设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

རྫ་ཆུ་ཁ་སེར་ཤུལ་རྫོང་ནས་ལོ་སར་ཤིས་ཚིག་འབྲི་བའི་བྱེད་སྒོ་སྤེལ་བ།

 二维码 3068
发表时间:2024-02-15 10:11作者:དྲ་མིང་སྟགTiger来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


རྫ་ཆུ་ཁ་སེར་ཤུལ་རྫོང་ནས་ལོ་སར་ཤིས་ཚིག་འབྲི་བའི་བྱེད་སྒོ་སྤེལ།



      ༢༠༢༤ལོའི་སྤྱི་ཟླ་པའི་༢ཚེས་༩ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོངབྱང་སྡེ་ཉི་མ་རྫ་ཆུ་ཁ་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་ལོ་སར་ཤིས་ཚིག་གི་ལེགས་སྐྱེས་སྦྱིན་པའི་བྱེད་སྒོ་སྤེལ།


甘孜州匝曲卡 (1).jpg


      ཉིན་དེ་ནི་ལུགས་རྙིང་གི་ཟླ་༡༢པའི་ཚེས་༣༠སྟེ། བོད་ཤིང་འབྲུག་ལོའི་ལོ་སར་གནམ་གང་གི་ཉིན་མོཡིན་ནའང་། གནམ་རུ་རིག་གནས་སྒྱུ་རྩལ་ཁང་གིས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་པདྨ་གསེར་བྲིས་གླིང་གི་ཡིག་གཟུགས་པ་བསྟན་འཛིན་ཆོས་ལྡན་དང་། ཨ་རིག་རྫའི་ཐུ་བྷོད་གསེར་བྲིས་གླིང་གི་བྲིས་མ་ཆོས་འཛོམས་སྒྲོལ་མ་གཙོ་བྱསཔའི་བྲིས་ཞེན་སློབ་མ་འགའ་དང་། ཆེད་དུ་གདན་ཞུ་བྱས་པའི་གནམ་རུ་ཚང་གི་གཙོ་སྒྲུབ་པའམ་ཡིག་མཁན་སྟག་ཐུབ་བསྟན་ཆོས་འཕེལ་སོགས་ལྷན་དུ་འཛོམས་ནས་རྫོང་དེ་རུ་སྔར་སྤེལ་མ་མྱོང་བའི་བྱེད་སྒོ་འདི་ཞོགས་པའི་སྐྱ་རེངས་དང་འགྲོགས་དེ་གྲ་སྒྲིག་གི་ལས་ལ་ཆས།


甘孜州匝曲卡 (9).jpg


甘孜州匝曲卡 (6).jpg


     བྱེད་སྒོའི་མགོ་ཚུགས་རྗེས་ཡིག་མཁན་ཚོས་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་ལྟར་སྤྱི་ཚོགས་གསར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པའི་བདེ་སྐྱིད་འཚོ་བའི་བསྟོད་དབྱངས་དང་ལོ་སར་བསུ་མའི་ཤིས་ཚིག་སྣ་ཚོགས་ལས་གྲུབ་པའི་ལེགས་སྐྱེས་གང་མང་དགུན་གསུམ་གྲང་ངར་གྱིས་མ་ཁོགས་པར་རིན་མེད་སྐྱེས་འབུལ་དང་ཡུལ་དངོས་གསར་རྩོམ་བྱས


甘孜州匝曲卡 (11).jpg


    གནམ་རུ་ཚང་ནི་༢༠༢༣ལོར་གསར་དུ་བཙུགས་པའི་བོད་ཀྱི་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གཙོ་བྱས་པའི་ལག་ཤེས་ཐོན་རྫས་སྣ་ཚོགས་འགྲེམ་འཚོང་དང་འདོན་སྤྲོད་བྱེད་སའི་རིག་གནས་ཞབས་ཞུ་ལྟེ་གནས་སམ་ཚོང་ལས་ཀྱི་སྤྱི་གཉེར་ཁང་ཞིག་ཡིན་ལ ཁོ་ཚོས་གཙོ་འཛིན་ཞི་ཅིན་ཕིང་གི་རིག་གནས་ཀྱི་ཡིད་ཆེས་དང་། རིག་རྩལ་ལས་དོན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་གཙོ་བོར་བཟུང་ནས། ལོ་ཆུང་སློབ་མ་དང་ས་གནས་མི་དམངས་རྣམས་ལ་ང་ཚོའི་བོད་ཀྱི་སྔོན་ཐོན་རིག་གནས་དང་ཁྱད་པར་དུ་ཡིག་གཟུགས་སྒྱུ་རྩལ་འདི་མང་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་ཅི་ཐུབ་དང་། ལྷག་པར་དུ་ན་གཞོན་དག་ལ་བོད་ཀྱི་ཡིག་གཟུགས་འདིའི་རིན་ཐང་དང་རྒྱུན་འཛིན་དར་སྤེལ་གྱི་དགོས་གལ་སོགས་རྟོགས་སུ་བཅུག་ནས་རིག་གནས་ཀྱི་གདང་ཚོད་མཐོ་རུ་གཏོང་བ་མ་ཟད། འོད་དུ་འཚེར་བའི་ཀྲུང་ཧྭ་རིག་གནས་ཁྲོད་མེད་དུ་མི་རུང་པའི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པའི་ས་ཤེས་གསལ་བོ་བསྐྱེད་རྒྱུར་བརྩོན་པ་ལྷུར་ལེན་བྱས་དང་བྱེད་བཞིན་ཡོད།   


甘孜州匝曲卡 (5).jpg



甘孜州匝曲卡 (3).jpg


         ཉིན་གཅིག་གི་རིང་ལ།   ལོ་སར་ཤིས་ཚིག་ཆེད་དུ་ཐག་ཉེ་རིང་ནས་ཕེབས་པའི་འབྲོག་པ་མང་ཚོགས་ཀྱི་དགོས་མཁོ་མཚམས་མ་ཆད་པསཡིག་འབྲི་བ་རྣམས་ལ་དྲོས་ཇའང་འཐུང་ཁོམམ་བྱུང་མོདཁོ་ཚོར་ཡེ་ནས་སུན་སྣང་དང་བྲལ་ལ། ངལ་བའི་ཚོར་བ་སྤུ་ཙམ་མེད་པར་མང་ཚོགས་ཀྱི་དགོས་མཁོ་བསྐོངས་ཅི་ཐུབ་བྱས


甘孜州匝曲卡 (10).jpg



甘孜州匝曲卡 (8).jpg


         ཉིན་དེདང་ཐོག་གནམ་གཤིས་ཧ་ཅང་ལེགས་པས་ཉི་མའི་དྲོཁོལ་དང་འགྲོགས་པའི་བརྩམས་ཆོས་ཡག་པོ་གང་མང་འབྲི་ཐུབ་པ་དང་། ཕྱི་དྲོ་སྤྲིན་པའི་སྒྲིབ་གཡོག་སྟུག་པོས་ཉི་འོད་ཡོངས་སུ་བཀག་ཏེ་གནམ་གཤིས་གྲང་ལ་བར་སྐབས་ཁ་བའི་འདབ་མ་རེ་ཟུང་རླུང་གིས་ཁུར་ཏེ་གསར་དུ་བྲིས་པའི་ཡིག་གཟུགས་བརྩམས་ཆོས་དང་ལོ་སར་ཤིས་ཚིག་ལ་སྔར་མེད་ཀྱི་གྲང་ར་དང་བཀྲགས་མདངས་མཉམ་དུ་རྒྱས།


甘孜州匝曲卡 (12).jpg



甘孜州匝曲卡 (2).jpg


       སེར་ཤུལ་རྫོང་རྫ་ཆུ་ཁའི་དགུན་དུས་གྱི་གྲང་ངར་ནི་རྣོ་ངར་ལྡན་པའི་སྤུ་གྲི་བཞིན་ཤ་དང་རུས་པའི་གཏིང་ལ་ཟིག་ཅིང་། བྲིས་ཀྱི་ཡོ་བྱད་སྣག་ཚ་དང་། ཤོག་བུ།   སྤུ་སྨྱུག་དང་བྲིས་པ་ཚོའི་ལག་ཟུང་འཁྱག་པས་བསྡམས་ཏེ་འགུལ་སྐྱོད་དང་བཀོལ་སྤྱོད་བྱེད་དཀའ་ནའང་།   བྲིས་པ་བྲིས་མ་ཚོས་སྔར་བཞིན་བྱེད་སྒོའི་མཇུག་སྐྱོང་བའི་ཆེད་དུ་ངར་ཤུགས་དང་ཆོད་སེམས་བརྟན་པོས་གྲང་ངར་གྱི་ཁྲོད་ནས་ས་གནས་མང་ཚོགས་དང་། རྒྱ་ཆེའི་ལྟད་མོ་བ་དང་། ལོ་ཆུང་སློབ་མ། ཁྱིམ་བདག་འདུན་པ་ཅན་རྣམས་ལ་སྔར་མཐོང་མ་མྱོང་བའི་ཡིག་མཁན་གྱི་རང་གཤིས་བརྟན་པོ་ཞིག་གིས་ཡིད་ཀྱི་དང་པ་དང་། མོས་གུསསྤྲོ་བ་མནོས་པའི་དགའ་བསུ་ཚད་མེད་ཀྱི་རྣམ་པ་གསར་བ་དང་བག་ཆགས་གསར་བ་ཞིག་ཡུལ་མི་ཀུན་གྱི་སེམས་ཁོངས་སུ་བཞག


甘孜州匝曲卡 (14).jpg



甘孜州匝曲卡 (4).jpg



甘孜州匝曲卡 (13).jpg



甘孜州匝曲卡 (7).jpg



སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

གསར་འགྱུར། དྲ་མིང་སྟགTiger

རྩོམ་སྒྲིག་པ།   ཚེ་རིང་སྒྲོལ་མ།

ཡིག་གཏགས།མགོན་པོ་དོན་གྲུབ།

ཞུ་དག་པ།དཔལ་མགོན་ཚེ་རིང་།