ཡིག་རྒྱུན་དར་སྤེལ་རྒྱུད་འཛིན་ལ་མཛད་པ་འཕྲིན་ལས་རྒྱ་ཆེར་སྤེལ་བའི་བོད་ཀྱི་གསེར་བྲིས་ཁེ་ལས།
པདྨ་གསེར་བྲིས་གླིང་ངམ་སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་དགོན་པའི་དགེ་བའི་བཤེས་གཉེན་ནམ་བོད་ཀྱི་ལྷ་རིས་སྒྱུ་རྩལ་བའམ་ཡིག་མཁན་ཆེ་མོ། བསྟན་བཞེང་འཆར་འགོད་པ་རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་གདན་འདྲེན་ཞུས་ཏེ། ༢༠༢༤ལོའི་ཟླ༡ཚེས་༡ཉིན་ནས་ཟླ་༢ཚེས་༣་བར་གྱི་ཟླ་ངོ་གཅིག་ལྷག་གི་རིང་ལ། མདོ་སྨད་བླ་བྲང་དགོན་པའི་དཔང་ལོའི་ཕྱག་རྒྱུན་དུ་གྲགས་པའི་ལཉྫ་དང་ཝརྟུའི་བྲིས་རྒྱུན་ནང་འདྲེན་བྱས་ནས་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་འབྱོར་བའི་བྲིས་ལ་གཞོལ་མཁན་གྱི་སློབ་མ་༢༠ལྷག་ལ་གསབ་སྦྱོང་དཔེ་ཁྲིད་མཛད།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
གསར་འགྱུར། ཆོས་འཁོར་བསྟན་འཛིན་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་གཏགས། མགོན་པོ་དོན་གྲུབ།
ཞུ་དག དཔལ་མགོན་ཚེ་རིང་།
|