པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་གཟེངས་བསྟོད་མཛད་སྒོ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མཛད་སྒོ་ཁྲེང་ཏུའུ་ནས་འཚོགས།
ཟླ་༤བའི་ཚེས་༣༠ཉིན། ཁམས་པའི་བརྙན་འཕྲིན་ཁང་དང་། པདྨ་གསེར་བྲིས་གླིང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་སྐབས་དང་པོའི་པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་གཟེངས་བསྟོད་མཛད་སྒོ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།
པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་སྲོལ་བཏོད་པ། གཙོ་སྒྲུབ་ལས་ཁུངས་ཀྱི་འགན་འཛིན་པ་རྒན་པདྨ་ཚུལ་ཁྲིམས་ལགས་ཀྱིས་མཛད་སྒོར་ཤིས་ཚིག་ཕུལ།
མཛད་སྒོའི་སྟེང་། བོད་ཀྱི་ཡིག་གཟུགས་ལ་མཛད་རྗེས་བླ་ན་མེད་པའི་ཡིག་མཁན་རྒན་པ་ཅོག་གྲྭ་ངག་དབང་བསྟན་འཛིན་ལགས་དང་། རས་ཆུང་བ་ཤེས་རབ་རྒྱ་མཚོ། མཆོག་སྤྲུལ་མི་ཕམ་རྣམ་རྒྱལ་བཅས་ལ་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་རྫོགས་རིམ་གསུམ་པའི་ཡིག་མཁན་གྱི་ཆོ་ལོ་དང་གཟི་བརྗིད་དཔང་ཡིག་གནང་།
གཞན་ལྷ་ས་ཀརྨ་འཕྲིན་ལས། ནག་ཆུ་རྒྱལ་དགའ། སྙེ་མོ་ཟླ་བ་ཚེ་རིང་། ལྷ་ས་ཚེ་བརྟན་རྡོ་རྗེ། ལྷོ་ཁ་ཡེ་ཤེས་ཚུལ་ཁྲིམས། ཕུ་ལུང་བསྟན་འཛིན་རྣམ་རྒྱལ། ནག་ཆུ་གངས་དཔལ། དཀར་མཛེས་ཚེ་རིང་དབང་རྒྱལ། ལྷོ་ཁ་བློ་བཟང་པདྨ། ཀན་ལྷོ་སངས་རྒྱས་བཀྲ་ཤིས། ཐེ་བོ་རིན་ཆེན། ཀན་ལྷོ་བསོད་ནམས་ཚེ་རིང་། ཀན་ལྷོ་གཙོས་ཤེས་རབ་རྒྱ་མཚོ། རྔ་བ་དགེ་མང་འཇམ་དཔལ། ལི་ཐང་ལྟག་ཨོ་རྒྱན་ཆོས་འཕེལ། གཞིས་ཀ་རྩེ་ཁལ་ཁ་བློ་བཟང་རྒྱལ་མཚན་བཅས་ལ་རྫོགས་རིམ་ཡིག་མཁན་གྱི་ཆོ་ལོ་དང་གཟི་བརྗིད་དཔང་ཡིག་གནང་།
ཐེངས་འདིའི་འགྲན་བསྡུར་ལས་ཨང་དང་པོ་ཐོབ་མཁན་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་དོན་གྲུབ་ནོར་བུ།
ཨང་གཉིས་པ་ཐོབ་མཁན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བསྟན་འཛིན་བློ་བཟང་། ལྷ་ས་གྲོང་ཁྱེར་སྟོད་ལུང་སྡེ་ཆེན་གྱི་སྐལ་བཟང་ནོར་བུ།
ཨང་གསུམ་པ་ཐོབ་མཁན། མཚོ་སྔོན་རེབ་གོང་གི་དགེ་འདུན་དར་རྒྱས། བོད་ལྗོངས་ལྷུན་གྲུབ་རྫོང་གི་ཕུར་བུ་ཚེ་བརྟན། ཀན་སུའུ་ཀན་ལྷོ་ཀླུ་ཆུའི་བཀྲ་ཤིས་དོན་གྲུབ་འམ་ཀླུ་རྡེའུ། སི་ཁྲོན་རྫ་ཆུ་ཁའི་ཐུབ་བསྟན་ཆོས་འཕེལ། ཀན་སུའུ་ཀན་ལྷོའི་ཏིང་འཛིན་ཚེ་རིང་སོགས་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་བྱིན། གཞན་ལོ་ཆུང་བྱིས་པའི་ཀ་རིམ་བྲིས་པའི་བྱ་དགའ་གསུམ་བྱིན། ཁོ་ཚོ་ནི་བསོད་ནམས་ཆོས་འཕེལ། ཀུན་བཟང་དཔལ་མོ། བློ་བཟང་དབང་ཆེན་སོགས་ཡིན།
མཛད་སྒོའི་སྟེང་། བོད་ཀྱི་ཡིག་མཁན་ཆེན་མོ་རྒན་སངས་རྒྱས་བཀྲ་ཤིས་དང་ཆོས་འཁོར་བསྟན་འཛིན་རྒྱ་མཚོ། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་གཙོ་གཉེར་བའམ་བོད་ཀྱི་ཡིག་མཁན་རྟ་མགྲིན་མགོན་པོ། ཡིག་མཁན་སྐལ་བཟང་ཚེ་བརྟན་སོགས་ཀྱིས་སྒྲིག་བཟོ་བྱས་པའི་རྩིས་འཕྲུལ་ཡིག་གཟུགས་རིགས་དགུ་འགྲེམ་སྤེལ་མཛད།
བོད་ཀྱི་རྩིས་འཕྲུལ་ཡིག་གཟུགས་ཇུས་འགོད་པ་རྒན་རྟ་མགྲིན་མགོན་པོ་ལགས་ཀྱིས་འགྲེམ་སྤེལ་ཡིག་གཟུགས་རིགས་དགུའི་གནས་ཚུལ་ངོ་སྤྲོད་གནང་བཞིན་པ།
བོད་ཀྱི་ཡིག་མཁན་གྲགས་ཅན་ལྷ་སའི་རྒན་བསྟན་འཛིན་ལགས་ཀྱི་ཚོགས་ཐོག་ནས་གསུང་བཤད་གནང་བཞིན་པ།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཟུར་བའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་གསུང་བཤད་གནང་བཞིན་པ།
མཛད་སྒོའི་རྗེས་སུ། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཐེངས་འདིའི་འགྲན་བསྡུར་གྱི་ཕུལ་བྱུང་བརྩམས་ཆོས་དང་། པད་མ་གསེར་བྲིས་གླིང་གི་གསེར་བྲིས་གླེགས་བམ་ཆེན་མོ། ཡིག་གཟུགས་སྒྱུ་རྩལ་གྱི་གསར་སྤེལ་ཐོན་རྫས་སོགས་ལ་གཟིགས་སྐོར་མཛད།རྒྱུས་ལོན་བྱུང་བ་ལྟར་ན། པདྨ་གསེར་བྲིས་གླིང་ནི་བོད་ཀྱི་སྲོལ་རྒྱུན་གསེར་བྲིས་རིག་གནས་དང་གསེར་བྲིས་ལག་རྩལ་ལ་ཞིབ་འཇུག་གཙོས། སྲོལ་རྒྱུན་བོད་ཤོག་བཟོ་རྩལ་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་གསུང་རབ་འབྲི་བཞེངས་ཀྱི་ལས་ཀ་གཙོ་བོ་གཉེར་བཞིན་པའི་དེང་རབས་ཚད་ལྡན་གྱི་ཁེ་ལས་ཤིག་ཡིན།ཐེངས་འདིར་པདྨ་གསེར་བྲིས་གླིང་གིས་འགྲོ་སོང་བཏང་དེ་གཙོ་གཉེར་མཛད་པའི་འགྲན་བསྡུར་ལ་བརྩམས་ཆོས་ཆིག་སྟོང་དྲུག་བརྒྱ་ལྷག་འབྱོར་ཞིང་། ཕུལ་བྱུང་བརྩམས་ཆོས་༡༥༩འགྲེམ་སྟོན་མཛད།
ཨང་དང་པོ་ཐོབ་པའི་ཡིག་གཟུགས་བརྩམས་ཆོས།
ཕྱི་དྲོ། ཚོགས་ཞུགས་མཁས་དབང་རྣམ་པ་དང་། ཡིག་གཟུགས་ཆེད་མཁས་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སྐོར་ནས་བགྲོ་གླེང་སྣ་ཚོགས་བྱས།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།
གསར་འགོད་པ། དཔལ་མགོན་ཚེ་རིང་།
|