设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་གི་ཡིག་གཟུགས་འགྲན་བསྡུར།

 二维码 2253
发表时间:2024-05-06 12:01作者:མཁར་མདུད་གྲོལ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།




ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་གི་ཡིག་གཟུགས་འགྲན་བསྡུར།







         ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་གི་གངས་རྒྱན་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དང་ཡིག་གཟུགས་འགྲེམ་སྟོན།   ཆོས་རིག་མཐོ་རིམ་སློབ་གླིང་དང་། གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་། བཙུན་གྲྭ་མདོ་སྨད་ཚེ་རིང་ལྗོངས། སྔགས་གྲྭ་བདུད་འདུལ་གླིང་། འཇམ་དཔལ་དགའ་ཚལ་གླིང་རྣམས་ཀྱི་གྲྭ་བཙུན་སྔགས་གསུམ་སོགས་མཉམ་བཞུགས་ཀྱིས་མཛད་སྒོ་སྤེལ་བ་དང་། བོད་ཀྱི་ཡིག་གཟུགས་ཆེད་མཁས་པ་རྒན་སེང་གེ་དར་རྒྱས། གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་གི་སློབ་གཙོ་མཁན་ཆོས་ལུ། ཆོས་རིག་མཐོ་རིམ་སློབ་གླིང་གི་སློབ་སྟོན་ཁང་སོགས་ཀྱིས་ཡུལ་ངོས་ནས་འགྲན་ཞུགས་བརྩམས་ཆོས་བདུན་ཅུ་ལྷག་ལ་དྲང་མོ་དྲང་བཞག་གིས་དཔྱད་འདེམས་བྱས་མཐར་དགེ་སློབ་བཅུ་ཕྲག་ལྷག་ལ་གངས་རྒྱན་གསེར་སྨྱུག་རྟགས་བྱ་དགའ་ཐོབ།



0.jpg



    ཚོགས་ཐོག་ཏུ་དུས་གསུམ་རྒྱལ་བའི་འདྲེན་པ་ཆེན་པོ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་དབུ་བཞུགས་མཛད་ཅིང་སློབ་བུ་ཚོའི་སྣ་མང་རིག་གནས་ལ་སྦྱང་བརྩོན་བྱས་པའི་གྲུབ་འབྲས་ལ་བསྟོད་བསྔགས། མུ་མཐུད་དུ་ཧུར་བརྩོན་དང་ཡར་རྒྱས་དགོས་ཚུལ་སྐོར་ནས་གསུངས་བཤད་གལ་ཆེན་གནང་།   དེ་དང་དུས་མཚུངས་སུ་ལུང་སྔོན་དགོན་པའི་ཡིག་གཟུགས་འགྲེམ་སྟོན་མཛད་སྒོ་སྤེལ་ཞིང་ལུང་སྔོན་དགོན་པའི་ཡིག་གཟུགས་འགྲེམ་སྟོན་མཛད་སྒོ་ནི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་བསྟུན་ནས་ཕྱི་ལོ༢༠༡༨ལོར་དབུ་བཙུགས་ཤིང་དེ་ནས་བཟུང་སྡེར་ནང་ས་བྲིས། ཁྱུང་བྲིས། འབྲུ་མ། ལཉྫ། སུག་རིང་། ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན། ཝརྟུ། སྨོན་ལམ་བྲིས་རྒྱུན་སོགས་བྲིས་རྒྱུན་མི་འདྲ་བ་བཅུ་ལྷག་ཙམ་རང་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་ཡིག་གཟུགས་ཀྱི་བརྩམས་ཆོས་ཀྱི་མཆོད་པ་ཞིག་གི་ཚུལ་ལོ་རེ་བཞིན་རྒྱུན་འཁྱོངས་སུ་སྤེལ་བཞིན་ཡོད་པར་མ་ཟད།   ལོ་ལྟར་གྲ་སྒྲིག་ཚགས་སུ་ཚུད་པ་བྱས་ཏེ་ཡིག་གཟུགས་དུས་ཆེན་ལ་རོལ་བཞིན་ཡོད་དོ།།



ཨང་དང་པོ་ཐོབ་པའི་བརྩམས་ཆོས།


1名.jpg


14.jpg

ཨང་དང་པོ་ཐོབ་མཁན་བསྟན་སྐྱོང་།





ཨང་གཉིས་པ་ཐོབ་པའི་བརྩམས་ཆོས།


2名.jpg

ཨང་གཉིས་པ་ཐོབ་མཁན་ཚུལ་ཁྲིམས་སྒྲོལ་མ།


2名2.jpg

ཨང་གཉིས་པ་ཐོབ་མཁན་བསྟན་འཛིན་རྡོ་རྗེ།



13.jpg





ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།


3名1.jpg

ཨང་གསུམ་པ་ཐོབ་མཁན་གཡུ་སྒྲོན།


4.jpg

ཨང་གསུམ་པ་ཐོབ་མཁན་རིག་འཛིན་རྡོ་རྗེ།


5.jpg

ཨང་གསུམ་པ་ཐོབ་མཁན་ཚེ་འབྲུག







ཕུལ་བྱུང་ཐོབ་པའི་བརྩམས་ཆོས།



7.jpgཕུལ་བྱུང་ཐོབ་མཁན་ངག་དབང་བཀྲ་ཤིས།



7-1.jpgཕུལ་བྱུང་ཐོབ་མཁན་པདྨ་་ལུང་རྟོགས།



8.jpg

ཕུལ་བྱུང་དབང་ལྡན།


10.jpg

ཕུལ་བྱུང་བདེ་ཆེན་རྡོ་རྗེ།


9.jpg

ཕུལ་བྱུང་ཐོབ་མཁན་དོན་གྲུབ་བཀྲ་ཤིས།


12.jpg



11.jpg


གསར་འགོད་པ། མཁར་མདུད་གྲོལ།

ཞུ་དག་པ།རྟ་མགྲིན་མགོན་པོ།

སྒྲིག་སྦྱོར་བ། དཔལ་མགོན་ཚེ་རིང་།