དཀར་མཛེས་གསེར་བྲིས་ཁང་སྒོ་འབྱེད་མཛད་སྒོ།
༢༠༢༤ལོའི་སྤྱི་ཟླ་༣ཚེས་༣༡་ཉིན་དཀར་མཛེས་གསེར་བྲིས་ཁང་གི་སྒོ་འབྱེད་མཛད་སྒོ་དང་བོད་ཀྱི་ཡིག་གཟུགས་དང་ཐང་གའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་དཀར་མཛེས་གེ་སར་རྒྱལ་པོའི་མཁར་གྲོང་དུ་སྤེལ།
ཚོགས་ཐོག་ཏུ་གེ་སར་མཁར་གྲོང་ཡུལ་སྐོར་བདག་གཉེར་ཅུས་ཀྱིས་གཙོ་སྐྱོང་མཛད་ཅིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དབང་ཆེན་གྲགས་པ་ཚོགས་ཞུགས་མཛད་ཅིང་གཏམ་བཤད་གནང་། གཞན་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། སློབ་འབྲིང་དང་པོ་དང་གཉིས་པ། སློབ་ཆུང་གསུམ་པ། ཕན་བདེ་ཐང་གའི་སློབ་གླིང་སོགས་ཀྱི་དགེ་རྒན་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་མི་སྣ་མང་པོ་ལྷན་དུ་འཛོམས་ནས་སྒོ་འབྱེད་མཛད་སྒོ་ལ་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་ཡིགས་གཟུགས་དང་ཐང་གའི་སྐོར་ལ་བགྲོ་གླེང་བྱས། དེ་དང་ཆབས་གཅིག་ཡིག་མཁན་བྱམས་པ་རྡོ་རྗེས་འབྲི་བཞེངས་བྱས་པའི་ཡིག་གཟུགས་བརྩམས་ཆོས་དྲུག་བརྒྱ་ལྷག་བཤམས་སྟོན་བྱས་པ་སོགས་ཀྱི་མཛད་སྒོའི་ནང་དོན་ཕུན་སུམ་ཚོགས་པར་བྱས།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
བརྙན་ལེན་པ། དཀར་མཛེར་གསེར་བྲིས་ཁང་།
གསལ་འགོད་པ། དཔལ་མགོན་ཚེ་རིང་།
|