设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

བླ་བྲང་གསེར་གླིང་གི་སྒོ་འབྱེད་མཛད་སྒོ་གཟབ་རྒྱས་ངང་སྤེལ།

 二维码 1443
发表时间:2024-06-09 21:43作者:དཔལ་མགོན་ཚེ་རིང་།བླ་མ་སྐྱབས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བླ་བྲང་གསེར་གླིང་གི་སྒོ་འབྱེད་མཛད་སྒོ་གཟབ་རྒྱས་ངང་སྤེལ།



拉章金书开业20240609 (15).jpg



        དེ་རིང་དེ་༢༠༢༤ལོའི་༦ཚེས༩་སྟེ་ལུགས་རྙིང་གི་ཟླ་༥ཚེས་༤་ཉིན་ཀན་སུའུ་ཞིང་ཆེན་བླ་བྲང་གསེར་བྲིས་གླིང་དབུ་བརྙེས་པའི་མཛད་སྒོ་གཙོས་གྲོང་ཁྱེར་ནས་གཟབ་རྒྱས་སུ་སྤེལ།


拉章金书开业20240609 (1).jpg



       མཛད་སྒོའི་སྟེང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གི་ཀྲུའུ་ཞི་ཟུར་བའམ་བོད་ཀྱི་སློབ་གསོ་བ་སྒྲོལ་མ་སྐྱབས་དང་། མི་དམངས་སྲིད་གཞུང་གི་སྲིད་ཇུས་བློ་འདོན་པ། བོད་རིག་པའི་ཆེད་མཁས་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།   ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། དེང་རབས་བོད་ཀྱི་སྙན་ངག་པ་ལྷ་རྒྱལ་ཚེ་རིང་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སངས་རྒྱས་བཀྲ་ཤིས། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློབ་དཔོན་ཆེན་མོའམ་བོད་རིག་པའི་ཆེད་མཁས་ཟམ་ཚ་ཚེ་རིང་དོན་གྲུབ། ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཕྱག་རྡོར་ཚེ་རིང་།   ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོར་བྷ་སོགས་མཛད་སྒོར་ཞུགས་པ་མ་ཟད།   གཞན་རྫོང་བདུན་གྲོང་གཅིག་གི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཚོགས་མའི་སྐུ་ཚབ། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་སྐྱབས་དང་ཚོང་དཔོན་བླ་གོ    ཚོང་དཔོན་ཐང་དགེ་འབྲུག་ཐར་སོགས་ཀན་ལྷོའི་བོད་ཀྱི་ཁེ་ལས་པ།   དེ་མིན་སྦྱིན་བདག་གི་སློབ་གྲོགས་ལྷན་རྒྱས། སྤྱི་ཚོགས་དང་ལས་རིགས་སོའི་རིག་གནས་པ་དང་ཡིག་གཟུགས་དགའ་ཞེན་པ་མི་བརྒྱ་དང་ལྔ་བཅུ་ལྷག་ཡུལ་དངོས་སུ་འཛོམས་ཤིང་གསེར་བྲིས་གླིང་གི་སྒོ་འབྱེད་ལ་རྟེན་འབྲེལ་ཞུས།



拉章金书开业20240609 (6).jpg



拉章金书开业20240609 (42).jpg



拉章金书开业20240609 (41).jpg



拉章金书开业20240609 (44).jpg



拉章金书开业20240609 (45).jpg


     

      གསེར་བྲིས་སྦྱིན་བདག་ཆེན་མོ་ཐང་དགེ་བླ་མ་སྐྱབས་ནི་ཀན་ལྷོ་ཁུལ་ཁྲག་མཛོད་ཁང་གི་གསོ་རིག་འབུམ་རམས་པ་དང་། ཀན་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཆེ་དང་ཁུལ་རིམ་པའི་སྨོན་ལམ་ཡིག་གཟུགས་རྒྱུད་འཛིན་པ་བཅས་ཡིན།   ཁོ་རང་ཆུང་དུས་ནས་བཟུང་གཟུགས་རིས་སྣ་ཚོགས་བྲི་རྒྱུར་དགའ་ཞིང་། སློབ་ཆུང་གི་སྐབས་སུ་རྒན་དུ་མར་བསྟེན་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་གི་མགོ་བརྩམས།   སློབ་གྲྭ་ཆུང་འབྲིང་ནས་ཡི་གེ་སྦྱངས་པའི་གོམས་གཤིས་དོར་མ་མྱོང་ལ། ལས་གནས་སུ་ཐོན་རྗེས་ཀྱང་སྔར་བཞིན་རང་གི་དགའ་ཕྱོགས་ཀྱི་རྒྱུན་བསྐྱངས་ཏེ། ལས་ཞོར་ལ་རང་སྦྱོང་གཙོས་དགེ་རྒན་གང་མང་བསྟེན་ནས་སྦྱངས་པ་གནད་སྨིན་བྱས།



拉章金书开业20240609 (40).jpg



拉章金书开业20240609 (8).jpg



拉章金书开业20240609 (9).jpg


      ༢༠༡༦ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་བླ་བྲང་གསེར་བྲིས་རིག་གནས་ཐོན་ལས་སྤྱི་གཉེར་ཁང་བཙུགས་ཏེ། གསེར་བྲིས་གཙོས་རིན་ཆེན་སྣ་ལྔའི་ཡིག་གཟུགས་འབྲི་མགོ་བརྩམས་ཤིང་། དེའི་ཞོར་ལ་བོད་ཀྱི་སྲོལ་རྒྱུན་ལག་རྩལ་གྱི་ཡིག་ཆས་སྣ་ཚོགས་དང་ཡིག་རིས་འབྲི་དེབ་སོགས་ཇུས་འགོད་ཐོན་སྐྱེད་བྱས།



拉章金书开业20240609 (10).jpg



拉章金书开业20240609 (11).jpg



拉章金书开业20240609 (7).jpg




拉章金书开业20240609 (12).jpg


             ༢༠༡༥ལོར་ཆེད་དུ་དབུས་གཙང་ལ་སོང་སྟེ་པོ་ཏ་ལའི་ཡིག་མཁན་ཆེ་མོ་སྙེ་འཕྲིན་ལས་རྒྱལ་མཚན་སོགས་ཀྱི་མདུན་སར་ཡིག་རྒྱུན་བླངས་ཤིང་། ལྷ་སའི་པོ་ཏ་ལ་ནས་གསེར་བྲིས་ཀྱི་བྲིས་རྒྱུན་དང་ལག་རྩལ་ཕྱོགས་ནས་སྦྱངས་པ་དཔྱིས་ཕྱིན་པ་བྱས།


拉章金书开业20240609 (13).jpg



拉章金书开业20240609 (14).jpg



拉章金书开业20240609 (16).jpg



拉章金书开业20240609 (17).jpg


     ༢༠༢༤ལོའི་སྤྱི་ཟླ༦པའི་ཚེས༩ཉིན། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་བླ་བྲང་གསེར་བྲིས་གླིང་དངོས་སུ་སྒོ་ཕྱེས་ཏེ་ལས་སྒོ་འབྱེད་མགོ་བརྩམས། བླ་བྲང་གསེར་བྲིས་གླིང་ནི་ཀན་ལྷོ་ཁུལ་ལམ་ཀན་སུའུ་མངའ་ཁོངས་ཀྱི་གསེར་བྲིས་གླིང་ཐོག་མར་གྱུར་ཞིང་། རིན་ཆེན་སྣ་ལྔའི་ཆོས་དཔེ་བྲི་ས་དང་། ཡིག་གཟུགས་སྣ་ཚོགས་བྲི་ས། སྒྲོམ་གཞི་ཇུས་འགོད་བྱེད་ས། ཡིག་མཁན་དགེ་རྒན་དུ་བསྟེན་ས། གསར་བྲིས་པས་སྦྱངས་པ་བྱེད་ས་བཅས་གཞི་གཅིག་ཅན་གྱི་ཡིག་གཟུགས་གླིང་ཞིག་ཡིན་པ་མ་ཟད། ཀན་ལྷོ་ཁུལ་དུ་ལོ་བརྒྱའི་རིང་གསེར་བྲིས་ཀྱི་རྒྱུན་ཉམས་པ་སླར་གསོ་བྱས་ཡོད་པས། ཀན་ལྷོ་ཁུལ་གྱི་གསེར་བྲིས་ཀྱི་སྟོང་ཆ་ཡང་བསྐངས་ཡོད་དོ།།


拉章金书开业20240609 (18).jpg



拉章金书开业20240609 (19).jpg



拉章金书开业20240609 (20).jpg



拉章金书开业20240609 (21).jpg



拉章金书开业20240609 (22).jpg



拉章金书开业20240609 (23).jpg



拉章金书开业20240609 (24).jpg




拉章金书开业20240609 (25).jpg




拉章金书开业20240609 (26).jpg



拉章金书开业20240609 (27).jpg




拉章金书开业20240609 (28).jpg




拉章金书开业20240609 (29).jpg



拉章金书开业20240609 (30).jpg



拉章金书开业20240609 (31).jpg



拉章金书开业20240609 (32).jpg



拉章金书开业20240609 (33).jpg



拉章金书开业20240609 (34).jpg



拉章金书开业20240609 (35).jpg



拉章金书开业20240609 (36).jpg



拉章金书开业20240609 (37).jpg



拉章金书开业20240609 (38).jpg



拉章金书开业20240609 (39).jpg



拉章金书开业20240609 (2).jpg



སྤྱིའི་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

གསར་འགོད་པ། དཔལ་མགོན་ཚེ་རིང་།

ཞུ་དག་པ་མགོན་པོ་དོན་གྲུབ།