设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

བོད་ལྗོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་ཡིག་གཟུགས་སྦྱོང་བརྡལ་འཛིན་གྲྭ་ལྷ་ས་ནས་འཚོགས།

 二维码 1320
发表时间:2024-05-03 21:57作者:བསླབ་གསུམ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་སྐབས་དགུ་པ་བསྡུས་པ།



     སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གིས།   སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་སྔོག་འདོན་བྱས་ཏེ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་གཏོང་དགོས་པ་མ་ཟདདུས་བསྟུན་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་པ་བཞིན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་གནང་བའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་དགེ་རྒན་གྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་སྐབས་དགུ་པ་དེ་༢༠༢༤ལོའི་སྤྱི་ཟླ་ ཚེས་༢༢ ནས་ ཚེས་༣༠བར་གཉེར།


西藏自治区培训 (1).jpg


   

ཟབ་སྦྱོང་འདིར་རང་སྐྱོང་ལྗོངས་ཀྱི་ས་ཁུལ་བདུན་གྱི་ཡིག་གཟུགས་དགེ་རྒན་བརྒྱ་བཅུ་ལྷག་དང་ཟུར་ཞུགས་གནང་མཁན་བཅས་སྡོམ་པས་མི་དགུ་བཅུ་ཙམ་དགའ་དད་སྤྲོ་གསུམ་གྱིས་སློབ་སྦྱོང་ལ་ཞུགས་ཡོད།   འགོ་ཚུགས་མཛད་སྒོའི་ཐོག་རྒན་རྣམ་རྒྱལ་དབང་གྲགས་ལགས།   རྒན་སྤེན་ནོར་ལགས། རྒན་བསྟན་འཛིན་ལགས། རྒན་འདན་ཚ་འཇམ་དབྱངས་ཆོས་དར་ལགས་སོགས་མཁས་དབང་རྣམ་པ་བཞུགས་ཡོད་པ་དང་།ལྗོངས་སློབ་གསོ་ཐིང་གི་བསྟན་འཛིན་དགེ་ལེགས་ལགས་ཀྱིས་ཐེངས་འདིའི་མཛད་སྒོར་གཙོ་སྐྱོང་གནང་། དབུ་ཁྲིད་ཚེ་དབང་ཆོས་སྒྲོན་ནས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན།ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྤྱི་གཞོན་པ་འདན་ཚ་འཇམ་དབྱངས་ཆོས་དར་ལགས་ཀྱིས་ཐེངས་འདིའི་སློབ་གཉེར་བ་ཡོངས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་གསེར་ལས་ལྷག་པའི་དུས་ཚོད་འདི་ལྷོད་གཡེང་སུ་མ་ཤོར་བར་ཡིག་གཟུགས་ལ་འབད་དགོས་པའི་སྐུལ་མའི་གཏམ་བཤད་གནང་།


西藏自治区培训 (2).jpg




西藏自治区培训 (3).jpg




西藏自治区培训 (6).jpg


     ཀྲུང་གོའི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཨུ་ཡོན། རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་གཞོན་སྐྱེས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེ་མོ། ལྷ་ས་གྲོངཁྱེར་རིག་རྩལ་ལྷན་ཚོགས་ཀྱི་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རེན་རྣམ་རྒྱལ་དབང་གྲགས་ལགས་ཀྱིས་ཁྲིམས་ལུགས་ཤེས་བྱ་དང་ཚུགས་ཐུང་སྐོར་གྱི་སློབ་ཁྲིད་མ་ནོར་ལམ་བཟང་གནང་བཞིན་པ།

西藏自治区培训 (7).jpg


    ཀྲུང་གོའི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་པལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་ལོ་ཙཱའི་མཐུན་ཚོགས་ཀྱི་ལས་འཛིན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་སྐུ་གཞོན་སྤེན་ནོར་ལགས་ཀྱིས་ཡིག་གཟུགས་ཀྱི་རིག་པའི་གཞུང་་ལུགས་སྐོར་གྱི་སློབ་ཁྲིད་སྲོལ་རྒྱུན་གཡུ་ཁྲིའི་ཞལ་ལུང་ཞེས་པ་གནང་



西藏自治区培训 (11).jpg


    ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན། བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་རྒྱུན་ཨུད།   ཐལ་སྤུངས་སྒང་སྐད་གསུམ་སྔོན་འགྲོའི་སློབ་གྲྭ་དང་འོ་བརྒྱལ་ཐང་སྔོན་འགྲོའི་སློབ་གྲྭའི་སློབ་སྤྱིའི་འགན་འཁུར་རྒན་བསྟན་འཛིན་ལགས་ཀྱིས་གཞུང་བྲིས་ཚུགས་རིང་ཐུང་དང་འཁྱུགས་བྲིས་སོགས་ཀྱི་འབྲི་སྟངས་དང་འབྲི་ཀློག་གཉིས་ནི་ཤེས་རིག་ཀུན་གྱི་རྨང་གཞི་ཡིན་པས་གལ་ཆེ་ཚུལ་སྐོར་གྱི་བཀའ་སློབ་མཁས་པའི་ཞལ་གདམས་གནང་བཞིན་པ།


西藏自治区培训 (9).jpg



    རྒྱལ་ཁབ་རིམ་པ་གཉིས་པའི་རི་མོ་མཁས་ཅན།   ཀྲུང་གོའི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། བོད་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་སྤྱི་ཆེ་མོ་གཞོན་པ།   རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་བོད་ལྗོངས་རིགས་གཅིག་མཁས་དབང་། ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རིགས་གཅིག་མཁས་ཅན་རྒན་རྒྱལ་མཚན་ལགས་ཀྱིས་ཀྲུང་ཧྭ་མི་རིགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཡིག་གཟུགས་རིག་གནས་འདི་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་རྒྱུནའཛིན་གཅིག་པུ་ཙམ་མ་ཡིན་པར་ཡར་རྒྱས་དང་གོང་འཕེལ་གཏོང་དགོས་ཚུལ་གྱི་བཀའ་སློབ་དུས་ཐོག་ཆར་པ་གསུངས།


西藏自治区培训 (10).jpg


   བོད་ལྗོངས་བོད་ལུགས་སློབ་ཆེན་གྱི་དགེ་རྒན། བོད་ལུགས་གསོ་རིག་འབུམ་རམས་པ།   དགེ་རྒན་ཆེ་མོ་གཞོན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། གངས་ལྗོངས་སྨན་རྩིསདུས་དེབ་དང་བོད་སྨན་སློབ་གསོ་དང་ཞིབ་འཇུགཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་ཨུ་ཡོན། འཛམ་གླིང་ཀྲུང་མཐུན་གསོ་རིག་ལྷན་ཚོགས་ཀྱི་ལས་འཛིན་རྒན་བན་ཟུར་འཇིགས་མེད་ལགས་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་སྐོར་དང་ལུས་སེམས་བདེ་ཐང་སྐོར་གྱི་བཀའ་སློབ་ནད་ཐོག་སྨན་དང་རྣག་ཐོག་ཁབ་ལྟ་བུ་མང་པོ་གསུངས


西藏自治区培训 (12).jpg


    བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་དང་། བོད་རིག་པ་ཚན་ཁག་གི་འབུམ་རམས་པ་ཆེ་མོ། རིག་གཞུང་སློབ་གླིང་གི་ཤེས་རམས་པ། འབུམ་རམས་པ་སོགས་ཀྱི་མཛུབ་སྟོན་དགེ་རྒན། ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན་དང་གྲགས་ཅན་རྩོམ་པ་པོ་ཞབས་ཤར་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་སྐོར་གྱི་ལོ་རྒྱུས་དང་དོགས་སེལ་དཀའ་གནད་སྐོར་གྱི་བཀའ་སློབ་གནང་བཞིན་པ།




西藏自治区培训 (13).jpg


   ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི།ཀྲུང་གོ་བའི་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པསྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་འདན་ཚ་འཇམ་དབྱངས་ཆོས་དར་ལགས་ཀྱིས་སྡེར་ནང་ས་བྲིས་ཀྱི་ཡིག་ཆེན་དང་འབྲུ་ཚ་ཡིག་ཆུང་བཅས་ཀྱི་ལག་ལེན་དམར་ཁྲིད་དུ་སྩལ་བཞིན་པ།


西藏自治区培训 (14).jpg



ལྷ་ས་དགེ་འོས་སློབ་གླིང་བོད་ཡིག་ཚན་ཁག་གི་དགེ་རྒན་དང་།     རྒྱབ་ཁབ་གསོ་སྦྱོང་གི་འཆར་གཞི་ཞིབ་དཔྱད་འཛིན་གྲྭའི་སློབ་ཁྲིད་ཀྱི་འགན་འཛིན་པ་དང་།   བོད་རང་སྐྱོང་ལྗོངས་དགེ་རྒན་གསོ་སྐྱོང་གི་ཆེད་ལས་མཁས་དབང་།     བོད་རང་སྐྱོང་ལྗོངས་དང་།     ལྷ་ས་གྲོང་ཁྱེར།   ལྷ་ས་དགེ་འོས་སློབ་གྲྭའི་སྔོན་ཐོན་སློབ་གསོའི་མི་སྣ།      ལྷ་ས་དགེ་འོས་སློབ་གྲྭའི་༼   སྙན་ངག་   ༽བསླབ་གཞི་རྩོམ་སྒྲིག་པ་རྒན་སྤེན་པ་བཀྲ་ཤིས་ལགས་ཀྱིས་མགྱོགས་བྲིས་འཁྱུགས་ཀྱི་འབྲི་སྟངས་སློབ་བཞིན་པ།


西藏自治区培训 (16).jpg


    སྤྱི་ཟླ་བཞི་པའི་ཚེས་སུམ་ཅུ་སྟེ་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོར་ལས་ཀའི་སྤྱི་སྡོམ་གྱི་ཚོགས་འདུ་ཚོགས་ནས།   ཚོགས་མི་རྣམས་ཀྱི་སྦྱང་འབྲས་ལ་གཏིང་རྩོད་འགྲན་བསྡུརལྗོངས་དང་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ནང་མི་གྲངས་བཅུ་རེའི་མཚན་རྟགས་འགོད་པ་དང་སློབ་ཐོན་ལག་ཁྱེར་སྤྲད་པ་དང་མ་འོང་པར་མུ་མཐུད་དུ་ཡིག་གཟུགས་སྔར་ལས་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་དང་།   དགེ་སློབ་རྣམས་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་སེམས་དང་བཅས་ཏེ་མཁས་དབང་རྣམ་པར་བཀྲ་ཤིས་ཁ་བཏགས་ཕུལ་ནས་དྲན་རྟེན་མཉམ་པར་སྒྲོན་ཞིང་རྒྱལ་ཁའི་ངང་མཇུག་ལེགས་པར་གྲུབ་བོ།།



西藏自治区培训 (17).jpg


西藏自治区培训 (18).jpg


西藏自治区培训 (19).jpg


西藏自治区培训 (20).jpg


西藏自治区培训 (21).jpg


西藏自治区培训 (22).jpg


西藏自治区培训 (23).jpg


西藏自治区培训 (25).jpg


西藏自治区培训 (26).jpg


西藏自治区培训 (24).jpg


གསར་འགོད་པ། ནག་ཆུའི་རྒན་བསླབ་གསུམ།

ཞུ་དག་པ་རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ་དཔལ་མགོན་ཚེ་རིང་།