设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

གངས་རྒྱན་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་བརྡ་ཡིག

 二维码 629
发表时间:2024-04-14 22:25来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


གངས་རྒྱན་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་བརྡ་ཡིག


微信图片_20190426145513.jpg


   འགྲན་བསྡུར་གྱི་ཞིབ་དོན་གཤམ་གསལ་ལྟར་ཡིན་པས་རང་གིས་ནང་དོན་ལ་ཞིབ་ཏུ་གཟིགས་པར་འཚལ།

དང་པོ། བརྩམས་ཆོས་བསྡུ་ཡུན།

    ༢༠༢༤ལོའི་སྤྱི་ཟླཔའི་ཚེས༡༢ཉིན་ནས་སྤྱི་ཟླ་༤པའི་ཚེས་༢༣ཉིན་བར།

གཉིས་པ། དཔྱད་འདེམས་དུས་ཡུན།

   ༢༠༢༤ལོའི་སྤྱི་ཟླ་༤པའི་ཚེས་༢༦ཉིན་ནས་སྤྱི་ཟླ་༤པའི་ཚེས་༢༨ཉིན་བར།

གསུམ་པ། མཇུག་འབྲས་སྤྱི་བསྒྲགས།

    ༢༠༢༤ལོའི་སྤྱི་ཟླ་༤པའི་ཚེས་༣༠ཉིན།

བཞི།བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས།

    ལུང་སྔོན་དགོན་པའི་གྲྭ་བཙུན་སྔགས་གསུམ་དང་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་།

ལྔ།བརྩམས་ཆོས་ཀྱི་བླང་བྱ།

   ༡.འགྲན་བསྡུར་ནང་ཞུགས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ལ་ཡིག་གཟུགས་ཀྱི་ཚད་བཀག་མེད་དེ། བོད་ཀྱི་རྒྱུན་ལྡན་ཡིག་གཟུགས་དབུ་ཅན་དང་།མགོ་ལོག་སྡེར་ནང་ས་བྲིས། ཚུགས་རིང་ཐུང་། འབྲུ་ཚ། དཔེ་ཚུགས།   རྒྱུགས་བྲིས།འཁྱུག་བྲིས།   ལན་ཝར་དང་མཛེས་བྲིས་སམ་རྣམ་པ་གསར་བའི་ཡིག་གཟུགས་བརྩམས་ཆོས་སོགས་འགྲན་ཞུགས་བྱ་ཆོག

   ༢.འགྲན་བསྡུར་ནང་ཞུགས་མཁན་གྱི་བྲིས་པ་རེས་བརྩམས་ཆོས་གཅིག་ལས་བརྒལ་མི་ཆོག

   ༣.བརྩམས་ཆོས་འབྲི་ཤོག   བོད་ཤོག་དང་ཤོན་ཤོག་གི་རིགས་ཡིན་དགོས།

    ༤.བརྩམས་ཆོས་ཀྱི་ནང་དོན་ལ། སྙན་ངག་དང་ལེགས་བཤད། བསླབ་བྱ། གཞས་ཚིག   གཏམ་དཔེ་ལ་སོགས་པའི་ཡ་རབས་སྤྱོད་བཟང་དང་ཡར་སྐུལ་གྱི་དོན་དང་ལྡན་ཞིང་། དུས་རབས་གསར་པའི་སྙིང་སྟོབས་དང་འཚོ་བ་མཚོན་པ། དྲག་ཤུགས་སོགས་མ་རབས་སྤྱོད་ངན་དང་། བཅའ་ཁྲིམས་ཀྱིས་བཀག་སྡོམ་དང་འབྲེལ་བ་ཡོད་པའི་ནང་དོན་ཡོད་མི་ཆོག

   ༥.བརྩམས་ཆོས་ངེས་པར་དུ་རང་ཉིད་གཅིག་པུས་རྩོམ་དགོས་པ་མ་ཟད་གསར་རྩོམ་བརྩམས་ཆོས་ཡིན་པ་དང་པར་དབང་གནད་དོན་མེད་པ་ཡིན་དགོས།

དྲུག ཤོག་བུའི་ཆ་ཚད།

   ༡.རྒྱ་ཤོག་ལ་སྤྱིའི་རིང་ཚད་137cmདང་།   ཞེང་ཚད་ལ་69cmཅན་གྱི་ཤོག་བུ་ཚད་ལྡན་ལས་མི་ཆུང་བ།   བོད་ཤོག་ལ་རིང་ཚད་ལ་130cmཞེང་ཚད་ལ་60cmལས་མི་ཆུང་བ།

   ༢.བརྩམས་ཆོས་འབྲི་སྟངས་ངེས་པར་གོང་ནས་གཤམ་ལ་འབྲི་བ་ལས་འཕྲེད་དུ་བྲིས་མི་ཆོག

    ༣.འགྲན་ཞུགས་པས་ངེས་པར་དུ་བརྩམས་ཆོས་ཀྱི་རྒྱབ་ཕྱོགས་ཀྱི་གཡོན་ངོས་སུ་འགྲན་ཞུགས་པའི་མིང་དང་། བརྩམས་ཆོས་ཀྱི་མིང་དང་འབྲེལ་གཏུག་ཁ་པར། འགྲན་ཞུགས་བརྩམས་ཆོས་ཀྱི་བྲིས་རྒྱུན་གྱི་མིང་སོགས་འབྲི་དག

   ༤.འགྲན་ཞུགས་བརྩམས་ཆོས་ཆ་ཚང་ལུང་སྔོན་ཆོས་རིག་མཐོ་རིམ་ནང་བསྟན་གཙུག་ལག་སློབ་གཉེར་ཁང་དུ་ཉར་ཚགས་བྱ་རྒྱུ་ལས་ཕྱིར་བསྐུར་རྒྱུ་མིན།

བདུན།   བྱ་དགའི་རྣམ་གྲངས་གསལ་བཤད།

   ༡.བྱ་དགའ་ཨང་དང་པོ་༡།   ༼བྱ་དགའི་དངུལ་དམངས་སྒོར་དང་གཟི་བརྗིད་དཔང་ཡིག

   ༢.བྱ་དགའ་ཨང་གཉིས་པ་༡།   ༼བྱ་དགའི་དངུལ་དམངས་སྒོར་དང་གཟི་བརྗིད་དཔང་ཡིག

   ༣.བྱ་དགའ་ཨང་གསུམ་པ་༡། ༼བྱ་དགའི་དངུལ་དམངས་སྒོར་དང་གཟི་བརྗིད་དཔང་ཡིག

   ༤.དམིགས་བསལ་འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་༥བདམ་རྒྱུ། ༼འགྲེམ་སྟོན་དཔང་ཡིག༽

བརྒྱད། བརྩམས་ཆོས་དཔྱད་འདེམས།

    སློབ་གླིང་ཁག་གི་ཡིག་གཟུགས་དགེ་རྒན་དག་གཙོ་བྱས་པའི་བོད་ཀྱི་ཡིག་གཟུགས་ཆེད་མཁས་པས་འགྲན་ཞུགས་བརྩམས་ཆོས་ལ་འདྲ་མཉམ་དང་། ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་སྒོ་ནས་ཞིབ་དཔྱད་བྱ་རྒྱུ་ཡིན།

དགུ། བརྩམས་ཆོས་མཇུག་བསྒྲགས།

    ལུང་སྔོན་དགོན་ཆོས་རིག་སློབ་གླིང་གི་ཚོགས་དབུས་དང་བོད་ཀྱི་ཡིག་གཟུགས་འཕྲིན་སྟེགས། གངས་ལུང་རྩོམ་རིག་འཕྲིན་སྟེགས་སོགས་ནས་སྤྱི་བསྒྲགས་བྱ་རྒྱུ་ཡིན།
བཅུ། བརྩམས་ཆོས་སྐུར་ཡུལ།

   ས་གནས། 青海省果洛藏族自治州甘徳县龙恩寺。

   སྐུར་ཡུལ་གྱི་མིང་俄向 འོད་བྱང་།

   ཁ་པར་ཨང་གྲངས18897256332 སྐད་འཕྲིན་ལམ་ནས་འབྲེལ་གཏུགས་བྱ་ཡུལ།