀརྨ་ཞྭ་ནག་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་དུས་གསུམ་མཁྱེན་པ་མཆོག་གིས་དེང་གི་ཀརྨ་གདན་སར་དགོན་ས་བཏབ་པ་དང་།   དེ་དུས་རྒྱ་བོད་དང་བལ་པོ་ནས་ཕེབས་པའི་བཟོ་བོ་སྤྲིན་བཞིན་འདུས་པ་དེས་ཕྱིས་ཀྱི་ཀརྨའི་སྒར་བྲིས་རིག་གནས་འཕེལ་རྒྱས་སུ་འགྲོ་བར་རྨང་ཡག་པོ་ཞིག་ཚུགས་པ་རེད།   ཕྱིས་སུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་(༡༤༥༤ལོར་འཁྲུངས་)དུས་ནས་སྒར་ཆེན་འཛམ་གླིང་བརྒྱན་ཟེར་བ་ཁམས་ཕྱོགས་སུ་སྦྲ་སྒར་དང་གུར་སྒར་མཛད་བཞིན་པའི་སྐབས་བྲིས་མཁན་མང་པོ་བསྡུས་ནས་དཀྱིལ་འཁོར་གྱི་ཐིག་ཚད་དཔེ་ལས་གྲུབ་པའི་ཀརྨའི་སྒར་བྲིས་གསར་གཏོད་ཐོག་མར་གནང་མཛད་པ་ཡིན་ལ།   རྗེས་ནས་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀརྨའི་སྒར་བྲིས་ཀྱི་གཞུང་ལུགས་དང་ཁྱད་ཆོས་འབུལ་དུ་ཐོན་པའི་མཛད་རྗེས་བླ་ན་མེད་པ་བཞག་མཛད་པའོ།། དང་པོ་ནི་དུས་རབས་བཅོ་ལྔ་པའི་ནང་དུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་དར་བ་དང་། དེ་ནས་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱིས་རྒྱུན་འཛིན་དང་ནང་ཆེན་རྒྱལ་པོའི་རྒྱལ་རབས་རིམ་བྱོན་གྱིས་ཐུགས་ཁུར་ཆེན་པོའི་འོག་དགོན་ཁག་སོ་སོ་དང་དཔོན་ཁག་སྡེ་འབངས་རྣམས་ལ་ཀརྨའི་སྒར་བྲིས་སྒྱུ་རྩལ་དེ་ལོ་༥༦༠ཡི་རིང་མ་ཉམས་རྒྱུན་འཛིན་བྱུང་ཡོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཤིག་བསྐྲུན་ཡོད་པ་མ་ཟད།   ནང་ཆེན་གྲ་ནང་ནི་ཀརྨའི་སྒར་བྲིས་རིག་གནས་ཀྱི་དར་སྤེལ་ལྟེ་གནས་སུ་གྱུར་ཡོད་པ་རེད་ལ།   ཀརྨའི་སྒར་བྲིས་ནི་ནང་ཆེན་ཡུལ་གྱི་བྲིས་རྒྱུན་མ་ཉམས་པ་ནང་ཆེན་ནོར་བྲིས་མ་བཤད་ན་ཆོག་ཆོག་ཡིན་པར་སེམས། སྔོན་ཐོན་རིག་གནས་འཕེལ་རྒྱས་ཆེན་པོར་འགྲོ་བའི་ཁོར་ཡུག་འདི་དང་བོད་ཁམས་ཡོངས་ཀྱི་མི་རིགས་རིག་གནས་ཀྱི་གཟི་བྱིན་དང་།   ལས་དོན་འདིར་བརྩོན་པའི་ནུས་ཤུགས་མང་པོ་གཅིག་སྡུད་ཡོང་བ་བཅས་ལ་བརྟེན་ནས་ཕུལ་བྱུང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་དར་སྤེལ་གཏོང་བའི་དཔྱིད་གསར་ཁྲ་ཆིལ་ལེར་བཞད་ངེས་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་དོ།།



尕玛嘎智-西朋1.jpg



དེབ་འདིའི་རྩོམ་པ་པོ་རྒན་ཤེས་ཕུན་ཚོགས་འོས་སྦྱོར་མདོར་བསྡུས།


西朋措个人照片.jpg



       ༄༅།།ཀརྨའི་སྒར་བྲིས་བ་ཤེས་ཕུན་ཚོགས་ནི། སྤྱི་ལོ་ ༡༩༥༥ལོར་ཁམས་ནང་ཆེན་གྲ་ནང་འབྲོང་ཤོག་འབྲོག་སྡེ་ཕྱུག་མོའི་ཡོབ་གཞུང་བཀྲ་ཤིས་ལྷ་ཐང་དུ། ཕ་ཐོག་དགེ་ཨོ་རྒྱན་དབང་ཕྱུག་དང་མ་གོང་པ་བཟའ་ནོར་འཛིན་དཔལ་མོ་གཉིས་ཀྱི་བུ་རུ་སྐྱེས། ལོ་ངོ་བདུན་གྱི་ཐོག་དགེ་རྒན་ཀརྨ་བསམ་གཏན་རྒྱ་མཚོའི་མདུན་ནས་འབྲི་ཀློག་ཐོག་མར་བསླབས། ལྷག་པར་དུ་ལོ་ཤས་རིང་མཁན་ཆེན་འཇམ་དབྱངས་བསོད་ནམས་མདུན་ཀརྨའི་སྒར་བྲིས་དང་སྡེ་བྲིས་ཀྱི་འཁྲིད་རིམ་མ་ནོར་བ་སྦྱང་བརྩོན་བྱས་ཏེ་བྲིས་རྒྱུན་ཅན་ ༧ནང་ཆེན་རྒྱལ་སྲས་ཨ་ཆེན་དང་༧ ཨ་ལྡེའུ་གྲུབ་རིགས་ཁྱུ་མཆོག་རིན་པོ་ཆེ། ༧དབང་སྡུད་ནོར་བུ་སྙིང་པོའམ་ཀརྨ་ཕྲིན་ལས་བཞི་བ་རྣམས་ཀྱིས་བསྟོད་བསྔགས་ཐོབ། ༡༩༧༥ལོར་རྒྱལ་གཞུང་གི་དགེ་རྒན་བྱས་ནས་མི་ལོ་བཞི་བཅུ་ལྷག་གི་རིང་དགེ་རྒན་གྱི་ལས་གནས་ཐོག་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཁུལ་རྫོང་རིམ་པའི་གཟེངས་རྟགས་ཐོབ་མྱོང་། ཟུར་དུ་ནང་ཆེན་ཡུལ་གྱི་ལས་བཟོ་བ་དང་ཆུང་འབྲིང་སློབ་མ་ཁག་དགོན་པ་ཁག་དང་མི་དམངས་མང་ཚོགས་བཅས་ལ་ལྷག་བསམ་རྣམ་དག་གིས་ལོ་མང་པོའི་རིང་ལ་ཟབ་སྦྱོང་གནད་སྨིན་བྱས་ནས་ཀརྨའི་སྒར་བྲིས་ཀྱི་བྲིས་གཟུགས་སློབ་ཁྲིད་བྱས་ལ། ཀརྨའི་སྒར་བྲིས་ཀྱི་བྲིས་དཔེ་མ་ནོར་ལམ་སྟོན་ཞེས་བྱ་བ་ནང་ཆེན་སློབ་གསོ་ཅུས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ཏུ་དཔར་སྐྲུན་བྱས་ཡོད། ད་ལྟ་ཀརྨའི་སྒར་བྲིས་ཀྱི་ཉམས་གསོ་ལས་ཀར་ནུས་ཤུགས་གང་ཡོད་འདོན་བཞིན་པ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞེན་པ་ཧ་ཅང་ཆེ་བས་རང་ནུས་ཅི་ལྕོགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ང་ཚོའི་ནང་ཆེན་ཡུལ་ལ་ཆེས་དར་ཁྱབ་ཆེ་བའི་ཀརྨའི་སྒར་བྲིས་བྲིས་རྒྱུན་ལྷམ་མེར་འཚེར་ནས་སློབ་གྲྭ་ཁག་གི་དགེ་སློབ་དག་བྲིས་རྩལ་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་གྱི་མགུལ་རྒྱན་སྒྲོན་ཡོད་པ་རེད།



尕玛嘎智-西朋2.jpg


尕玛嘎智-西朋3.jpg

尕玛嘎智-西朋4.jpg尕玛嘎智-西朋5.jpg尕玛嘎智-西朋6.jpg尕玛嘎智-西朋7.jpg尕玛嘎智-西朋8.jpg尕玛嘎智-西朋9.jpg尕玛嘎智-西朋10.jpg尕玛嘎智-西朋11.jpg尕玛嘎智-西朋12.jpg尕玛嘎智-西朋13.jpg尕玛嘎智-西朋14.jpg尕玛嘎智-西朋15.jpg尕玛嘎智-西朋16.jpg尕玛嘎智-西朋17.jpg尕玛嘎智-西朋18.jpg尕玛嘎智-西朋19.jpg尕玛嘎智-西朋20.jpg尕玛嘎智-西朋21.jpg尕玛嘎智-西朋22.jpg尕玛嘎智-西朋23.jpg尕玛嘎智-西朋24.jpg尕玛嘎智-西朋25.jpg尕玛嘎智-西朋26.jpg尕玛嘎智-西朋27.jpg尕玛嘎智-西朋28.jpg尕玛嘎智-西朋29.jpg尕玛嘎智-西朋30.jpg尕玛嘎智-西朋31.jpg尕玛嘎智-西朋32.jpg尕玛嘎智-西朋33.jpg尕玛嘎智-西朋34.jpg尕玛嘎智-西朋35.jpg尕玛嘎智-西朋36.jpg尕玛嘎智-西朋37.jpg尕玛嘎智-西朋38.jpg尕玛嘎智-西朋39.jpg


尕玛嘎智-西朋40.jpg


尕玛嘎智-西朋45.jpg



       ནང་ཆེན་རྫོང་གི་ཡིག་མཁན་ཆེན་པོ་ཤེས་ཕུན་ཚོགས་ནི་༡༩༥༥ལོའི་ཟླ་༥ཚེས་༦ཉིན་སྐྱེས། ༡༩༧༥ལོའི་ཟླ་༣པ་ནས་༡༩༩༠ལོའི་ཟླ་༧པའི་བར་ནང་ཆེན་རྫོང་གྲོང་ཚོའི་སློབ་གྲྭའི་དགེ་རྒན་མཛད ༡༩༩༠ལོའི་ཟླ་༧པ་ནས་༢༠༠༢ལོའི་ཟླ་༨པའི་བར་ནང་ཆེན་རྫོང་གྲོང་ཚོའི་སློབ་གྲྭའི་སློབ་གཙོ་མཛད། ༢༠༠༢ལོའི་ཟླ་༧པ་ནས་༢༠༠༦ལོའི་ཟླ་༧པའི་བར་ནང་ཆེན་རྫོང་ཀྲུའུ་ཞའོ་ཞང་གི་དགེ་རྒན་ཡིན། ༢༠༠༦ལོའི་ཟླ་༤པར་ལས་འཁྱུར་བྱས། ༢༠༠༧ལོའི་ཟླ་༧པ་ནས་༢༠༡༢ལོའི་ཟླ་༧པའི་བར་ཡུས་ཧྲུའུ་ཁུལ་ལས་རིགས་སློབ་གྲྭའི་ནང་ཆེན་བོད་ཡིག་དྲུང་ཡིག་འཛིན་གྲྭའི་དགེ་རྒན་མཛད། ༢༠༡༢ལོའི་༣ནས་༢༠༢༠ལོའི་༡༢བར་ནང་ཆེན་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་ཡིག་གཟུགས་དགེ་རྒན་དང་དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྲིག་བྱས།



སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།