设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་གཟུགས་འདས་ཡིག་གནས་ཀྱི་ཤུལ་བཞག་གལ་ཆེན་དུ་གྱུར་བའི

 二维码 786
发表时间:2024-06-22 09:43

བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་ཡིག་གཟུགས་སྒྱུ་རྩལ་གཞི་རིམ་དུ་སྤེལ་པ།


        ༢༠༢༤ལོའི་ཟླ༦ཚེས་༡༨ཉིན་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་གཟུགས་འདས་ཡིག་གནས་ཀྱི་ཤུལ་བཞག་གལ་ཆེན་དུ་གྱུར་བའི་ཡིག་གཟུགས་སྒྱུ་རྩལ་གཞི་རིམ་དུ་སྤེལ་པའི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་ནས་སྤེལ།


西藏书协下基层0.jpg


བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བ་ཀྲང་ཁྲུང་དང་།བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་མཚན། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་འཇིགས་མེད།བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དབྱང་ཡན། ཆབ་མདོ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ནོར་བུ།ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གཙོ་ལི་ཧུང་རུའུ།   ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པ་འདན་ཚ་འཇམ་དབྱངས་ཆོས་དར་བཅས་བྱེད་སྒོར་ཞུགས།

a西藏书协下基层6.jpg


བྱེད་སྒོའི་ཁྲོད་སློབ་གཙོ་གཞོན་པ་རྒན་འདན་ཚ་འཇམ་དབྱངས་ཆོས་དར་ལགས་ཀྱིས་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ལ་སྣེ་ལེན་ཟབ་རྒྱས་དང་།   ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་ཡིག་གཟུགས་སློབ་གསོ་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་བྱ་བའི་གནས་ཚུལ་སྙན་སྒྲོན་ཞུ་བཞིན་པ།


a西藏书协下基层3.jpg


ཐེངས་འདིའི་བྱེད་སྒོའི་གཙོ་སྐྱོང་མཁན་ནི་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་ཆབ་མདོ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པ་འདན་ཚ་འཇམ་དབྱངས་ཆོས་དར་ཡིན་ལ།ཁོང་གིས་འགོ་ཚུགས་མཛད་སྒོའི་གསུང་བཤད་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ནོར་ཡིན་ཞིང་།   དེར་བློ་གྲོས་ཀྱི་དྭངས་མ་དང་། ཟུངས་སྟོབས་སོགས་མང་པོ་འདུས་ཡོད་པས།   ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས་གསུངས་པའི་དགོང་དོན་བཞིན།ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདིའི་ཆེད་དུ་དཀའ་བ་བརྒྱ་དང་འབད་པ་སྟོང་གིས་འབྲས་བུ་དང་།   ཆབ་མདོ་གྲོང་ཁྱེར་གྱི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་འོག     བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་ཡིག་གཟུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་འདི་འདྲ་བཙུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གོང་རིམ་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་མཚོན་ཡོད་པ་མ་ཟད།ང་ཚོ་ཚང་མས་ཡིག་གཟུགས་ལ་འབད་པ་བྱས་པའི་འབྲས་བུ་ཞིག་ཀྱང་འདུས་ཡོད་པར་གསུངས། གཏམ་བཤད་ཧྲིལ་པོས་མ་འོངས་ཀྱི་སློབ་སྦྱོང་ཁྲོད་སློབ་མ་རྣམ་པ་དང་ཡིག་མཁན་རྣམ་པས་སྲིད་ཇུས་ཀྱི་ཉི་འོད་ཁྲོད་མུ་འཐུད་ནས་ཡིག་གཟུགས་ཀྱི་སྦྱངས་བའི་ཐད་མཐུས་ཤོར་དང་ལྷོད་གཡེངས་མེད་པར་འབད་དགོས་པའི་སེམས་ཤུགས་སྐྱེད།

a西藏书协下基层2.jpg


   བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བ་ཀྲང་ཁྲུང་ལགས་ཀྱིས་༼   བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཡིག་གཟུགས་སློབ་གསོའི་དཔེ་སྟོན་རྟེན་གཞི༽ཡི་སྒོ་བྱང་འདི་ཉིད་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་ནང་དུ་འགེལ་བའི་དགོས་པ་དང་དམིགས་ཡུལ་དེ་བཞིན་ཆབ་མདོའི་མ་འོངས་པའི་ཡིག་གཟུགས་སྒྱུ་རྩལ་ཇི་ལྟར་འཕེལ་རྒྱས་གཏང་དགོས་པའི་ཐད་ཀྱི་བཀའ་སློབ་དང་བཅས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད།


a西藏书协下基层4.jpg


   བོད་ལྗོངས་ཡིག་མཁས་མཐུན་ཚོགས་ཀྱི་ཡིག་གཟུགས་མཁས་དབང་རྣམས་དང་ཆབ་མདོ་གྲོང་ཁྱེར་གྱི་ཡིག་མཁན་རྣམས་ཀྱི་བར་ཕན་ཚུན་ཡིག་གཟུགས་སྒྱུ་རྩལ་གྱི་ཉམས་མྱོང་སྤེལ་རེས་བྱས་ནས་ཡུལ་དངོས་ནས་བོད་རྒྱ་གཉིས་ཀྱི་ཡིག་གཟུགས་འབྲི་རྩལ་ངོམས་ཤིང་མཐར་དྲན་རྟེན་འདྲ་པར་རྒྱབ་ནས་བཀྲ་ཤིས་དགའ་སྤྲོའི་ངང་མཇུག་ལེགས་པར་གྲུབ་པར་བྱས་པའོ།།


a西藏书协下基层5.jpg



a西藏书协下基层7.jpg


a西藏书协下基层8.jpg


a西藏书协下基层9.jpg


a西藏书协下基层10.jpg


a西藏书协下基层12.jpg


西藏书协下基层.jpg


西藏书协下基层1.jpg


西藏书协下基层2.jpg


西藏书协下基层3.jpg


西藏书协下基层4.jpg


西藏书协下基层5.jpg


西藏书协下基层6.jpg


西藏书协下基层7.jpg


西藏书协下基层9.jpg


西藏书协下基层11.jpg


西藏书协下基层10.jpg


西藏书协下基层13.jpg



སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

གསར་འགོད་པ། རིག་པའི་རལ་གྲི།

རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།