设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

སྲོལ་རྒྱུན་ཤོག་ཆག་གི་ཁ་བྱང་འབྲི་ཚུལ།

 二维码 109
发表时间:2024-03-14 02:28作者:དྲ་ལམ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

སྲོལ་རྒྱུན་ཤོག་ཆག་གི་ཁ་བྱང་འབྲི་ཚུལ།

    བོད་རིགས་ཀྱི་བྱ་བ་བཟང་ངན་གང་ལའང་ཁ་བཏགས་དང་ཤོག་ཆག་ནི་མེད་དུ་མི་རུང་བ་ལྟ་བུ་ཞིག་ཡིན་ལ་ཤོག་ཆག་གི་ཁ་ཡིག་འབྲི་ཚུལ་ཡང་མི་འདྲ་བའོ། །

       གཅིག གཉེན་སྒྲིག་ལྟ་བུ་ཡིན་ན། ཁྲུང་སའི་བཀྲ་ཤིས་རྟེན་མཚོན་སྒོརཞེས་པའམ་ཡང་ནགསོལ་འབྲས་དོདཅེས་སམ། ཡང་ནནམ་དོདཅེས་ཀྱང་འབྲི་སྲོལ་ཡོད་དེ་ཆང་སའི་རྟེན་འབྲེལ་ཐོག་བུ་དང་མནའ་མ་སོགས་ལ་རྟེན་མཚོན་དུ་གོས་སྣ་སྤྲོད་སྲོལ་ཡོད་པས། དེའི་དོད་དངུལ་ཤོག་ཆག་བརྒྱབ་པས་ན་གོས་དོད་དམ་ན་བཟའི་དོད་དེ་ནམ་དོད་ཅེས་སོ། །ཆང་སའི་རྟེན་འབྲེལ་སོགས་ཀྱི་ཐོག་ཏུ་ལས་ཀ་བྱེད་མཁན་ནམ་ཞབས་ཞུ་བ་རྣམས་ལ་ཤོག་ཆག་སྤྲོད་སྲོལ་ཡོད་པས་དེའི་ཁ་ཡིག་ཏུ་ཁྲུང་རིན་སྒོར་ཞེས་བྲིས་པའི་རྗེས་སུ་སོར་གང་ཙམ་ཕབ་ཏེཕུལཞེས་འབྲི་སྲོལ་ཡོད།

       གཉིས། ཁང་པ་གསར་རྒྱག་གི་ཐོག་བཀབ་པའི་ཐོག་གསོལ་དང་། ཁང་པ་ཡོངས་སུ་གྲུབ་ཏེ་དངོས་སུ་སྤོ་སྡོད་བྱས་ནས་ཐབ་ལ་མེ་གཏོང་བའི་ཉིན་མོ་ཐབ་ཁ་བྲོའམ་ཁང་གསོལ་བཅས་ལ་རྟེན་འབྲེལ་བྱེད་པའི་སྐབས་ཤོག་ཆག་གི་ཁ་ཡིག་ཏུགཟིམ་ཤག་གསར་བཞེངས་ཀྱི་ཞལ་བྲོའི་རྟེན་མཚོན་སྒོརཞེས་པའམ་ཡངགསོལ་འབྲས་དོདཅེས་ཀྱང་བྲིས་ཆོག མདོར་ན་བཀྲ་ཤིས་པའི་བྱ་བ་ཡིན་ཕྱིནརྟེན་འབྲེལ་མཚོན་བྱེདཅེས་པ་ཀུན་ལ་བྲིས་ཀྱང་མ་འགྲིག་པ་མེད།

       གསུམ། དགའ་ཉེ་སྤུན་མཆེད་ནད་ཀྱིས་མནར་ནས་ལུས་པའི་ཚེ་ནད་སྐོར་རྒྱག་སྐབས་ཤོག་ཆག་སྤྲོད་སྲོལ་ཡོད་པས། ཤོག་ཆག་གི་ཁ་ཡིག་ཏུསྙུན་གསོས་དོད་སྒོརཞེས་འབྲི་སྲོལ་འདུག

       བཞི། སྐྱེས་སྐར་རྟེན་འབྲེལ་གྱི་ཤོག་ཆག་གི་ཁ་ཡིག་ཏུའཁྲུངས་སྐར་བཀྲ་ཤིས་རྟེན་མཚོནནམ་ཡང་ནརྟེན་འབྲེལ་མཚོན་བྱེདདམགསོལ་འབྲས་དོདཅེས་ཀྱང་འབྲི་བཞིན་འདུག

       ལྔ། འགྲུལ་པ་ཐག་རིང་དུ་ཐོན་ཁའི་དགའ་སྐྱེལ་བྱེད་པའི་ཤོག་ཆག་གི་ཁ་ཡིག་ཏུཕེབས་རྫོངས་རྟེན་མཚོནནམཕེབས་རྫོངས་དོདཅེས་པའམརྟེན་འབྲེལ་མཚོན་བྱེདཅེས་བྲིས་པའོ། །

       དྲུག རང་ལ་རོགས་བྱེད་མཁན་ནམ་རྟེན་འབྲེལ་ཆེ་མོའི་སྐབས་སུ་རོལ་ཆ་གཏོང་མཁན་དང་མ་བྱན་ཆེ་མོ་བ་ལྟ་བུར་སྤྲོད་བྱེད་དུཐུགས་རྗེ་ལེགས་འབུལཞེས་པའམལེགས་སྐྱེས་སྒོརཞེས་འབྲི་ཡི་ཡོད།

       བདུན། མི་ཤི་བྱུང་བའི་ཚེ་སེམས་གསོའི་ཤོག་ཆག་གི་ཁ་ཡིག་ཏུཐུགས་གསོས་སྒོརཞེས་འབྲི་བ་དང་། དེ་མིན་སྐུ་ཕུང་ཕྱིར་མ་ཐོན་གོང་གི་ཤོག་ཆག་ལདཀར་མེའི་ཞལ་འདེབསཞེས་འབྲི་བ། བདུན་ཚིགས་རྣམས་སུམཆོད་སྤྲིན་ཞལ་འདེབསཞེས་པ་འབྲི་བའོ། །


藏文古代书签 (2).jpg



藏文古代书签 (3).jpg



藏文古代书签 (4).jpg



藏文古代书签 (5).jpg



藏文古代书签 (6).jpg



藏文古代书签 (7).jpg



藏文古代书签 (8).jpg



藏文古代书签 (9).jpg



藏文古代书签 (10).jpg



藏文古代书签 (1).jpg