设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

རྭ་རྒྱ་རྟ་མགྲིན་སྐྱིད།

 二维码 5138
发表时间:2024-02-12 09:30作者:རྭ་རྒྱ་རྟ་མགྲིན་སྐྱིད།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


རྭ་རྒྱ་རྟ་མགྲིན་སྐྱིད།

༢༠༢༤ལོའི་དུས་ཚིགས་དང་པོའི་གངས་ལྗོངས་བུ་མོའི་ཕུལ་བྱུང་དཔེ་ཚུགས་བྲིས་མའི་གཟེངས་རྟགས་ཐོབ་པའི་ཡིག་མཁན།


16.jpg

   རྭ་རྒྱ་རྟ་མགྲིན་སྐྱིད་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞིའི་སློབ་མ་ཞིག་ཡིན་ལ། ༡༩༩༨ལོའི་ཟླ་༢པའི་ཚེས་༡༡ཉིན་ཕ་ཡུལ་རྭ་རྒྱ་ནས་སྐྱེས། ༢༠༡༢ལོར་རྭ་རྒྱ་བོད་ཡིག་བཅའ་སྡོད་སློབ་ཆུང་ནས་མཐར་ཕྱིན། ༢༠༡༥ལོར་རྭ་རྒྱ་བོད་ཡིག་བཅའ་སྡོད་སློབ་འབྲིང་ནས་མཐར་ཕྱིན། ༢༠༡༨ལོར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན། མཐོ་གཉིས་སྐབས་སུ་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས་རྒྱུན་འཛིན་དཔང་ཡིག་དང་མཐར་ཕྱིན་ལག་རྟགས་ཐོབ། ༢༠༢༡ལོར་མཚོ་སྔོན་མཐོ་རིམ་ལག་རྩལ་སློབ་ཆེན་ནས་མཐར་ཕྱིན། ༢༠༢༡ལོའི་ཟླ་༡༠པའི་ནང་མགོ་ལོག་སྡེར་ནང་ས་བྲིས་བྲིས་རྒྱུན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས་མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱལ་ཁབ་རིམ་པའི་ཚབ་མཚོན་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ལགས་ཀྱི་མདུན་ནས་མགོ་ལོག་སྡེར་ནང་ས་བྲིས་ཀྱི་ཡིག་ཆེན། ཡིག་ཆུང་། འབྲུ་ཚ་བཅས་ཆ་ཚང་སྦྱངས་པ་མ་ཟད། ལག་ལེན་མན་ངག་ཆ་ཚང་བར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་རའི་སྡེར་ནང་ས་བྲིས་བྲིས་རྒྱུན་ཞིབ་འཇུག་ལྟེ་གནས་དང་མགོ་ལོག་ཁུལ་སྡེར་ནང་ས་བྲིས་བོད་ཡིག་ཁྲིད་སྦྱོང་ས་ཚུགས། གཅིག་སྒྲིལ་རྫོང་རྨ་གཡང་ལྷ་མཁར་ཕྱུག་མོ་བཅས་ལ་རྒྱབ་བརྟེན་ནས་མི་ལོ་གསུམ་ཀྱི་རིང་དུ་སྦྱངས་ཤིང་། ཞོར་དུ་གཞུང་བྲིས་ཚུགས་རིང་། འཁྱུག་བྲིས། དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན། ལཉྫཱ་སོགས་ཀྱང་བྲིས་རྒྱུན་མ་ནོར་བ་བླངས་ཏེ་གང་འཚམ་གྱི་གྲུབ་འབྲས་ཐོབ། ༢༠༢༢ལོར་སྡེར་ནང་ས་བྲིས་གཙུག་ལག་གསེར་བྲིས་གླིང་དུ་ཞུགས་ནས་༼གླིང་གེ་སར་སྙན་སྒྲུང་ཡོངས་འདུས་ཆེན་མོ་༽ འབྲི་བཞེངས་ལས་ཁ་ཆེའི་གཡུ་རྫོང་གཡུ་བྲིས་བྱས། ༢༠༢༣ལོར་ཕ་ཡུལ་རྭ་རྒྱ་རུ་ས་བྲིས་སྒྱུ་རྩལ་བྲིས་ཤག་ཅེས་པ་ཞིག་སྒོ་འབྱེད་བྱས།

     ཁོ་མོས་ལོ་ངོ་གསུམ་གྱི་རིང་ལ་ཡིག་གཟུགས་ཀྱི་དགའ་མོས་སྙིང་ལ་བཅངས་ནས། དཀའ་སྤྱད་འབད་བརྩོན་གྱིས་ངལ་བ་དང་དུ་བླང་བའི་བརྩམས་ཆོས་དག་ལ་དཔྱད་འདེམ་གྱི་གོ་རིམ་དུ་མ་བརྒྱུད་དྲ་ལམ་འགྲེམ་སྟོན་དུ་ཚུད་པ་མ་ཟད། ༢༠༢༤ལོའི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་གངས་ལྗོངས་ཕུལ་བྱུང་བྲིས་མའི་གསེར་གྱི་མྱུ་གུའི་མཚན་རྟགས་དང་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་རྒྱལ་ཡོངས་ཡིག་རྩལ་རིམ་རྒྱུགས་ལ་ཞུགས་པའི་ཆོག་མཆན་དང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ལོ་གཅིག་གི་དྲ་ལམ་འགྲེམ་སྟོན་བཅས་ཆོག་མཆན་གསུམ་མཉམ་དུ་ཐོབ།


1.jpg


2.jpg


3.jpg


4.jpg


5.jpg


6.jpg


7.jpg


8.jpg


9.jpg


10.jpg


11.jpg


12.jpg


13.jpg


14.jpg


15.jpg


17.jpg


18.jpg


19.jpg


20.jpg


21.jpg


22.jpg


23.jpg


སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།   ཚེ་རིང་སྒྲོལ་མ།

ཡིག་གཏགས།   མགོན་པོ་དོན་གྲུབ།

ཞུ་དག།    དཔལ་མགོན་ཚེ་རིང་།