设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

བོད་རྒྱ་ཡིག་གཟུགས་འགྲན་བསྡུར་འདི་འགོ་བཙུགས་སོང་།

 二维码 4677
发表时间:2024-07-31 23:55作者:བོད་རང་སྐྱོང་ལྗོངས་བོད་སྐད་ཨུ་ལྷན་གཞུང་ལས་ཁང་།来源:林芝编译


བོད་རྒྱ་ཡིག་གཟུགས་འགྲན་བསྡུར་འདི་འགོ་ཚུགས་སོང་།


林芝书法比赛


༄༅། །ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཡིག་གཟུགས་འགྲན་བསྡུར་སོར་མོའི་རྩལ་གྱིས་བསྐལ་བཟང་དུས་ལ་བསྟོད་ཅེས་པ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།


རྒྱ་ཆེའི་བྲིས་པ་ལྷན་རྒྱས་ཀྱི་སྐུ་གམ་དུ།

        གུས་གསོལ།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་བསུ་བ་ཞུ་ཆེད་དང་། གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ། དམངས་འཚོའི་བདེ་རྩའི་འཕོ་འགྱུར་གསར་པ།   རིག་གནས་དར་འཕེལ་གྱི་གསོན་ཤུགས་གསར་པ་བཅས་དུས་རབས་ཀྱི་རྣམ་པ་གསར་པ་དག་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་མཚོན་ཆེད།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་རྒྱ་བོད་ཡིག་ཡིག་གཟུགས་ཀྱི་འགྲན་བསྡུར་སྤེལ་རྒྱུ་ཡིན་ཞིང་། འབྲེལ་ཡོད་དོན་དག་གཤམ་གསལ།


དང་པོ། སྒྲིག་འཛུགས་ཚན་པ།


      གཙོ་གཉེར་ཚན་པ། བོད་རང་སྐྱོང་ལྗོངས་བོད་སྐད་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)

      སྒྲུབ་འགན་འཁུར་མཁན་ཚན་པ། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)སྐད་ཡིག་དོ་དམ་ཁྲུའུ།

      མཉམ་སྒྲུབ་ཚན་པ། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས།


གཉིས་པ། བརྩམས་ཆོས་ཀྱི་ནང་དོན།


       བརྩམས་ཆོས་ཀྱི་ནང་དོན་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ། རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས། སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དར་སྤེལ་བཏང་སྟེ།   སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་ལ།   སྐྱོན་གྱིས་བྲལ་ཞིང་ཡར་བསྐུལ་གྱི་བསམ་པ་ལྡན་པའི་ནང་དོན་ཡིན་དགོས།


གསུམ་པ།   བསྡུ་བའི་དུས་ཚོད།


       དེ་རིང་ནས་བཟུང་སྟེ་༢༠༢༤ལོའི་ཟླ༨པའི་ཚེས༢༠ཉིན་བར་ཡིན་ཞིང་། བརྩམས་ཆོས་བསྐུར་བའི་དུས་ཚོད་དེ་ཚད་གཞིར་འཛིན་རྒྱུ།   དུས་ཚོད་དེ་ལས་འགྱངས་ན་མི་བསྡུ་བའོ།།


བཞི་པ། ཚད་གཞི།


    ༡. རྒྱ་ཡིག་དང་བོད་ཡིག་གི་ཡིག་གཟུགས་ལ་ཚད་བཀག་མེད།

    ༢.འགྲན་བསྡུར་ནང་ཞུགས་པ་ཚང་མ་ཐོག་མའི་བརྩམས་ཆོས་ཡིན་དགོས།

    ༣.འགྲན་བསྡུར་ནང་ཞུགས་རྒྱུའི་བརྩམས་ཆོས་ཤོན་ཤོག་ཁྲེ་དྲུག་མན་གྱི་ངོས་ལ་གཞུང་ངོས་སུ་བྲིས་འབྲི་དགོས་ལ། གོས་ཤམ་གཏོང་མི་དགོས།

    ༤.བརྩམས་ཆོས་གཅིག་ནང་ཡིག་གཟུགས་སྣ་ཚོགས་མཉམ་དུ་བསྲེ་མི་ཆོག   རྩོམ་པ་པོའི་མིང་ཐམ་བཀོད་ཆོག་མོད་ཆོས་ལུགས་ཀྱི་ཆ་བྱད་ཡོད་པའི་ཐམ་ག་སྤྱོད་མི་ཆོག

     ༥.ཟུར་བཀོད་ཡིག་ཆའི་ནང་དོན་ལྟར་ཡིག་གཟུགས་བརྩམས་ཆོས་ཀྱི་རེའུ་མིག་བྲིས་ནས་པར་བཏབ་རྗེས་བརྩམས་ཆོས་དང་ལྷན་དུ་བསྐུར་དགོས། (གློག་རྡུལ་པར་གཞི་དེ་ཡིག་སྒམ་183582599@qq.com.cnལ་བསྐུར་དགོས)   ད་དུང་བརྩམས་ཆོས་ཀྱི་རྒྱབ་ཏུ་ཞ་སྨྱུག་གིས་འགྲན་ཞུགས་པའི་མིང་དང་ལོ་ན། ཐོབ་ཐང་ལག་ཁྱེར་ཨང་གྲངས།   ཁ་པར་ཨང་གྲངས། འཕྲིན་ཡིག་བསྐུར་ཡུལ(ཡིག་གཟུགས་ཁམས་དྭངས་ལ་ཁ་གསལ་བ་དགོས)   བླང་བྱ་ལྟར་ཆ་འཕྲིན་ཐོ་འགོད་མ་བྱས་པའི་བརྩམས་ཆོས་ཀྱི་རིགས་འགྲན་བསྡུར་ནང་འཇུག་རྒྱུ་མིན།


ལྔ་པ། བརྩམས་ཆོས་ཀྱི་བྱ་དགའ་དཔྱད་པ།


       གཙོ་གཉེར་བྱེད་མཁན་གྱིས་ལྗོངས་ནང་ཁུལ་གྱི་ཡིག་གཟུགས་ཆེད་ལས་མཁས་པ་གདན་འདྲེན་ཞུས་ཏེ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཡོངས་བསྒྲགས་དང་། དྲང་པོ་དྲང་གཞག་གི་རྩ་དོན་ཐོག་ནས།   ཡིག་གཟུགས་བརྩམས་ཆོས་ལ་གཅིག་གྱུར་ཐོག་དཔྱད་འདེམས་བྱ་རྒྱུ།   དཔྱད་འདེམས་པའི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་མི་ཆོག   

ཡིག་གཟུགས་འགྲན་བསྡུར་ཆེན་མོར་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ་དང་། ཨང་གསུམ་པ། ཕུལ་བྱུང་བྱ་དགའ། སྒྲིག་འཛུགས་བྱ་དགའ་སོགས་བྱ་དགའ་མང་ཉུང་ཞིག་བཀོད་སྒྲིག་བྱས་ཡོད་ཅིང་།   བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་བྱ་དགའི་དཔང་ཡིག་དང་། བྱ་དགའི་རྟགས་མ།   བྱ་དགའི་དངོས་པོ་བཅས་སྤྲོད་རྒྱུ།


དྲུག་པ། འགྲན་བསྡུར་ནང་ཞུགས་སྟངས།


      ༡.མི་སྒེར་གྱིས་རང་མོས་ངང་ཡིག་གཟུགས་བརྩམས་ཆོས་བསྐུར་མཁན་ཡིན་ཕྱིན།   ཨང་ཐོ་འགོད་པ་དང་། ཆེས་མྱུར་ཆེད་སྐྱེལ་གྱི་སྦྲག་ལམ་ནས་བསྐུར་ཆོག་ལ། རང་ཉིད་སོ་སོས་བསྐྱལ་ནའང་འགྲིག

      ༢.ཚན་པས་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ནང་ཞུགས་མཁན་ཡིན་ཕྱིན། སྒྲིག་འཛུགས་ཚན་པས་གཅིག་སྡུད་ཐོག་སྐྱེལ་དགོས། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་རྒྱ་ཆེའི་བྲིས་པ་རྣམས་སྐུལ་སློང་རྒྱ་ཆེར་བྱས་ཏེ་འགྲན་བསྡུར་ནང་ཧུར་ཐག་ཞུགས་དགོས།


བདུན་པ། དོ་སྣང་བྱ་དགོས་པའི་དོན་ཚན།


      ༡.འགྲན་བསྡུར་འདིར་ཞུགས་པར་གྲོན་དངུལ་གང་ཡང་བསྡུ་རྒྱུ་མིན། འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་ཕྱིར་སློག་གི་མེད།

      ༢.འགྲན་བསྡུར་ལ་ཞུགས་པའི་བརྩམས་ཆོས་ཡོད་དོ་ཅོག་གཙོ་གཉེར་བྱེད་མཁན་ལ་དབང་བས། གཙོ་གཉེར་བྱེད་མཁན་གྱིས་བརྩམས་ཆོས་འགྲེམ་སྟོན་དང་། བརྙན་ཕབ། དཔེ་སྐྲུན། དྲིལ་བསྒྲགས་སོགས་བྱེད་པའི་དབང་ཆ་ཡོད་ཅིང་། རྩོམ་པ་པོར་མིང་རྟགས་འགོད་དབང་ཡོད། བྱ་དགའ་ཐོབ་པའི་བརྩམས་ཆོས་གཅིག་སྡུད་གི་དེབ་གཟུགས་བཟོ་དུས། དེབ་ནང་ཚུད་པའི་བརྩམས་ཆོད་ཀྱི་རྩོམ་པ་པོ་རེར་དེབ༡སྤྲོད་རྒྱུ་དང་། བརྩམས་ཆོས་ཀྱི་རིན་པ་མེད།

      ༣.ཟླ༩པའི་ཟླ་མཇུག་ཏུ་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ། ཞིབ་ཕྲའི་དུས་ཚོད་དང་ས་གནས་བརྡ་ཐོ་ལོགས་སུ་གཏོང་རྒྱུ།

      ༤.འགྲན་བསྡུར་ནང་ཞུགས་རྒྱུའི་བརྩམས་ཆོས་སྦྲག་ཐོག་ནས་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལ་སྐུར་རོགས།

བསྐུར་སའི་ས་གནས། ལྷ་ས་གྲོང་ཁྱེར་མི་རིགས་བྱང་ལམ་སྒོ་རྟགས་ཨང་༧པ།

བསྐུར་ཡུལ། སྤེན་པ་ཚེ་རིང་།

སྦྲག་ཨང་། ༨༥༠༠༠༠

འབྲེལ་གཏུག་ཁ་པར། ༠༨༩༡ - ༦༡༢༥༦༡༧   ༡༣༣༠༨༩༩༠༤༠༣

ཟུར་བཀོད། ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་བརྩམས་ཆོས་ཀྱི་ཆ་འཕྲིན་རེའུ་མིག།


བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་།

༢༠༢༤ ལོའི་ཟླ༧ཚེས༡༥ ཉིན།





关于举办“翰墨颂盛世——铸牢中华民族共同体意识”书法比赛的通知



广大书法爱好者:

     为喜迎中华人民共和国成立75周年、西藏自治区成立60周年,用书法艺术展现雪域高原民族团结进步新气象、经济发展新跨越、民生福祉新飞跃、文化发展繁荣新活力的新时代风貌,特举办以“铸牢中华民族共同体意识”为主题的汉藏文书法比赛,现将有关事宜通知如下。


一、组织单位


  主办单位:西藏自治区藏语委办(编译局)

  承办单位:西藏自治区藏语委办(编译局)语管处

  协办单位:西藏自治区书法家协会


二、作品内容


  作品应以“铸牢中华民族共同体意识”为主题,运用汉藏文书法的表现形式,弘扬休戚与共、荣辱与共、生死与共、命运与共的共同体理念,体现社会主义核心价值观,书写内容积极健康向上向善。

三、征集时间


  即日起至2024年8月20日,以作品寄出日期为准,逾期投稿将不接收。


四、征集要求


  1.汉藏文书法字体不限。

  2.所有参赛作品应为原创。

  3.参赛作品纸张控制在六尺整张以内,竖式书写,无需装裱。

  4.作品中不得混合使用多种字体,可加盖作者名章,不得使用具有宗教色彩的闲章。

  5.按附件填写书法比赛作品信息表,打印后随作品提交(电子版发送到邮箱:183582599@qq.com.cn),并用铅笔在作品背面左下角以注明参赛者姓名、年龄、身份证号、联系电话、通讯地址(要求字迹清晰工整);未按要求备注信息的作品将不进入参评环节。


五、作品评奖


  主办方将成立评审委员会,聘请区内书法专家,秉持公开、公平、公正原则,对书法作品统一进行评选。评委作品一律不参加评奖。

  书法大赛设一等奖、二等奖、三等奖、优秀奖及组织奖若干,将为获奖作品颁发获奖证书、奖牌和奖品。


六、参赛方式


  1.个人自由投稿,书法作品以挂号、特快专递方式寄出或自行送达。

  2.单位组织参赛,由各组织单位集中选送。请各地和各相关单位广泛动员广大书法爱好者积极参赛。


七、注意事项


  1.本次大赛不收取任何参赛费用,参赛作品均不退稿。

  2.所有参赛作品归主办方所有,主办方有对参赛作品进行展览、摄影、录像、出版、宣传等权利,作者享有署名权。获奖作品将集结成册,凡作品入册作者均可获赠1册,不再另付稿酬。

  3.将于9月底举行获奖作品展览暨颁奖仪式,具体时间地点另行通知。

  4.参赛作品请邮寄至西藏自治区藏语委办(编译局)。

邮寄地址:拉萨市民族北路7号

收 件 人:边巴次仁

邮 编:850000

联系电话:0891-6125617,13308990403

附件:书法比赛作品信息表.docx


西藏自治区藏语文工作委员会办公室

2024年7月13日

     



༄༅།།ཉིང་ཁྲི་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད།)

林芝市藏语文工作委员会办公室(编译局)

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་ཕུན་ཚོགས།

责 编:索朗平措

རྩོམ་སྒྲིག་པ། མིག་དམར་ཚེ་རིང་།

编 辑:米玛次仁

投稿邮箱:516814100@qq.com