设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

ལོ་ན་ཆེས་ཆུང་བའི་ཡིག་མཁན་ཆུང་ཆུང་སློབ་མ་ཀུན་བཟང་དབང་མོའི་མཚམས་སྦྱོར་མདོར་བསྡུས།

 二维码 881
发表时间:2024-03-22 00:51作者:ཀུན་བཟང་དབང་མོ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀུན་བཟང་དབང་མོ།


更桑旺姆 (15).jpg


      དངོས་མིང་ལ་ཀུན་བཟང་དབང་མོའམ་སྨྱུག་མིང་ལ་རིག་པའི་སྨྱུག་འཛིན་མ་ཞེས་འབོད་པ་འདི་ནི་སྤྱི་ལོ་༢༠༡༢ལོའི་ཟླ༤ཚེས་༡༦ཉིན་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་དོ་སྣ་སྨུག་པོའི་གྲོང་ཚོར་ལྟེ་ཁྲག་ས་ལ་འཕོས་ཤིང་ལང་ཚོའི་འདབ་མ་མི་ཡུལ་དུ་བཞད།   ཆུང་དུས་ནས་སློབ་སྦྱོང་ལ་ཤིན་ཏུ་དགའ་བའི་བུ་མོ་ཞིག་ཡིན་པ་དང་།   དེ་ནས་ལོ་ལྔའི་སྐབས་སུ་ཤག་ཆུ་བུ་བཅོལ་ཁང་དུ་སློབ་གྲྭར་འགྲིམས་ཏེ་བུ་བཅོལ་ནང་གི་ཡིག་གཟུགས་དགེ་རྒན་སྐར་མ་ལྷུན་འགྲུབ་དང་འཕྲད་དེ་ཡིག་གཟུགས་སློབ་པའི་རྒྱུད་རིམ་ཁྲོད་ཡིག་གཟུགས་ཕུལ་བྱུང་གཟེངས་བསྟོད་ལན་མང་ཐོབ།

      དེ་ནས་རིམ་བཞིན་དགེ་རྒན་རིག་པའི་རལ་གྲིའམ་༼ ཡིག་མཁན་གཅུང་བསླབ་གསུམ ་གྱིས་སློབ་ཚན་གཞན་པ་འཁྲིད་ཞོར་དུ་ཁྱིམ་བདག་གིས་བུ་མོ་ལ་ཡིག་གཟུགས་སྦྱོང་རྒྱུའི་རེ་བ་ཤིན་ཏུ་ཆེ་བ་དང་དགེ་རྒན་ཁོང་གིས་ཀྱང་ཡིག་གཟུགས་ཡོད་ཚད་ཆེ་ཆུང་དབུལ་ཕྱུག་གྲགས་ཞན་མེད་པར་ཀུན་ལ་བསླབ་ཐུབ་པ་ཞིག་བྱུང་ན་སྙམ་པའི་སེམས་ཤུགས་དང་གཞན་ལ་ཕན་རེ་ཨེ་ཐོགས་སྙམ་པའི་འདུན་པ་ཤིན་ཏུ་ཆེ་སྟབས།    ཁོང་གིས་ཁོམ་སྐབས་དང་བསྟུན་ནས་དངོས་དང་དྲ་ཐོག་གང་རུང་ནས་ཡིག་གཟུགས་ཆེད་སྦྱོང་གི་ལས་འགོ་ཚུགས། སློབ་ཆུང་ལོ་རིམ་ལྔ་པ་འགྲེམ་བཞིན་པའི་སློབ་མ་ཀུན་བཟང་དབང་མོ་ནི་དུས་དེ་ནས་བཟུང་ཡིག་གཟུགས་ཀྱི་སོར་རྩལ་སྤུས་ལེགས་ཆགས་ནས་སྔ་ཕྱི་ད་གསུམ་དུ་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད།   ད་ལྟ་ཡང་ཡིག་གཟུགས་ལ་དགའ་དད་སྤྲོ་གསུམ་དང་སྦྱོང་བརྩོན་ཤིན་ཏུ་ཆེ་བའི་ཡིག་མཁན་ཆུང་ཆུང་ཞིག་ཏུ་ཆགས་ཡོད།   དེ་ནི་དགེ་རྒན་ཞིག་གི་ལྷག་བསམ་ལས་འཁྲུངས་བའི་འབྲས་བཟང་ཞིག་དང་།   ཕ་མ་ཟུང་གི་རེ་འདུན་ལས་བལྟམས་པའི་གངས་ལྷ་མེ་ཏོག་དང་།   སློབ་མ་ཆུང་ཆུང་ཞིག་གི་མ་འོངས་པའི་འོད་སྟོང་ལྡན་པའི་ལམ་བུ་ཞིག་སྟེ།   མིའི་རིགས་ཀྱི་གསོན་ཤུགས་རྒྱས་པའི་མ་འོངས་སྨྱུག་ཐོག་པ་ཞིག་ཏུ་འགྱུར་བའི་སོན་བཟང་ཞིག་ཅི་ལ་མིན།


更桑旺姆 (1).jpg



更桑旺姆 (2).jpg



更桑旺姆 (3).jpg



更桑旺姆 (4).jpg



更桑旺姆 (5).jpg



更桑旺姆 (7).jpg



更桑旺姆 (6).jpg



更桑旺姆 (8).jpg



更桑旺姆 (9).jpg



更桑旺姆 (10).jpg



更桑旺姆 (12).jpg



更桑旺姆 (14).jpg



更桑旺姆 (13).jpg



更桑旺姆 (11).jpg