བོད་ཀྱི་ལོ་སར་ལ་ཤིས་ཚིག་སྦྱིན་པའི་བྱེད་སྒོ་སྤེལ་བ།
དེ་རིང་དེ་2025ལོའི་ཟླ2ཚེས་11ཉིན། བོད་ཀྱི་ཡིག་མཁན་གྲགས་ཅན་དཔག་བསམ་དོན་གྲུབ་དང་། དཀོན་མཆོག་བཀྲ་ཤིས། འདན་མ་བཀྲ་དགའ། ལེགས་སྨོན། དོན་གྲུབ་ཚེ་རིང་། ཚེ་རིང་མགོན་པོ། བྱང་དགའ། ལྕགས་རྡོར་སོགས་ཀྱིས་སྤོས་ལྡན་གྲོང་ཁྱེར་དུ་བོད་ཤིང་སྤྲུལ་ལོའི་ལོ་སར་དུས་སྟོན་གྱི་བསུ་མའི་ཚུལ་དུ། འདས་མ་ཐག་པའི་དཔྱིད་གསར་ལོ་སར་གྱི་སྤྲོ་སྐྱིད་དང་འགྲོགས་ཏེ་ཤིས་ཚིག་བྲིས་པ་མ་ཟད། རིན་མེད་གནང་སྦྱིན་གྱི་བྱེད་སྒོ་སྤེལ།
ཡིག་མཁན་ཚོས་ནང་དོན་ཕུན་སུམ་ཚོགས་པའི་ལོ་སར་ཤིས་ཚིག་རེ་རེ་བོད་ཀྱི་ཡིག་རིས་སྒྱུ་རྩལ་གྱི་མཉམ་འགྱུར་སྣ་ཚོགས་ལ་བརྟེན་ཀྲུང་ཧྭ་རིག་གནས་རྒྱུན་འཛིན་གྱི་དམིགས་ཡུལ་གཙིགས་སུ་བཟུང་ནས་ཡུལ་མི་ཚོའི་དགོས་མཁོ་ལྟར་ཁོང་རྣམ་པའི་འདོད་བློ་ཅི་ལྕོགས་སུ་བསྐངས་ཤིང་། ཤིས་ཚིག་བརྩམས་ཆོས་ཚང་མའང་རིན་མེད་དུ་ཕུལ།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
གསར་འགོད་པ།མི་རབས་གསར་པ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།
|