རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་སླེབས་པའི་སྐབས་སུ། གཤམ་གྱི་གློག་ཀླད་ཡིག་གཟུགས་ཁག་དགུ་ཡི་ཐོན་རིམ་གསར་བ་དག་དུས་ཆེན་གྱི་ལེགས་སྐྱེས་ཤིག་གི་དོད་དུ་དྲ་ལམ་བརྒྱུད་དེ་བོད་མདོ་དབུས་ཁམས་ཀྱི་བྲིས་པ་རྣམ་པས་ཉམས་ཞིབ་ཚོད་ལྟ་བྱེད་པར་ཕུལ་བ་ཡིན་པས། ཚང་མས་དགོས་མཁོ་ལྟར་ཕབ་ལེན་བྱེད་པར་དགའ་བསུ་ཞུ།
ཡིག་གཟུགས་དང་པོ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧སོག་པོ་དཀོན་མཆོག་རྒྱ་མཚོ་མཆོག་གི་ཕྱག་རྒྱུན་གྱི་བྲིས་རབས་གཉིས་པ་རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོས་ཕྱག་བྲིས་གནང་པའི་དབུ་ཅན་ཡིག་གཟུགས།
ཡིག་གཟུགས་གཉིས་པ་དང་གསུམ་པ།
མདོ་སྨད་བླ་བྲང་དགོན་པའི་དཔང་ལོའི་ཕྱག་རྒྱུན་དུ་གྲགས་པའི་ལཉྫ་དང་ཝརྟུའི་ཡིག་གཟུགས་མཁས་དབང་༧སོག་པོ་དཀོན་མཆོག་རྒྱ་མཚོ་མཆོག་གི་དངོས་སློབ་རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོས་ཕྱག་བྲིས་གནང་པའི་ཡིག་གཟུགས།
ཡིག་གཟུགས་བཞི་བ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་ལས་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱག་བྲིས་གནང་པའི་སུག་རིང་ཡིག་གཟུགས།
ཡིག་གཟུགས་ལྔ་བ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་ལས་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱག་བྲིས་གནང་པའི་སུག་ཐུང་ཡིག་གཟུགས།
ཡིག་གཟུགས་དྲུག་པ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་ལས་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱག་བྲིས་གནང་པའི་ཚུགས་ཆུང་ཡིག་གཟུགས།
ཡིག་གཟུགས་བདུན་པ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་ལས་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱག་བྲིས་གནང་པའི་རྒྱུགས་བྲིས་ཡིག་གཟུགས།
ཡིག་གཟུགས་བརྒྱད་པ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་ལས་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱག་བྲིས་གནང་པའི་འབྲུ་ཚའི་ཡིག་གཟུགས།
ཡིག་གཟུགས་དགུ་པ།
མདོ་སྨད་བླ་བྲང་དགོན་པའི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་ལས་རྒན་རྟ་མགྲིན་མགོན་པོས་འབྲི་གནང་མཛད་པའི་དབུ་ཅན་ཡིག་གཟུགས།
ཕབ་ལེན་བྱེད་ས་གཤམ་དུ་ཡོད།
下载请看下面
|