设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

《པཎ་ཆེན་ཚུགས་རིང་གི་ཀ་དཔེ་དཔྱོད་ལྡན་སྙིང་ནོར》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

 二维码 843
发表时间:2024-09-06 19:52作者:རྨོག་རུ་དོན་གྲུབ་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཡིག་གཟུགས་ཀ་དཔེ་ངོ་སྤྲོད།


《པཎ་ཆེན་ཚུགས་རིང་གི་ཀ་དཔེ་དཔྱོད་ལྡན་སྙིང་ནོར》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།


ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《པཎ་ཆེན་ཚུགས་རིང་གི་ཀ་དཔེ་དཔྱོད་ལྡན་སྙིང་ནོར》ཞེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

པཎ་ཆེན་ཚུགས་རིང་ནི་གཙང་བྲིས་ཚུགས་ཆེན་ལ་འགྱུར་བ་ཅུང་ཟད་བཏང་ནས་གསར་དུ་བཏོད་པའི་བྲིས་ལུགས་གསར་བ་ཞིག་ཡིན་ལ། ཡིག་གཟུགས་འདིར་ཚུགས་ཆེན་གྱི་ཚད་གཞི་དང་གཏན་འབེབས་སམ་ཆ་ཚད་མཐའ་དག་ཡོངས་སུ་ཚང་བར་མ་ཟད།  དེ་ལ་ཐུན་མིན་གྱི་ཁྱད་ཆོས་བརྗིད་ལ་ནོན་ཆེ་བ་དང་།སྒམ་བརླིང་རང་ཚུགས་ཐུབ་པ།རྒྱན་དུ་ཤོམ་ལ་དབང་དྲག་གི་ཟིལ་ཤུགས་ཅུང་ཟད་དང་བཅས་པའི་ཉམས་དང་ལྡན་པ་ལ་སོགས་ཡོད་ཅིང་།དེ་དང་ཆབས་ཅིག་བྱིན་ཆགས་པ་མཛེས་དཔྱོད་ཀྱི་རིན་ཐང་གིས་ཕྱུག་པ།ལག་ལེན་དུ་འཁྱེར་བདེ་བས་གོ་ཆོད་པ།སྒྲོས་གཙང་ཞིང་གསལ་བས་ངོས་ཟིན་སླ་བ་སོགས་ཀྱང་རང་ཆས་སུ་ཡོད་པས།ཡིག་གཟུགས་ཀྱི་རིག་པའི་གནས་ལ་དགའ་མོས་དང་སློབ་གཉེར་ཡོད་མཁན་དག་ལྟ་ཅི་སྨོས།བོད་ཡིག་གི་ཀློག་པ་པོ་སྤྱིར་བཏང་བ་དང་ཡིག་རིགས་གཞན་པའི་ཡི་གེ་པའམ་ཡང་ན་སྒྱུ་རྩལ་མཁས་ཅན་སོགས་ཀྱིས་ཀྱང་འདི་ལ་མཐོང་བཟོ་དང་རྩིས་ཆེན་གནང་གིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།། 

དེབ་འདིའི་སྒྲིག་པ་པོས་སྤྱི་ཚོགས་ཐོག་ཉིན་རེ་ལས་ཉིན་རེར་པཎ་ཆེན་ཚུགས་རིང་ལ་སྦྱོང་བ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དག་གི་དགོས་མཁོ་སྐོང་བ་དང་།པཎ་ཆེན་ཚུགས་རིང་ལ་མིག་སྔར་ཀ་དཔེ་མཐོང་དུ་མེད་པའི་སྟོང་ཆ་གསབ་པའི་ཆེད་དུ།༧ཀུན་གཟིགས་བཅུ་པ་ཆེན་མོ་མཆོག་གི་ཡིག་གཟུགས་བརྩམས་ཆོས་སམ་ཕྱག་བྲིས་སྣ་ཚོགས་ཡུན་རིང་འཚོལ་སྡུད་ཉར་ཚགས་བྱས་པ་བརྒྱུད།ཁོང་གི་ཚུགས་ཆེན་ཡིག་གཟུགས་ལས་མཚོན་བྱེད་རང་བཞིན་གྱི་ཡི་གེ་འབྲི་སྟངས་ལེགས་པར་བདམས་ཤིང་།དེང་རབས་གློག་ཀླད་ཀྱི་ཇུས་འགོད་ལག་རྩལ་སྤྱད་ནས་ཀ་དཔེ་རུ་བཟོས་པར་མ་ཟད།ས་བཅད་སྒྲིག་སྟངས་ཐད་ནས་ཀྱང་བོད་ཡིག་གི་ཡིག་གཟུགས་བསླབ་ཚན་གྱི་དཔེ་གཞིའི་བླང་བྱ་ལྟར།དབུ་ཁྱུད་འབྲི་ཚུལ་ནས་མགོ་བརྩམས་ཤིང་།དེ་ནས་རིམ་བཞིན་དབྱངས་གསལ་སོ་བཞི་དང་།མགོ་འདོགས་བརྩེགས་གསུམ།ཐ་སྙད་དང་ཚིགས་བཅད་འབྲི་ཚུལ་སོགས་ཀྱི་ནང་དོན་ཚང་ལ་མ་ནོར་བ་ཞིག་ཏུ་བསྒྲིགས་ཡོད།

གཞན་དེང་དུས་ཀྱི་ལས་དང་པོ་བ་དག་གིས་ཡིག་གཟུགས་སྒྱུ་རྩལ་གྱི་ལུང་ཁུངས་རྒྱབ་རྟེན་ཅི་ཡིན་ངེས་པའི་ཆེད་དུ《ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ》ཞེས་བྱ་བ་གཞུང་རྩ་བར་བྱས་ཏེ་ཀ་དཔེ་འདིའི་དབུ་རུ་དྲངས་ཡོད་ཅིང་།དེ་ཡང་རྩོམ་སྒྲིག་ཁོངས་མི་རྣམས་ཀྱིས་གཞུང་འདིའི་མ་དཔེ་ལག་བྲིས་མ་ལ་གཏུགས་ནས་ཞུ་དག་རྣལ་མ་ཞིག་སོང་ཁུལ་ཡིན་པ་བཅས། མདོར་ན། པཎ་ཆེན་ཚུགས་རིང་གི་ཀ་དཔེ་འདི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཚུལ་དུ་བསྒྲིགས་ཡོད་པས་ན། ཡིག་གཟུགས་ལ་དགའ་མོས་དང་སློབ་སྦྱོང་བྱེད་མཁན་དཔྱོད་ལྡན་དག་གི་སྙིང་ནོར་ལྟ་བུ་ཡིན་ནོ།།




班钦徂仁体书写技巧-最终版(全文)2024.6.3_页面_001.jpg


班钦徂仁体书写技巧-最终版(全文)2024.6.3_页面_005.jpg


班钦徂仁体书写技巧-最终版(全文)2024.6.3_页面_006.jpg


班钦徂仁体书写技巧-最终版(全文)2024.6.3_页面_007.jpg


班钦徂仁体书写技巧-最终版(全文)2024.6.3_页面_008.jpg


班钦徂仁体书写技巧-最终版(全文)2024.6.3_页面_009.jpg


班钦徂仁体书写技巧-最终版(全文)2024.6.3_页面_011.jpg


班钦徂仁体书写技巧-最终版(全文)2024.6.3_页面_012.jpg


班钦徂仁体书写技巧-最终版(全文)2024.6.3_页面_034.jpg


班钦徂仁体书写技巧-最终版(全文)2024.6.3_页面_038.jpg


班钦徂仁体书写技巧-最终版(全文)2024.6.3_页面_100.jpg


班钦徂仁体书写技巧-最终版(全文)2024.6.3_页面_106.jpg


班钦徂仁体书写技巧-最终版(全文)2024.6.3_页面_109.jpg


班钦徂仁体书写技巧-最终版(全文)2024.6.3_页面_118.jpg


班钦徂仁体书写技巧-最终版(全文)2024.6.3_页面_137.jpg


班钦徂仁体书写技巧-最终版(全文)2024.6.3_页面_141.jpg


班钦徂仁体书写技巧-最终版(全文)2024.6.3_页面_152.jpg


班钦徂仁体书写技巧-最终版(全文)2024.6.3_页面_168.jpg


班钦徂仁体书写技巧-最终版(全文)2024.6.3_页面_003.jpg



微信图片_20240805090111.jpg


微信图片_20240906091102.jpg



班钦徂仁体书写技巧-1.jpg



སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

འདོན་སྤྲོད་མཁན། འབའ་ཚེར་རྟ་མགྲིན་རྡོ་རྗེ།