设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

མདོ་སྨད་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་སོ་སོ་ནས་༢༠༢༤ལོའི་ཡིག་གཟུགས་དུས་ཆེན་བསུ་བའི་བྱེ

 二维码 311
发表时间:2024-05-04 12:34作者:ས་གནས་ཡིག་མཁན་མཐུན་ཚོགས来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


མདོ་སྨད་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་སོ་སོ་ནས་༢༠༢༤ལོའི་ཡིག་གཟུགས་དུས་ཆེན་བསུ་བའི་བྱེད་སྒོ་སྣ་ཚོགས་ལུ་གུ་རྒྱུད་དུ་སྤེལ་བ།


微信图片_20190426145513.jpg




       བོད་ཀྱི་ཡིག་གཟུགས་དུས་ཆེན་ནི་མི་རིགས་ཀྱི་ཡིག་གཟུགས་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། བོད་ཡུལ་གྱི་ས་ཕྱོགས་སོ་སོའི་ཡིག་གཟུགས་མཁས་དབང་དང་། དགེ་བའི་བཤེས་གཉེན། ཏང་སྲིད་འགོ་ཁྲིད། ཡིག་མཁན་མཐུན་ཚོགས་སོ་སོ། རྒན་དར་གཞོན་གསུམ་གྱི་ཡིག་གཟུགས་དགའ་ཞེན་པ་དང་ས་གནས་མང་ཚོགས་སོགས་རྒྱ་ཁྱབ་ཏུ་ཞུགས་ནས། ཡིག་གཟུགས་འགྲན་བསྡུར་དང་། འགྲེམས་སྟོན། བགྲོ་གླེང་དང་གཏམ་བཤད། རྩིས་འཕྲུལ་ཡིག་གཟུགས་གསར་སྤེལ་སོགས་ཀྱི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་གང་མང་ཞིག་རྒྱུན་འཛིན་དར་སྤེལ་གཏོང་པའི་དུས་ཆེན་དུ་གྱུར་ཡོད།

       དེང་འདིར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ཡིག་མཁན་མཐུན་ཚོགས་སོ་སོས་ཡིག་གཟུགས་འབྲི་སྦྱོང་གི་གཞི་རྐང་དམ་དུ་བཟུང་ནས། བྱེད་སྒོ་རབ་དང་རིམ་པ་སྤེལ་པ་མ་ཟད། ས་གནས་སོ་སོར་ཕན་ཚུན་སློབ་སྦྱོང་དང་། མཐུན་སྒྲིལ་མཉམ་གནས། མུ་མཐུད་གོང་སྤེལ་གྱི་བསམ་བློ་ཡིད་ལ་བཅངས་ནས་དུས་ཐོག་དུ་ངེད་དྲ་ཚིགས་ལ་གནས་ཚུལ་བསྡུས་འཕྲིན་སྐུར་བ་ལས་འདི་ལྟ་བའི་གོ་རིམ་ཆ་ཚང་པའི་གནས་ཚུལ་བསྡུས་འཕྲིན་འགོད་ཐུབ་པ་བྱུང་བ་མ་ཟད། དྲ་ལམ་བརྒྱུད་དེ་ཕྱོགས་ཀྱི་མགྲོན་པོའི་མིག་གི་དགའ་སྟོན་དང་བསམ་བློའི་འཚོ་བཅུད་ཞིག་ཏུ་འགྲེམ་ཐུབ་པ་བྱུང་། འཕྲིན་ཐུང་འདི་ནས་ཀན་ལྷོ་ས་ཁུལ་གྱིས་ཡིག་གཟུགས་དུས་ཆེན་ལ་རོལ་པའི་གནས་ཚུལ་ཕྱོགས་ཙམ་བཀོད་པ་ཡིས་ཡིག་གཟུགས་རིག་གནས་དང་བོད་ཀྱི་རིག་གནས་སྤྱིའི་དར་རྒྱས་ལ་ཕན་པའི་རྒྱུ་ཕྲ་མོ་ཞིག་ཏུ་གྱུར་ཅིག་གུ།




undefined

དང་པོ།    ཀན་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་མ་བྱེད་པའི་དྲ་ལམ་ཤིས་ཚིག་འབུལ་བའི་བྱེད་སྒོ་སྤེལ་བ།










གཉིས་པ།     ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མཐར་ཕྱིན་སློབ་མའི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་གྱི་བྱ་འགུལ་སློབ་རའི་མཛེས་རྩལ་ཐོག་ཁང་གི་འགྲེམས་སྟོན་ཁང་དུ་སྤེལ།

0甘肃民院 (2).jpg


0甘肃民院 (1).jpg


0甘肃民院 (3).jpg





གསུམ་པ།   གཙོས་དགོན་སློབ་ཆུང་རིག་པའི་དགའ་ཚལ་ནས་རབ་གནས་ཤིང་འབྲུག་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་བཤམས་སྟོན་གྱི་བྱེད་སྒོ་སྤེལ་བའི་གནས་ཚུལ།


9合作寺 (1).jpg



9合作寺 (2).jpg




བཞི་བ།   ཁ་གྱ་སྨད་དགོན་པས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ་ཏེ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།



8卡加寺1.jpg



8卡加寺1.jpg






ལྔ་བ། ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་དུས་ཆེན་བསུ་མའི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་གཉིས་དང་ཡིག་གཟུགས་མཉམ་ཞིབ་བྱེད་སྒོ་སྤེལ་བ།


2碌曲县 (2).jpg



2碌曲县 (3).jpg








དྲུག་པ།   ཅོ་ནེའི་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ཤིས་ཚིག་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་དགའ་སྤྲོ་འབུམ་གྱིས་བསུས་པ།


4卓尼县(2).jpg



4卓尼县(1).jpg









བདུན་པ།       བསང་ཆུ་རྫོང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བ་དང་དངོས་མིན་ཤུལ་བཞག་རིག་གནས་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ་མ་ཟད་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་དགའ་སྤྲོ་འབུམ་གྱིས་བསུས་པ།


3夏河县(1).jpg



3夏河县(2).jpg



3夏河县(3).jpg








བརྒྱད་པ། རྨ་ཆུ་རྫོང་བོད་ཡིག་ཡིག་མཁན་མཐུན་ཚོགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བ་བྱེད་པའི་ཡིག་གཟུགས་བྱེད་སྒོ་སྤེལ་བ།


3玛曲县 (3).jpg


3玛曲县 (1).jpg


3玛曲县 (2).jpg









དགུ་བ། ཐེ་བོ་རྫོང་བོད་ཡིག་ཡིག་མཁན་མཐུན་ཚོགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བ་བྱེད་པའི་ཡིག་གཟུགས་བྱེད་སྒོ་སྤེལ་བ།


6迭部县1.jpg


6迭部县2.jpg


6迭部县3.jpg


བཅུ་བ། འབྲུག་ཆུ་རྫོང་གིས་ཡིག་གཟུགས་དུས་ཆེན་བསུ་མའི་བྱེད་སྒོ་འདི་ལྟར་སྤེལ།


7舟曲县 (1).jpg




7舟曲县 (2).jpg



7舟曲县 (3).jpg





བཅུ་གཅིག   བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་རྟགས་བརྒྱད་རིས་ཀྱི་བརྡ་དོན།


     ཚོགས་རྟགས་འདི་༢༠༡༧ལོའི་ཟླ༤ཚེས༡༦ ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད། སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་དགེ་སློབ་བརྒྱ་དང་སུམ་ཅུ་ལྷག་གིས་དམངས་གཙོའི་ལམ་ནས་དུས་ཆེན་གྱི་མིང་དང་ཟླ་ཚེས་ལ་འོས་ཤོག་འཕངས་པ་ལས་"བོད་ཀྱི་ཡིག་གཟུགས་དུས་ཆེན་"ཞེས་པའི་མིང་འདོགས་དང་། སྤྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་རྗེས། ངེད་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན།   ཁོང་གིས་ཚོགས་རྟགས་འདི་ཆེད་དུ་བཟོས་པ་ཡིན་ལ།   བོད་ཀྱི་ཡིག་གཟུགས་དུས་ཆེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་<བོད་ཀྱི་ཡིག་གཟུགས་དུས་ཆེན་>ཞེས་པའི་དཔེ་ཚུགས་ཡི་གེ་ཕྱག་བསྟར་མའི་བཀའ་དྲིན་བསྐྱངས་པ་ཡིན་ཞིང་། ཨ་མདོའི་བྲིས་པ་གཙོས་ཤེས་རབ་རྒྱ་མཚོས་ཚོགས་རྟགས་ཀྱི་བརྡ་དོན་བཀྲལ།   ཚོགས་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།

༼དང་པོ།༽   ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།   

༼གཉིས་པ།༽ ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།   

༼གསུམ་པ།༽   སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།

༼བཞི་པ།༽ བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།   

༼ལྔ་པ།༽ ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།

༼དྲུག་པ།༽ སྨྱུ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོལ་ཁ་མཚོན།   

༼བདུན་པ།༽ དེ་གསུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་"བོད་"ཅེས་པས་བོད་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ།   སྙིང་སྟོབས་བཅས་མཚོན།   

༼བརྒྱད་པ།༽ ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནའ་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུནལམ་བཅས་མཚོན་ཡོད་པ་ཡིན་ནོ།།


---ཞེས་བོད་ཀྱི་ཡིག་གཟུགས་དུས་ཆེན་འཕྲིན་སྟེགས་རྩོམ་སྒྲིག་ཁང་གིས་༢༠༡༨ལོའི་སྤྱི་ཟླ་ ༤ པའི་ཚེས་༨ ཉིན་སྤེལ།

ཚོགས་རྟགས་བརྡ་དོན་རྩོམ་སྒྲིག་པ།

དབུས་ཀྱི་བྲིས་པ་ཚལ་པ་བསམ་འགྲུབ་ནས།



གསར་འགོད་པ། ས་གནས་ཡིག་མཁན་མཐུན་ཚོགས།

སྒྲིག་སྦྱོར་བ། རྟ་མགྲིན་མགོན་པོ།

ཞུ་དག་པ། རྟ་མགྲིན་མགོན་པོ།

བརྙན་ལེན་པ། ས་གནས་ཡིག་མཁན་མཐུན་ཚོགས།