设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ལེགས་དཔལ་ཚེ་རིང་རྣམ་རྒྱལ་གྱི་མི་སྒེར་འགྲེམ་སྟོན་ཁང་།

 二维码 1889
发表时间:2024-05-06 00:09作者:ལེགས་དཔལ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།




ལེགས་དཔལ་ཚེ་རིང་རྣམ་རྒྱལ་གྱི་མི་སྒེར་འགྲེམ་སྟོན་ཁང་།


乐华3.jpg


     ལེགས་དཔལ་ཚེ་རིང་རྣམ་རྒྱལ་ནི་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མི་ཞིག་ཡིན་ལ།   ད་ལྟ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་ཡོད།   ཁོང་ཆུང་དུས་ནས་སྒྱུ་རྩལ་གྱི་རིག་གནས་ལ་དམིགས་བསལ་གྱི་སྤྲོ་བ་ཡོད་ཅིང་།   ལྷག་པར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་གཞན་དང་མ་མཚུངས་པའི་དགའ་ཞེན་སྐྱེས་ཤིང་།   ཡིན་རུང་དེ་དུས་ཡིག་གཟུགས་སྒྱུ་རྩལ་ལ་མཚན་ཉིད་དང་ལྡན་པའི་ངོས་ཟུངས་ཤིག་མེད་སྟབས།   མ་ལག་དང་ལྡན་པའི་སྒོ་ནས་ཡིག་གཟུགས་ལ་སློབ་སྦྱོང་བྱས་མ་ཐུབ།   དམའ་འབྲིང་སླེབས་དུས་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་དགེ་རྒན་དམ་པ་བློ་བཟང་མགོན་པོ་ལས་ཚུགས་རིང་དང་དབུ་ཅན།   དགེན་བློ་བཟང་ཚེ་རིང་ལས་འབྲུ་ཚ་དང་འཁྱུག་ཡིགསྐུང་ཡིག་སོགས་སྦྱངས་བརྩོན་བྱས།   སློབ་འབྲིང་ལོ་གསུམ་མཐར་ཕྱིན་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་ཤིང་།   སློབ་གྲྭ་དེར་ལྷག་བསམ་ལྡན་པའི་དགེ་རྒན་དང་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་ཁོར་ཡུག་སོགས་མཐུན་རྐྱེན་ཆ་འཛོམས་པའི་སྐལ་བ་དང་བསྟུན།   ཁོང་གིས་བོད་ཀྱི་རིག་གནས་སློབ་སྦྱོང་གཙོ་བོར་འཛིན་ནས་རང་ཉིད་ཀྱི་དགའ་ཕྱོགས་ཀྱང་ཉམས་སུ་མ་བཅུག་པར་མུ་མཐུད་དུ་དགེན་དཔལ་བསྡུས་དང་དགེན་ཉི་མ་དཔལ་ལྡན།   དགེན་ཀུན་དགའ་རྒྱ་མཚན།   དགེན་ཟླ་དབྱངས་སོགས་ལ་བསྟེན་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རང་ནུས་གང་ཡོད་ཀྱིས་སྦྱངས་བརྩོན་བྱས།   དགེ་རྒན་དེ་ཚོགས་ཀྱིས་ཐུགས་ཁུར་དང་སྐུལ་མ་འོག་བྲིས་ཀྱི་ལག་རྩལ་ཇེ་འཕེལ་བྱུང་བར་མ་ཟད།   སྲོལ་རྒྱུན་གྱི་ཡིག་གཟུགས་ཀྱི་མཛེས་རྟོགས་དང་དེང་རབས་ཀྱི་མཛེས་རྟོགས་དང་ཟུང་དུ་འབྲེལ་ནས་ཁོང་གི་ཡིག་གཟུགས་བརྩམས་ཆོས་ནི་སྲོལ་རྒྱུན་མ་བོར་ཞིང་དེང་རབས་ཀྱི་རིག་གནས་ཡང་ལྡན་པས་མཚོན་དོན་དང་།   འཆར་ཡན།   གུ་ཡངས་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ནོ།



乐华11.jpg



    ལི་ཐང་རྫོང་ན་རོའི་ཁྱིམ་རིག་གནས་སློབ་གསོ་མཐུན་ཚོགས་ཀྱི་རིག་རྩལ་བྱེད་སྒོ་སྐབས་བཞི་པའི་ཡིག་གཟུགས་འགྲན་སྡུར་ལས་ཨང་དང་པོའི་གཟེངས་རྟགས་ཐོབ།   ལི་ཐང་རྫོང་སྐབས་གསུམ་པའི་སྒྱུ་རྩལ་དུས་ཆེན་དུ་ཡིག་གཟུགས་བརྩམས་ཆོས༼མི་ཆོས་ལེགས་བཤད།༽ཨང་གསུམ་པའི་གཟེངས་རྟགས་ཐོབ།      སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་༢༠༢༣ལོའི་དབྱར་དུས་ཀྱི་ཆེད་སྦྱོང་ནུས་རྩལ་བཤམ་སྟོན་དུ།   གཟི་ཞེས་པའི་མཛེས་བྲིས་ཡིག་གཟུགས་ཨང་དང་པོའི་གཟཉངས་རྟགས་ཐོབ།     ༢༠༢༢ལོར་ས་སྐྱ་ལེགས་བཤད་བྲིས་གཟུགས་བརྩམས་ཆོས་༣་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཉར་ཚགས་བྱས།       ༢༠༢༣ལོར་གསར་རྩོམ་དུ་ཞུགས་པའི༼བོད་ཡིག་བྲིས་ཐང་སྨི་བརྒྱད་ཅུ་ཅན༽བརྩམས་ཆོས་ཕུལ་བྱུང་དེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་རྩ་ཆེན་ཉར་འཇོག་བྱས་ཡོད།

   


乐华9.jpg



乐华13.jpg



乐华10.jpg



乐华8.jpg



乐华7.jpg



乐华6.jpg



乐华5.jpg



乐华1.jpg



乐华4.jpg



乐华2.jpg



乐华12.jpg



乐华14.jpg




སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

གསར་འགོད་པ། དཔལ་མགོན་ཚེ་རིང་།

སྒྲིག་སྦྱོར་བ། དཔལ་མགོན་ཚེ་རིང་།