设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

སྨྱུག་རྩེའི་གར་སྟབས་སྒྱུར།།བྲིས་གཟུགས་རིག་གནས་གླེང་།།

 二维码 2486
发表时间:2024-05-05 22:54作者:ཡིག་མཁན་མཐུན་ཚོགས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


སྨྱུག་རྩེའི་གར་སྟབས་སྒྱུར།།

བྲིས་གཟུགས་རིག་གནས་གླེང་།།



      རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར་དགའ་བདེ་རྫོང་ནང་བསྟན་མཐུན་ཚོགས་དང་དགའ་བདེ་རྫོང་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་དར་སྤེལ་ཞིབ་འཇུག་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ངང་ཡིག་གཟུགས་སྐོར་གྱི་བགྲོ་གླེང་བྱེད་སྒོ་སྤེལ།   ཐེངས་འདིའི་ཚོགས་འདུར་མགོ་ལོག་ཁུལ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཆེད་མཁས་པ་དང་། རང་རེས་ཚོགས་པའི་ཚོགས་མི་སོགས་མི༦༠ལྷག་མཉམ་ཞུགས་བྱས།





      མདོ་འཛིན་པའི་སྣེ་ཤན་དང་འགྲོགས་ཏེ་ཚོགས་ཞུགས་མི་སྣ་ཚོས་དགའ་བསུའི་ཐལ་སྒྲའི་ཁྲོད་བགྲོ་གླེང་དབུ་ཚུགས་པ་དང་། གྲོས་རིམ་བཞིན་གཏམ་གླེང་བྱས། ཐོག་མར་དགའ་བདེ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་འཕྲིན་ལས་ཀྱིས་ཚོགས་པ་བཙུགས་པའི་གོ་རིམ་དང་ཁྱབ་ཁོངས། མ་འོངས་པའི་འབད་ཕྱོགས་བཅས་ངོ་སྤྲོད་ཞིབ་ཕྲ་བར་གནང་། དེར་མཐུད་དེ་མཁན་སྤྲུལ་ཧཱུཾ་ཀར་རྡོ་རྗེ་དང་རྒྱལ་ཁབ་རིམ་ཡིག་གཟུགས་རྒྱུན་འཛིན་པ་ཡིག་མཁན་སེངྒེ་དར་རྒྱས།   སྙན་ངག་པ་དུར་བུད་རྣམ་གྲགས། ཡིག་མཁན་གཙང་པ་སྐལ་བཟང་ཡེ་ཤེས་སོགས་གདན་ཞུའི་ཆེད་མཁས་པ་རྣམས་ཀྱིས་ཡིག་གཟུགས་ཐུན་ཚོགས་ཚུགས་པ་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། བྱེ་བྲག་མི་རིགས་དང་། ས་གནས་ཀྱི་རིག་གནས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོན་པ་མཚོན་པ་དང་། མ་འོངས་པའི་འཕེལ་རྒྱས་ལ་མཛུབ་སྟོན་རང་བཞིན་ལྡན་པ་མ་ཟད། བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་ཆོས། རིགས་དབྱེ། ཤོག་བུ་བཀོལ་སྟངས། སྨྱུ་གུའི་སྤྱོད་སྟངས། རང་རང་གི་བྲིས་ཀྱི་ཉམས་མྱོང་དང་འབྲེལ་ཏེ་གསུངས་བཤད་ལྷུག་བརྗོད་གང་མང་གནང་སྟེ་ཚོགས་ཞུགས་མི་སྣའི་ཡིད་མགུ་བར་བྱས།


果洛甘德县非遗中心 (1).jpg


     མཇུག་ཏུ་ཡིག་མཁན་སེངྒེ་དར་རྒྱས་ཀྱིས་སྣེ་ཁྲིད་དེ་དགའ་བདེའི་ཡིག་གཟུགས་མཐུན་ཚོགས་ལ་མཚོ་སྔོན་དང་བོད་ལྗོངས་གཙོ་བྱས་པའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཡིག་མཁན་དག་གིས་གནང་བའི་ཤིས་ཚིག་རྣམས་སྡེར་ནང་ས་བྲིས་གཙོ་བྱས་ཏེ་ཡིག་གཟུགས་སྣ་མང་གི་ལམ་ནས་བྲིས་ཏེ་སྒྱུ་རྩལ་གྱི་བརྩམས་ཆོས་གྱ་ནོམ་པ་ཕུལ།


果洛甘德县非遗中心 (6).jpg


       བྱེད་སྒོ་འདི་སྤེལ་བ་བརྒྱུད་རང་རེ་ཚོགས་པའི་ཡིག་མཁན་རྣམས་ཀྱང་ཐེངས་གཉིས་པའི་གདན་འཛོམས་ཡིན་པས་ཡིག་མཁན་ཕན་ཚུན་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་བར་མ་ཟད། ཡིག་གཟུགས་རིག་གནས་ཀྱི་བློ་སྦྱོང་དང་། སྒྱུ་རྩལ་གྱི་ལོངས་སྤྱོད། རིག་གནས་སྤེལ་རེས། མདོར་ན་རང་རེའི་མཐུན་ཚོགས་ཀྱི་མ་འོངས་པའི་བྱ་བའི་ཁ་ཕྱོགས་གསལ་ཞིང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཡིག་གཟུགས་བྲིས་རྩལ་འདི་ཉིད་དར་སྤེལ་གཏོང་བར་རྨང་གཞི་གང་ལེགས་བཏིང་།


果洛甘德县非遗中心 (5).jpg



སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

གསར་འགོད་པ། དཔལ་མགོན་ཚེ་རིང་།

སྒྲིག་སྦྱོར་བ། དཔལ་མགོན་ཚེ་རིང་།